སྨན་རྩིས་དྲ་བ། - ནད་འབུམ་ནག་པོ།

ལེའུ་བཅུ་གཉིས་པ། ཚ་བ་སྤྱི་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 03.01.2024
ནད་འབུམ་ནག་པོ། >>

ལེའུ་བཅུ་གཉིས་པ། ཚ་བ་སྤྱི་བཅོས་པ།

དེ་ནས་ཡང་གསོ་བ་རིག་པ་འཛིན་པའི་དཔྱད་བུ་ཁྲི་ཤེས་ཀྱིས་གསོལ་བ། །ཀྱེའེ་[ཀྱེ་]མཚོ་[འཚོ་]མཛད་སྨན་པའི་རྒྱལ་པོ་ཆེན་པོ་ལགས། །ཁོང་ནད་གྲང་བའི་གསོ་ཐབས་དེ་ལྟར་ན། །མདོ་གནས་གསུམ་པ་ཚ་བ་གསོ་བའི་སྐབས་ལ་ཅི་[ཇི་]ལྟར་བསaཌྷབ་པར་བགྱི། དེ་སྐད་ཞུས་པས་སྟོན་པས་བཀའ་སྩལ་[བསྩལ་]པ། །དཔྱད་བུ་ལ་སོགས་གསོ་བ་འཛིན་པ་ཀུན། མདོ་གནས་ཚ་བའི་སྐབས་ལ་གཉིས་ཡིན་ཏེ། །ཚད་པ་དང་ནི་རིམས་ཀྱི་གསོ་ཐབས་ལ། །དང་པོ་ཚ་རིམས་སྤྱི་རུ་བཅོས་ཐབས་འདི་ལ་གསུམ། །སྤྱིར་ཡང་ཚ་བའི་ནད་དར་སྣ་མང་འཁྲུལ་སོ་ཆེ། །དང་པོ་ངོས་བཟུང་དང་ནི་བཅོས་པ་དཀའ། །དེ་ནས་རྒྱས་སླ་མྱུར་དུ་སྲོག་འཕྲོག་བྱེད། །འདི་ཤེས་གྲང་བ་ཞོར་ལ་ཤེས་པར་འགྱུར། །དེ་ནས་ཁྱོད་ཀྱི་ཞུས་པ་རིག་པ་བཀྲ། །གསོ་རིག་འཛིན་པ་འདི་ལ་རིག་པ་གཏད་[གཏོད]། །འདི་ལ་རྒྱུ་དང་རྐྱེན་ངོ་བོ་མིང་དང་བཞི། །དབྱེ་བ་རྟགས་དང་བཅོས་པའི་ཐབས་བརྒཡད་[དྲུག་]བརྟན། །དང་པོ་ཚད་པའི་ནད་ཀྱི་རྒྱུ་བརྟེན་ནི། །རིང་དང་ཉེ་བའི་རྒྱུ་ནི་རྣམ་པ་གཉིས། །རིང་རྒྱུ་མ་རིག་ལས་བྱུང་ཞེ་སྡང་སྟེ། །ཚད་འཁྲིས་[མཁྲིས་]རྒྱུ་ནི་ཞེ་སྡང་ཡིན་པའོ། །ཞེ་སྡང་རྒྱུ་ནི་རྒྱུ་ནི་རྩ་བ་མ་རིག་པ། །མ་རིགས་[རིག་]པ་ལ་འཁོར་བའི་བོན་བྱུང་ཕྱིར། །མ་རིག་པའི་སྡུག་བསྔལ་ཀུན་བསྐྱེད་དོ། །ཉེ་རྒྱུ་རྣམས་[རྣམ་]པར་མ་གྱུར་མཁྲིས་པ་སྟེ། །ཅི་སྟེ་མཁྲིས་པའི་ངོ་བོ་ཚ་ལ་རྣོ། །ཐང་ལ་ལྷག་གནོད་ཟུངས་དང་དྲི་མ་བསྲེག་པའི་ཕྱིར། །ཚ་བ་ཀུན་གྱི་རྒྱུ་ནི་མཁྲིས་པ་ཡིན། །མཁྲིས་པ་མེད་ན་ཚད་པའི་ནད་མི་འབྱུང་། །དེ་ལྟར་རྣམ་པར་མ་གྱུར་མཁྲིས་པ་དེ། །འཕེལ་བྱེད་རྣམ་པར་གྱུར་(པའི་)རྐྱེན་བཞི་ཡོད། །དུས་དང་གདོན་དང་ཟས་དང་སྤྱོད་ལམ་བཞི། །སྤྱི་རུ་དུས་བཞི་དམན་ལྷག་ལོག་པ་དང༌། །ཁྱེད་[ཁྱད་]པར་སྟོན་དཔྱིད་ཚད་ཚ་བའི་དུས་རྐྱེན་ཡིན། །གཉིས་པ་གདོན་ནི་སྔོན་ལྷ་གྲག་པོར་མཁྲིས་[དྲག་པོ་ཁྲོས་]པའོ། །མྱུར་བའི་མཆོད་སྦྱིན་ལས་གྱུར་དཔྲལ་བའི་མིག །མ་མོ་བཙན་དང་གཉེན་འཁྲུག་[གཉན་འཁྲུགས་]གལོན་ལས་བྱུང་། །གསུམ་པ་ཟས་ནི་ཚ་སྐྱུར་ལེན་ཚ་[ལན་ཚྭ་]བྲོ་བའི་རོ། །ཤ་ཆང་བུ་རམ་དྲོད་བཅུད་བསྟེན་དྲགས་ཡིན། །བཞི་པ་དལ་བར་སྡད་[བསྡད་]དང་དེའི་[འདུག་]རྗེས་(དྲག་)པོའི་ལས། །གུང་ཚད་གཉིད་ལོག་བང་འགྲོས་ཉེས་[ཉེན་]པ་དང༌། །མི་ཐེག་ཁུར་པོ་ཁུར་དང་པ་ན་བསྐོས་[ས་སྲན་བརྐོས]། །གཞུ་སྲན་བཀང་འཐེན་འཐབ་འཛིངས་ངག་ལས་མང་། །རྟག་བརྟབས་[རྟས་བརྡབས་]གཡང་ལྷུང་ཐིབས་[འཐིབས་]འོག་ཚད་[ཚུད་]པ་དང་། །རྡོ་དང་དབྱུག་པས་བརྡུང་བའི་རྐྱེན་གྱིས་སློང་། །དེ་རྣམས་ཚ་བ་སྤྱིའི་རྐྱེན་ཡིན་ཡང་། །ཁྱད་པར་དུས་དང་གདོན་གྱིས་མ་བསྐྱེད་རིམས་མི་འབྱུང་། །ཟས་སྤྱོད་གཉིས་ཀྱིས་མ་བསྐྱེད་འཁྲུགས་མི་འབྱུང༌། །སྤྱོད་ལམ་མ་བསྐྱེད་འགྲམས་ཞེས་འབྱུང༌བ་ཡིན་[མིན]། །ཁྱེད་[ཁྱད་]པར་དུག་ཚད་ཁ་ཟས་རྐྱེན་ཡིན་ནོ། །དཔེར་ན་མེ་ལ་ཤིང་བསྣན་རླུང་ཞུགས་འདྲ། །རྐྱེན་བཞུགས་[ཞུགས་]མཁྲིས་པས་བསྐྱེད་པས་ཚད་ནད་འོང་། །དེ་ལྟར་ཚ་བ་བྱ་བའི་ངོ་བོ་ཡིན་[ནི]། །གཉིས་པ་མཁྲིས་པའི་ངོ་བོ་ཐང་ལ་ལྷུང་བ་དང་། །ཐང་ལ་ལྷག་པའི་ཚ་བའི་རྟགས་འབྱུང་སྟེ། །མཁྲིས་པ་སྣུམ་དང་བཅས་པས་ངོ་གདོང་སྣུབ་[གདོང་སྣུམ]། །ཚ་ལ་རྣོ་བས་མྱུར་དུ་སྨིན་པར་བྱེད། །ཚ་བས་མེ་དྲོད་ཆེ་བ་ཡིན། །ཡང་བས་གཉེན་པོ་ཟློག་དཀའ་[ཁ་]ཡང་། །དྲི་སྣོམ་རུལ་དང་དྲི་མ་ཆེ། །གཤེར་བས་འཁྲུ་ཁྲག་ཆ་མོད་ཁམ་[སླ་བ]། །རྟག་[རྟགས་]འདི་བྱུང་ན་ཚ་བ་ཡིན་པར་བཟུངས་[བཟུང་]། །གསུམ་པ་གནོད་བྱེད་[བྱ་]བསྲེགས་པས་ཚ་བ་ཅེས་ཀྱིས་[ཞེས་ཀྱང་]བྱ། །བཞི་པ་ཚ་བ་དབྱེ་ན་རྣམ་པ་བདུན་ཡིན་ཏེ། །བརྟེན་[རྟེན་]དང་དུས་དང་ཉེས་པ་དང་། །གནས་དང་རྒྱུད་དང་གནས་སྐབས་དང་། །རིག་[རིགས་]ཀྱི་སྒོ་ནས་དབྱེ་དང་བརྒྱད་[བདུན་]ཡིན་ཏེ། །རྟེན་ནི་བྱིས་པ་དར་མ་རྒོད་[རྒན་]པོ་གསུམ་གྱི་ཚ། །དུས་ཀྱིས་དབྱེད་[དབྱེ་]ན་ཚད་པ་གསར་རྙིང་གཉིས། །ཉེས་པས་དབྱེ་ན་རླུང་མཁྲིས་བད་ཀན་དང༌། །ཁྲགས་[ཁྲག་]དང་ཆུ་སེར་ཚ་བ་ལྔ་ཡིན་ནོ། །གནས་ཀྱིས་དབྱེ་བ་ཕྱི་ནང་བར་གསུམ་སྟེ། །ཕྱི་ནི་ཤ་ལྤག་[པགས་]ཚ་བ་བར་ཆད་[ཚད་]རྩ་རུ་ཚ། །ནད་[ནང་]ཚད་དོན་དང་སྣོད་ལ་བབས་པའི་ཚད་པའོ། །རྒྱུད་ཀྱིས་དབྱེ་བ་རང་རྒྱུད་ཅན་དང་གཞན་རྒྱུད་ཅན། །རང་རྒྱུད་ཅན་དེ་རྐྱང་པར་རང་བརྟག་བསལ་[རྟགས་གསལ]། །གཞན་རྒྱུད་ཅན་ལ་རྟན་[ལྡན་]ཚད་འདུས་ཚད་གཉིས། །གནས་སྐབས་དབྱེ་ན་རྣམ་པ་དྲུག་ཡིན་ཏེ། །མ་སྨིན་རྒྱས་སྟོང་[སྟོངས་]གབ་རྙིང་[རྙིངས་]བརྙེང་[རྙོགས་]པའོ། །རིགས་ཀྱིས་དབྱེད་[དབྱེ་]ནས་[ན་]འགྲམས་དང་འཁྲུགས་པ་དང་། རིམས་དང་དུག་གི་ཚད་པ་བཞི་ཡིན་ནོ། །ལྔ་པ་ཚ་བའི་རྟགས་ལ་གཉིས་ཡིན་ཏེ། །འགྱུར་མེད་དངོས་[ངོས་]ཀྱིས་བཟུང་དང༌སྤར་[སྤང་]བླང་ཁ་དམར་བཞི། །དང་པོ་དངོས་བཟུངས་[ངོས་བཟུང་]སྤྱི་དང་བྱེ་བྲག་གཉིས། །སྤྱི་ཡི་རྟགས་ལ་ཕྱི་ནང་གསང་བ་གསུམ། །ཕྱི་རྟགས་སློང་བ་རྒྱུ་རྐྱེན་སྒོ་ནས་བརྟག །ནང་བརྟག་[རྟགས་]མཚན་ཉིད་རྟག་[རྟགས་]ཀྱི་སྒོ་ནས་བརྟག །གསང་བ་ན་[ཕན་]གནོད་བརྟེན་[བསྟེན་]པའི་སྒོ་ནས་བརྟག །སློང་བ་རྒྱུ་རྐྱེན་སྒོ་ནས་བརྟག་པ་ནི། །གོང་གི་ཟས་སྤྱོད་རྐྱེན་ལ་[ལས་]ཤེས་པར་བྱ། །མཚན་ཉིད་རྟག་[རྟགས་]ཀྱི་སྒོ་ནས་བརྟག་པ་ནི། །སྤྱིར་ནི་ཚ་བའི་རྩ་ནི་གསུམ་དུ་འཕར་བ་སྟེ། །མགྱོག་[མགྱོགས་]པ་གྲངས་ཚ་རྒྱས་པ་དཔངས་ཚད་རྩ། །གྲིམས་ལ་མྱུར་ན་ཤུགས་ཀྱི་ཚ་བ་ཡིན། །ཆུ་མདོག་དམར་སེར་དྲི་དུག་[དུགས་]རླངས་པ་ཆེ། །མགོ་ན་ཤ་ཚ་ཁ་ཁ་ཁ་རོ་སྐྱུར། །ལྕེ་སྟེང་བད་ཀན་ཆགས་ལ་ཁ་སྣ་སྐམས། །མིག་སྤྲིན་དམར་སེར་གཟེར་བ་ཕུར་ཚུགས་གཟེར། །ལུད་པ་དམར་སེར་ཚ་[ཚྭ་]བྲོ་སྐོམ་དད་ཆེ། །ཁྲག་མཁྲིས་འཁྲུ་སྐྱུག་དྲོད་ཆེ་ནད་དྲི་མནནམ་[མནམ]། །མཚན་ལ་ཉིད་[གཉིད་]ཆུང་ཉིད་[ཉིན་]གཉིད་བགག་མི་ཐུབ། །ཉིན་མཚན་གུང་སྟེ་ཟ་མ་ཞུས་[ཞུ་]དུས་ལྡན་[ལྡང་]། །དེ་དག་མཁྲིས་པའི་དྲོད་འཕེལ་ཚ་རྟགས་ཡིན། །གསང་རྟག་[རྟགས་]ཕན་གནོད་བརྟེན་[བསྟེན་]པའི་སྒོ་ནས་བརྟགས་པ་ནི། །ཟས་སྤྱོད་སྨན་དཔྱད་ཆུ་བཞི་བརྟེན་[བསྟེན་]པ་ཡིས། །ཚ་གྲང་འཕྲོད་དང་མི་འཕྲོད་གོམས་པས་ངོ་[ངེས་]ཤེས་བསྐྱེད། །གཉིས་པ་བྱེ་བྲག་སོ་སོ་མི་འགྱུར་རྟགས་བརྟེན་[བསྟེན་]པ། །སྤྱི་རྟགས་དེ་རྣམས་ཀུན་ཁྱབ་གཞི་གཞག་[གཞིར་བཞག་]སྟེ། །དང་པོ་བརྟེན་[བསྟེན་]པའི་ཚ་བ་རྒན་གཞོན་རིམ་པར་ཤེས། །གཉིས་པ་དུས་ཀྱི་ཚ་བ་གསར་རྙིངས་ཡུན་གྱིས་ཤེས། །གསུམ་པ་ཉིས་[ཉེས་]པའི་ཚ་བ་སྡོང་ཟླའི་རྟགས་ལས་དཔག །གཡལ་འདར་གཉིད་སངས་ལུས་རྩེ་[བརྩེ་]རླུང་ཚད་ཡིན། །ཁ་ཁ་མིག་ཆུ་སེར་ན་མཁྲིས་ཚད་ཡིན། །ལྗི་[ལྕི་]རྨོངས་ཟས་མི་འཇུ་ན་བད་ཀན་ཚ་བ་ཡིན། །མིག་ཆུ་དམར་ལ་གཟེར་འདྲིལ་ཁྲག་ཚད་ཡིན། །གཡོ་སྐྲངས་ཟ་འཕྲུག་ཤུ་ཐོར་ཆུ་སེར་ཚ། །བཞི་པ་གནས་ཀྱི་ཚ་བ་ཕྱི་ནང་བར་གསུམ་ལ། །འཇུག་སྒོ་གར་ཞུགས་དྲུག་གིས་གར་གནས་གསལ། །ལྔ་པ་ཚ་བ་རང་རྒྱུད་ཅན་དེ་རང་རྟགས་སོ་སོར་ཤེས། །ལྡན་ཚད་རླུང་ལྡན་གཅིག་གྲོགས་གཅིག་གིས་བྱེད། །དཔེར་ན་གཉེན་བཤེས་མཐུན་པ་ལས་བྱེད་འདྲ། །བད་ཀན་ཚ་ལྡན་ཚ་གྲངས་[གྲང་]འཐབ་པར་བྱེད། །དཔེར་ན་མི་མཐུན་མི་རིག་[རིགས་]གཉིས་འཚོགས་འདྲ། །གསུམ་འདུས་ཚ་བ་དུས་ངན་ཤར་པོ་འདྲ། །ཁོ་ལས་ང་དྲགས་[དྲག་]གཅིག་འོག་གཅིག་མི་ཚུད། །དེ་དག་ལྡན་ཚད་འདུས་པའི་ཚ་བ་སྟེ། །བསིལ་དྲོད་གཉེན་པོ་གང་འོས་བརྟེན་[བསྟེན་]པ་ཞི་[བས་ནི]། །དང་པོ་ཕན་སྙམས་[སྙམ་]བྱེད་ཅིང་བསྟུད་ན་གནོད་པས་ཤེས། །དྲུག་པ་མ་སྨིན་འབྲུམ་[ཕྲུམ་]སེར་འོང་ཞིང་སྲོད་དུས་ན། །རྒྱས་ཚད་ཚད་པའི་རྟགས་ཀྱང་རྫོགས་པར་འོང་། །སྟོང་[སྟོངས་]ཚད་བསིལ་གྱི་གཉེན་པོ་བསིལ་[བསྟེན་]ནས་འཕེལ། །གབ་ཚད་དྲོད་བཅུད་བསྲིས་ཅིང་[བསྲིངས་ཀྱིན་]གནོད་བས་[པར་]ཚོར། །རྙིངས་པའི་ཚ་བ་ཡུན་སོང་འགྱུར་[གྱུར་]པས་ཤེས། །སྙོངས་[རྙོགས་]ཚད་རྔུལ་མང་སྤུ་རྩེ་[བརྩེ་]སྣ་རྐང་གདོང་གཡོ། །བདུན་པ་རིམས་ཚད་མགོ་ན་ཟ་ཟི་གྲང་ཤུམ་བྱེད། །འཁྲུགས་ཚད་གཟེར་དང་ལུད་པ་དབུགས་མི་བདེ། །འགྲམ་[འགྲམས་]ཚད་སྤྱོད་ལམ་དྲགས་[དྲག་]ཤུལ་རྟིང་ན་ན། །དུག་ཚད་ཁོལ་བུར་ནད་ལ་ནད་རྟག་[རྟགས་]མང༌། །འདི་དག་མི་འཁྲུལ་ངོ་[ངོས་]བཟུང་བྱ་བ་ཡིན། །གཉིས་པ་སྤང་བླང་མུ་བཞིར་ཁ་དམར་གདག་[གདགས་]པ་ནི། །རྩ་རྒྱུད་སྦོམ་ཞིང་འཕྲ་[ཕྲ་]ལ་འགྱུར་ལྡོག་ཆུང༌། །ཆུ་མདོག་གསལ་དངས་ལྕེ་རླན་གཏར་ཁྲག་བྱེད། །ལུད་པ་འགག་རླ་[འགོགས་སླ་]གཟེར་ཆུང་རྔམ་པ་བདེ། །ཟས་ལེན་ཤད་[ཤེད་]ཆེ་སྨན་དཔྱད་གང་བྱས་ལན་[ལེན]། །གང་ལྟར་ན་ཡང་འཚོ་བ་སླབ་[སླ་]བ་ཡིན། །འཆི་ལྟས་མེད་ཀྱང་ནད་ཀྱི་སྟོབས་ཆེ་ལ། །འཐོེར་བུ་འགྱུར་ལྡོག་མང་ན་འཚོ་བ་དཀའ། །འཆི་རྟགས་རྩ་ཆུ་ལུད་པ་ཁྲག་དང་དབུགས། །ནད་སྟོབ་[སྟོབས་]གཟེར་བ་ལུས་ཤེད་དབང་པོ་དགུ་མ་[ལ་]བརྟགས། །རྩ་རྒྱུད་འདར་སྤུན་སྡོད་དང་འཚུབ་པ་འཆི། །ཆུ་རྟག་[རྟགས་]ཁོང་ལོག་སྲི་འཆོར་སོང་[སངས་]ན་འཆི། །ལུད་པ་དུད་ཁུ་ཤ་སྐྱོ་འདྲ་བ་ལ། །མང་གསོག་གྲེ་བར་བྱི་ལ་དྲན་པ་འཆི། །གཏར་བས་ཁྲག་མེད་ཡང་ན་མཚལ་འདྲ་འམ། །ཆད་པོ་ནག་རྩིགས་བྱུང་ན་འཆི་བ་ཡིན། །དབུག་[དབུགས་]ལ་རྟག་[བརྟག་]པ་ལས་སྤྱོད་གཉིད་གྱུར་ཡང་། །རྔམ་པ་མི་བདེ་ཐུང་ལ་རྩེག་ན་འཆི། །ནད་ལ་རྟགས་འཐེམས་གནེན་པོ་མི་ལེན་ཅིང་། །(འགྱུར་)ལྡོག་མང་ནས་འདྲེ་ཁ་རྒོད་ན་འཆི། །དབང་པོ་ལ་རྟག་[བརྟག་]མིག་བཟློག་[ལྡོག་]ཁོང་དུ་བྲོས། །སྣ་ལ་[རྣ་བ་]འབྱར་སྙིང་[སྙེ་]སྣ་སྐམ་བ་སྐྱ་ཆགས། །མཆུ་བརྗེས་[བརྫེས་]སོ་ནག་ལྕེ་སྐམས་ཕུགས་སུ་བྲོས། །གདོང་ལ་རྔུལ་ཆགས་སྨྲ་མང་གསལ་ཆ་ཆུང་། །ཟས་སྐོམ་བོར་ན་ངེས་པར་འཆི་བ་ཡིན། །དེ་ཡང་འཆི་རྟགས་འདྲར་[འདྲ་]སྣང་མ་[མང་]ཉུང་ཕྱོགས་མཐུན་བཅོས། །གཉེན་པོ་ལེན་དང་མི་ལེན་བསྐྱོད་བརྟག་ལ། །འཆི་ལྟས་སྣང་ཡང་བཅོས་སྨན་ལེན་པ་ན། །འཆི་བ་མ་ངེས་འདྲེར་[འདྲ་]སྣང་ཡིན་སྲིད་འཚོ་བ་བརྩམ། །ནད་འབུམ་ཀུན་ལ་འཆི་རྟགས་མི་འབྱུང་བས། །ནད་ཅིག་ལ་ནི་འཆི་ལྟས་ཀུན་མི་འབྱུང༌། །དེ་བས་འཆི་ལྟས་མང་ལ་བཅོས་སྨན་ལེན་པ་ནི། །ལས་དབང་འཆི་བར་ངེས་པ་ཐབས་ཀྱིས་སྤོངས། །དྲུག་པ་ཚ་བ་དེ་དག་བཅོས་ཐབས་ནི། །སྤྱི་དང་བྱེ་བྲག་སོ་སོར་བཅོས་ཐབས་གཉིས། །དང་པོ་སྤྱི་ལ་བཅོས་ཐབས་གསུམ་ཡིན་ཏེ། །ནད་དང་གཉེན་པོ་སྤྲད་ནས་བཅོས་ཚུལ་དང༌། །ཚ་བ་དུས་ལས་མི་འདའ་བའི་གདམ་[གདམས་]པ་དང༌། །ཚ་བའི་དངོས་པོ་འཇོམས་པའི་གཉེན་པོའི་[པོའོ]། །དང་པོ་བཅོས་ཚུལ་ནོར་ན་གཉེན་པོ་མི་ལེན་པས། །གང་ལ་གང་འཚམས་སྒོ་ནས་བཅོས་པར་བྱ། །ཚ་གྲང་འདྲེས་ན་གཉེན་པོ་མི་ལེན་པས། །འདྲེས་པ་ཕྱེ་ལ་ནད་དང་གཉེན་པོ་སྤྲད། །བྱེར་ཞིང་འགྲམས་ན་གཉེན་པོ་མི་ལེན་པས། །བྱེར་བསྡུས་ནད་ཀྱི་ངོ་བོ་གཞོམ་དང་གསུམ། །དང་པོ་ནད་དང་གང་འཚམས་བཅོས་ལུགས་ནི། །ལུས་ཟུངས་ན་ཚོད་སྦྱོར་ལ་བཅོས་པ་ནི། །ལུས་ཟུངས་འབྲིང་དང་བྱིས་པའི་ཚ་བ་ནི། །གཉེན་ལྟར་བྲིད་དེ་བཅོས་སྨན་ཁད་ཀྱིས་བྲིད། །སྨན་དང་ཟས་སྤྱོད་བསིལ་བས་ཚ་བ་བྲིད། །ལུས་ཟུངས་དར་བའི་[མའི་]ཚ་བ་དགྲ་ལྟར་གསོད། །ཟས་སྤྱོད་སྨན་དཔྱད་ཆུ་བཞིས་འཕབ་[ཕབ་]པ་ཡིན། །ལུས་ངན་རྒོད་[རྒད་]པའི་ཚ་བ་བུ་ལྟར་གསོ། །གསོར་[གསར་]བཅོད་ཀྱིས་ཟུངས་གསོ་བསིལ་འཇམ་གྱིས་ལུས་གསོ། །གཉིས་པ་ནད་སྟོབས་དུས་དང་སྦྱར་ལ་བཅོས་པ་ནི། །སྟོབས་ལྡན་རྒྱས་པའི་ཚད་ལ་ཏོག་ལྟར་བསད། །སྟོབས་ཆུང་བརྙིངས་[རྙིངས་]པའི་ཚད་པ་སྤུན་[ཡུན་]གྱིས་བཏོན། །གསུམ་པ་ཉེས་པའི་སྒོ་ནས་བཅོས་པ་ནི། །རླུང་ལྡན་ཚ་བ་འབྲོས་འདེད་ཚུལ་དུ་བཅོས། །རླུང་གི་སྣ་བླངས་ཚ་བ་འདའ་བ་བཅོས། །མཁྲིས་པའི་ཚ་བ་ཟགས་གཅོད་ཚུལ་དུ་གཅོད་[བཅོས]། །བསིལ་གྱིས་ཐོན་པར་བྱས་ནས་བཅོས་པ་ཡིན། །བད་ཀན་ཚ་བ་སྣམས་བུར་[སྣ་ཕུར་]ཚུལ་བཅོས་སྟོབས། །བསིལ་དང་འཇམས་[འཇམ་]གྱིས་རྔུལ་འབྱུང་བྱ་བ་ཡིན། །ཁྲག་གི་ཚད་པ་ཤེད་འཕྲི་ཚུལ་དུ་བཅོས། །ཐང་གིས་ཕྱེ་ལ་མང་དུ་གཏར་བ་ཡིན། །ཆུ་སེར་ཚ་བ་སྦྱངས་སྐེམས་ཚུལ་དུ་བཅོས། །སྦྱོང་དང་བྱུགས་པ་གཉིས་ཀྱིས་སྐེམས་པ་ཡིན། །བཞི་པ་གནས་ཀྱི་སྒོ་ནས་བཅོས་པ་ནི། །ཤ་ལྤགས་[པགས་]ཚ་བ་རྔུལ་དང་ཆུ་ཡིས་བཅོས། །རྩ་ཚད་རྩ་ཁྲུས་གཏར་གྱིས་བཅོས་པ་ཡིན། །རུས་ཚད་དུགས་དང་ལུམས་ཀྱིས་བཅོས་པ་ཡིན། །དོན་གྱི་ཚ་བ་ཕྱེ་མ་གཏར་གྱིས་བཅོས། །སྣད་[སྣོད་]ཀྱི་ཚད་པ་སྦྱོངས་ཀྱིས་བཅོས་པ་ནི་[ཡིན]། །ལྔ་པ་གཙོ་བོའི་སྒོ་ནས་བཅོས་པར་བྱ་བ་ནི། །རང་བརྒྱུད་[རྒྱུད་]ཅན་དེ་རྐྱང་འདེད་ཚུལ་དུ་བཅོས། །གཞན་བརྒྱུད་[རྒྱུད་]ལྡན་ཚད་གང་མཐོ་མནན་ནས་བཅོས། །དྲུག་པ་གནས་སྐབས་སྒོ་ནས་བཅོས་པ་ནི། །མ་སྨིན་ཚ་བ་སྨིན་རྒྱས་ལམ་གཞུག་བཅོས། །རྒྱས་པའི་ཚ་བ་མེ་ལྟར་གསད་ལ་བཅོས། །སྟོངས་པའི་ཚ་བ་རླུང་འབུད་བཅུད་དང་བསིལ་གྱིས་བཅད། །གབ་ཚད་མགོ་བརྟུལ་[བཏུམས་]བཤུས་ལ་སྨན་གྱིས་གསེད་[གསད]། །སྙིང་[རྙིངས་]ཚད་ཟུངས་ལ་ཞེབ་[ཞེན་]པ་རྩི་དང་དབྲལ་[བྲལ]། །རྙིངས་[རྙོགས་]ཚད་གཡོས་པའི་ཆུ་སེར་རང་སར་སྐེམ། །བདུན་པ་རིགས་ཀྱི་སྒོ་ནས་བཅོས་པ་ནི། །འགྲམས་ཚད་ནད་དང་ཕྲལ་ལ་ལུས་ཟུངས་གསོ། །འཁྲུགས་པའི་ཚ་བ་ཁྲག་དང་མཁྲིས་པ་དང་། །འཁྲུགས་པ་བྱེད་[ཕྱེད་]ལ་དབྱུང་དང་གསད་པར་བྱ། །རིམས་ཀྱི་ཚ་བ་བསིལ་ཐང་ཕྱེ་མ་དང་། །རྔུལ་འདོན་བྱས་ཏེ་བྱ་ལྟར་སྤུར་ལ་བཏང་། །དུག་ཚད་འདུ་བ་འཁྲུགས་པ་ཆ་མཉམས་[མཉམ་]ན། །དུག་དང་ནད་གཉིས་རང་དང་གཉེན་པོས་གསད། །གཉིས་པ་ཚ་གྲང་འདྲེས་པ་དབྱེ་བའི་བཅོས་ཚུལ་ནི། །མ་སྨིན་འདྲེས་པ་ཕྱེ་ལ་ལམ་དུ་བཞུགས་[གཞུག་]དགོས་ཏེ། །འདི་དུས་བསིལ་གྱི་གཉེན་པོ་བརྟན་[བསྟེན་]ནས་ཀྱང་། །བད་རླུང་གྲོགས་ཀྱི་ཐོག་ཏུ་འབབ་པ་ཡིན། །གྲོག་[གྲོགས་]འཕེལ་བསེ་[བས་]ནི་ཚ་བ་ཉིད་འཁྲུག་[འཁྲུགས་]འཕེལ། །མ་སྨིན་གྲུམ་[གླུམ་]ལ་ཆང་དུ་མི་འདོད་འདྲ། །ཚ་བ་ལམ་དུ་མི་ཚུད་གསོ་དཀའ་འཆི། །དེ་ཕྱིར་སྨིན་བྱེད་བད་རླུང་གྲོག་[གྲོགས་]གཞོམ་ཞིང་། །མཁྲིས་ཚད་མི་འཕེལ་སྐྱེ་འཕྲོ་ལམ་གཞུགས་[གཞུག་]གཅེས། །སྨིན་བྱས་རྙིངས་པའི་ཚ་བ་འདྲེས་པ་རྣམ་[རྣམས]། །བཅོས་ཐབས་ཕྱོགས་གཅིག་ཆུ་བོའི་གཞུང་བསྲངས་དབྱེ། །དེ་ལ་སྐྱོན་ཡོན་རྣམས་[རྣམ་]པ་གཉིས་ཡོད་དེ། །སྣ་ལ་ཚ་བཅོས་གྲང་བར་འཕུལ་ནས་སྐྱོན་ཡོན་གཉིས། །སྐྱོན་ན་ཡུལ་[ཡུན་]དུ་སྦྱོང་སྟེ་ཡོན་བརྟག་[ཏན་]སྲོག་མི་བཅད། །སྣ་ལ་གྲང་བཅོས་ཚ་བར་འཕུལ་བའི་སྐྱོན་ཡོན་གཉིས། །ཡོན་ཏན་མཚོ་[འཚོ་]སླ་དུས་འདས་སྲོག་ལེན་སྐྱོན། །དེ་ཕྱིར་བསིལ་ཕྱོག་[ཕྱོགས་]གཅིག་གིས་སྣ་ལ་ཚ་བཅོས། །དེ་སྟེང་གྲང་བར་དབུལ་ལ་གབ་ཚད་འདྲེས་པ་ཡིས། །སྣ་ལ་གྲང་བའི་མིག་[མགོ་]ཕུར་[ཕུབ་]མ་བཤུས་ན། །གཉེན་པོ་ནད་ཀྱི་ཐོག་ཏུ་མི་འབབ་ལས་[པས]། །མགོ་བཏུམ་བཤུས་ལ་ནད་དང་གཉེན་པོ་སྤྲད། །སྟོང་[སྟོངས་]ཚད་འདྲེས་པ་རང་[རླུང་]ལ་རྔན་པ་བྱིན། །རླུང་གིས་ཚ་འཕུལ་ཚ་བ་ལས་འདས་དགོས། །དེ་བས་རླུང་སྣང་[སྣ་]བསིལ་བཅུད་ཟས་བྲིད་ནས། །རྟིང་དུ་ཚ་བ་ཕྱེ་བས་[མས་]གསད་པ་ཡིན། །གྲངས་[གྲང་]རྙོངས་[རྙོགས་]དང་པོ་ཕོ་བའི་མེ་དྲོད་གསོ། །ཕོ་བའི་གཞི་འཛིན་མ་ཤེས་མི་ཤེས་[མེ་ཤི་]ཚོ་[ཚ་]རོ་ལུས། །ཚ་རྙིངས་[རྙོགས་]འདྲེས་པས་རྒྱུན་སྦྱོངས་འཇོམས་[འཇམ་]པོས་བྱེད་[དབྱེ]། །འདྲེས་པའི་ནད་ཀུན་གཉིས་[གཉེན་]པོ་བརྟེན་[བསྟེན་]དཀའ་བས། །གཅིག་ལས་གཅིག་འཕོག་ག་ཐོན་མནན་པ་གཅེས། །བསིལ་དྲོད་གོང་[གང་]ལེན་ནད་དེ་སྔོན་དུ་བཅོས། །བསིལ་དྲོད་གཉིས་ཀའི་གཉིན་[གཉེན་]པོ་མི་ལེན་ན། །ཕྱི་[ཕྱིང་]དྲིལ་བྱའམ་ཡང་ན་ལྟག་སྤྲོད་བྱ། །གཅིག་མི་ལེན་བདུད་འབབ་འདོད་པ་ནི། །ཚོགས་གསོག་འཆི་བསླུས་འགའ་བྱས་འཚོ་ཡང་བསྲིད་[སྲིད]། །དེ་ལྟར་འདྲེས་པ་དབྱེ་ཐབས་མ་ཤེས་པ་[པར]། །ཚ་བ་བད་རླུང་གཉིས་བསྲེས་བཅོས་པ་ན། །གང་དུ་ངོས་མི་ཟིན་ཅིང་བསྐྱེད་མེད་འགྱུར། །དེ་ཕྱིར་འདྲེས་པའི་དབྱེ་ཐབས་མཁས་པ་དགོས། །བྱེར་བ་འདི་ལ་ཚ་བ་གསུམ་ཡོད་དེ། །རང་བཞིན་བྱེར་དང་རྐྱེན་གྱིས་བྱེར་བ་དང༌། །དུས་ལས་འདས་པའི་བྱེར་བ་རྣམས་[རྣམ་པ་]གསུམ། །དུག་དང་སྨུག་པོ་རང་བཞིན་བྱེར་བ་སྟེ། །མ་སྨིན་རི་ཐང་འཚམས་[མཚམས་]སུ་བཅོས་ངེས་མེད། །ཚ་བ་བྱེར་ཏེ་རྙོགས་པ་ཞེས་ཀྱང་བྱ། །གཉིས་པ་ནད་འདུས་དུས་སུ་མ་སྦྱོངས་བས་[སྦྱངས་པས]། །དུག་ལ་[དུས་ལས་]འདས་པས་རྩ་མིག་ཀུན་ཏུ་བྱེར། །དེ་ལྟར་བྱེར་ཀུན་སྣ་ཁྲིད་རླུང་གིས་བྱེད། །རྩ་མིག་ཀུན་ཏུ་རླུང་ཞུགས་ལུས་ཀུན་ཁྱབ། །བྱེར་བ་མ་བསྡུ་[བསྡུས་]གཉེན་པོ་བརྟེན་[བསྟེན་]བྱས་ཀྱང༌། །རི་དྭགས་ཐང་འདེད་འདྲ་བས་སོད་[གསོད་]མི་འགྱུར། །འདི་ལ་ཐང་དང་ཕྱེ་མ་ཟས་སྤྱོད་ཀྱིས། །རླུང་གཏོར་ནད་དེ་ཁོང་དུ་བསྡུས་བྱས་ནས། །གཉེན་པོ་བརྟེན་[བསྟེན་]ན་མེ་ལ་སྟེང་ཆུ་བཏབ་འདྲ། །འདུས་དཀའ་རྩ་སྦྱོངས་རྒྱུན་སྦྱང་[སྦྱངས་]ཆུ་ལུགས་[ལུམས་]བསྔགས། །དེ་ཡིས་མ་ལུས་[འདུས་]བྱེར་བ་རང་སར་གནོན་[འདོན]། །དུས་ལ་[ལས་]མི་འདས་[འདའ་]གནས་[གནད་]ཀྱི་གདམ་[གདམས་]པ་ཡིན། །ཚ་བ་དུས་ལ་[ལས྄འདས་བའི་གནད་བཞི་ནི། །ངོ་བོ་རང་གིས་དུས་ལ་[ལས྄འདས་པ་དང་། །སྦྱོར་བ་དམན་ལོག་ལྷག་པས་དུས་འདའ་(བ)། །དང་པོ་ངོ་བོ་རང་གིས་དུས་ལས་འདས་པ་ནི། །གནོད་[གནད་]དུ་བབས་པའི་ཚ་བ་དེ་ཡིན་ཏེ། །དང་པོའི་དུས་ལས་སྲོག་ལ་རྒོལ་འོང་བས། །དེ་ལེ་[ལ་]ནད་ཀྱི་ཚད་[ཚོད་]བླངས་དུས་ལས་འདས། །དང་པོ་རང་གནས་ཆུ་བཞིས་སྲོག་ལ་ཐོབ་ཤ་བྱས་[བྱ]། །དམན་པ་སྨིན་ལོང་མེད་པས་ན་འོག་སྨན་གྱིས་མནན། །འཕྲལ་མེད་[དུ་]བདེ་བྱེད་ཀྱང་གཏིང་ཚད་མི་ཐོན་པས། །མཇུག་ཏུ་ཚ་བས་ཟུངས་ཟད་དུས་འདའ་ཕྱིར། །གཉེན་པོ་སྟོབས་སྟོབས་བསྐྱེད་བསྲིང་[བསྲིངས་]ལ་རྩད་ནས་བཏོན། །ལོག་པས་ཚད་(པ་)དུས་འདའ་གྲང་བར་འཁྲུལ། །མེ་བཞི་བརྟེན་[བསྟེན་]པས་ཚ་བ་འདུས་[དུས་]ལས་འདས། །ལྷག་པས་དུས་ལས་འདའ་བར་བྱེད་པ་ནི། །ནད་དཔུང་ཆུང་ལ་གཉེན་པོ་བརྟན་[བསྟེན་]དྲགས་པས། །བད་རླུང་དགྲར་ལངས་གྲངས་[གྲང་]བས་སྲོག་ལ་རྒོལ། །འདི་གཉིས་དང་པོ་ལྟར་སྣང་ངེས་[ངོས་]འཛིན་གཅེས་པ་སྟེ། །ངེས་[ངོས་]མ་ཟིན་ནས་འཁྲུལ་ནས་འཁྲུལ་ན་སྐྱོན་ཆེའོ། །རིག་པར་[པས་]ཟིན་དུས་བཏང་སྙོམས་མེད་པར་བཟློག །དེ་བཞིན་ཤེས་ན་དུས་ལ་ཅེས་[གཅེས་]ཏེ་འདའ། །གསུམ་པ་ཚ་བའི་དངོས་པོ་གཞོམ་པའི་གཉེན་པོ་ནི། །ཟས་སྤྱོད་སྨན་དཔྱད་བཞི་ཡིས་བཅོས་དགོས་ཏེ། །དངོས་[དང་]པོ་ཟས་ཀྱི་ཕན་བརྟེན་[བསྟེན་]གང་གནོད་སྤངས། །ཕན་པའི་ཟས་སྐོམས་བརྟེན་[བསྟེན་]ཐབས་བཅུ་གཅིག་སྟེ། །མ་སྨིན་ཚ་བ་ལམ་(དུ་)གཞུག་པ་ནི། །བསིལ་དྲོད་སྙོམས་པར་[པ་]བརྟེན་[བསྟེན་]པས་ལམ་དུ་གཞུགས་[གཞུག] །རྒྱས་པའི་ཚ་བ་ཡེན་ལ་གཏད་པའི་ཟས། །ཚ་བ་མེད་ན་ཆུ་འཁྲོག་[གྲོག་]ཕྱེ་ཐག་[ཐུག་]ཟན། །སྦྲུས་པ་ཡོས་ཧྲལ་[དྲལ་]འཁུར་ཚོས་[ཁུར་ཚོད་]བཏབ་པ་ཡིན། །འཐོར་བུའི་རླུང་ལ་རྔན་པ་བཞིན་[བྱིན་]པའི་ཟས། །རུས་པ་[ཐང་]སྐོམ་ཤ་གསར་པ་སྒོག་ཆས་[ཆབ་]འཐུང་། །ཐེ་ཚོམ་གཉིས་འཛིན་ཅན་ལ་ཚད་[སད་]མདས་ཟས། །སྲེ་ལོང་ཐང་དང་བུར་ཞོ་མར་དཀར་བཏང་། །སྟེངས་[སྟོངས་]པའི་ཚ་བ་བཅུད་ཀྱིས་བཀང་པའི་ཟས། །སར་[མར་]དང་ལུག་ཤ་གསར་སྣུམ་གཏིང་[ཏིང་]ཁྲོལ་བཏང་། །ཚ་རླུང་འདྲེས་པ་ཁ་ཡེན་འགུག་པའི་ཟས། །རླུང་མགོ་བཅུད་བརྟེན་[བསྟེན་]ཚ་མཐོང་[མཐོ་]རླུང་བརྟེན་[བསྟེན་]ནོ། །གབ་པའི་ཚད་པ་འོག་[མགོ་]ཕུར་བཤུས་པའི་ཟས། །དྲོད་ཕྱོགས་མེད་དུས་[དུ་]བརྟེན་[བསྟེན་]པའི་བསིལ་ཡང་བརྟེན་[བསྟེན]། །རྙིངས་པའི་ཚ་བ་ཞེན་པ་ཕྲལ་བའི་ཟས། །དྲོད་མ་ཤོར་བ་རུ་[རྒྱུ་]བསིལ་རྒྱུན་དུ་བརྟེན་[བསྟེན]། །གྲང་བ་ཁ་ཐལ་མེ་དྲོད་གསོ་བའི(ཟས)། །གཡག་ལུག་གོ་[གོང་]ཤ་གསར་རྙིང་མར་ཆང་བརྟེན་[བསྟེན]། །རླུང་འཕྱོ་ཁ་ཡན་[ཐལ་]བཅུད་ཀྱིས་གནན་པའི་ཟས། །ཤ་རྙིངས་མར་རྙིངས་བུ་རམ་བཅུད་ཅན་བརྟེན་[བསྟེན]། །ཟུངས་ཟད་ཚད་པ་ལུས་སྟོབས་བསྐྱེད་པའི་ཟས། །ན་ལ་མི་གནོད་གང་འགྲོ་བཅུད་ཅན་བརྟེན་[བསྟེན]། །དེ་ལྟར་བཅི་ཅིག་[གཅིག་]སྐབས་དང་སྦྱར་བ་བཅེས། །གནོད་ཟས་ལ་མ་སྨིན་དུས་མི་སྟོར་[སྟེར་]དང༌། །ཞོ་ཆུ་གྲང་རྗེན་ཟན་འཁྱག་པ་སྤོངས། །རྒྱས་པའི་ཚད་པ་མེད་[མེ་]དབལ་བསྐྱེད་པའི་དུས། །ཤ་ཆང་བུ་རམ་མར་དང་ཚ་[ཚྭ་]སྒོག་སྤོང་། །རླུངས་[རླུང་]ཚད་འབུད་ཅིང་ཚ་བ་བྱེར་བའི་དུས། །ལོ་མ་སྐྱུར་པོ་བ་ཡི་ཞོ་དར་སྤང་། །གབ་རྙོངས་[རྙོགས་]ཚ་བའི་མེ་དྲོད་འཇོམས་པའི་དུས། །བསིལ་ཡང་ཅིག་ཚུག་[ཚིག་]ཟ་བ་སྤངས་པ་ཡིན། །རྙིང་[རྙིངས་]པའི་ཚ་བ་བརྟེན་[སྟོད་]ལ་གནོན་པའི་དུས། །དྲོད་ཅན་བཅུད་ལྡན་ཤ་ཆང་བུ་རམ་སྤངས། །ངོ་བོ་ཉིད་ཀྱིས་མི་འཕྲོད་ཟས་དྲུག་ནི། །ལྷག་[ལྷོག་]པ་རྒྱུ་གཟེར་གཉེན་[གཉན་ལ་]དཀར་དམར་སྤངས། །འབྲུམ་པ་ལ་ནི་བཅུད་སྣོད་[གནོད་]ཕོ་རིམས་བབས། །ཞོ་གནོད་དུག་ལ་ཟས་ཕག་གཏར་ཁྲག་གནད་[གནོད]། །མི་འཕྲོད་ཟས་ཀྱིས་ནད་བསྐྱེད་དེ་བས་སྤངས། །གཉིས་པ་སྤྱོད་ལམ་བཅོས་ནི་བསིལ་ཅིག་ཁོ་ན་བྱ། །དེ་ཡང་མཐུན་དང་མི་མཐུན་སྤྱོད་ལམ་གཉིས་ཡོད་དེ། །ལྡན་ཚད་རྣམས་ལ་བསིལ་དྲོད་སྙོམས་པ་བྱ། །ཚད་སྐྱོངས་[རྐྱང་]རྣམས་ལ་བསིལ་ཅིག་ཁོ་ནའོ། །དེ་ཡང་གནས་གསོ་[གོས་]བྱ་བའི་སྤྱོད་ལམ་གསུམ། །བསིལ་དྲོད་སྙོམས་པའི་གནས་ནི་ཉི་གྲིབ་མཚམས། །རླན་སྟེང་ཁ་ཡེང་མིན་པར་དབེན་པར་བསྡེད་[བསྡད]། །མི་འཁྱག་མི་རུལ་[རྔུལ་]དྲོད་ཞིང་ཡང་བ་བསྒོ་[བགོ]། །དྲག་ཤུག་[ཤུལ་]དལ་འདུག་མ་ཡིན་བག་རེ་བཅག །བསིལ་གནས་ནེ་སེང་[ནེའུ་གསིང་]སྟེང་དུ་[དང་]ཆུའི་རྩ། །ཤིང་གྲིབ་བསེར་བུ་ཡང་སྟེ་[ཁང་སྟེང་]བསིལ་ཁང་གནས། །རས་གསོ་[གོས་]འམ་[ལ་]ནི་ཡང་ལ་བསིལ་བ་གོན། །ལུས་ངག་བྱ་བ་མི་བྱེད་ཉིན་གཉིད་བསྲུང༌། །ཡིད་བོང་[འོང་]གྲོགས་དང་སེམས་དགའ་སྤྱོད་ཚིག་བརྟེན་[བསྟེན]། །དེ་ལས་ལོག་པ་མི་མཐུན་སྤོངས་[སྤང་]བར་བྱ། །གསུམ་པ་སྨན་གྱིས་བཅོས་ལ་ཞི་དང་སྦྱང་བ་གཉིས། །ཞི་བྱེད་སྨན་ལ་ཐང་ཕྱེ་སྨན་མར་གསུམ། །ཐང་ལ་སྨིན་ཐང་འབྱེད་ཐང་བསྡུད་པའི་ཐང༌། །གསོད་ཐང་སད་ཐང་དགུག་ཐང་སྐམ་ཐང་བདུན། །སྨིན་པར་བྱེད་པའི་ཐང་མང་[ལ་]རྣམས་[རྣམ་]པ་གསུམ་ཡོད་དེ། །ལྒ་སྐྱ་ཀན་དྷ་[ཀཎྜ་]ཀ་རི་སླེ་དྲེས་[ཏྲེས་]ཏེ། །མ་ནུ་བཞི་པས་བད་རླུང་སྨིན་པར་བྱེད། །ཏིག་ཏ་སླེ་ཁྲེད་[ཏྲེས་]གསེར་གྱི་ཏིག་ཏ་གསུམ་དེས། །མཁྲིས་ཚད་ཤས་ཆེའི་ཚད་པ་སྨིན་པར་བྱེད། །འབྲས་བུ་གསུམ་པས་ཁྲགས་[ཁྲག་]ཚད་ཤད་ཆེ་སྨིན། །དབྱེ་བའི་ཐང་ལ་རྣམས་[རྣམ་]པ་གསུམ་ཡོད་དེ། །སླེ་ཁྲི་[ཏྲེས་]གཅིག་[ཆིག་]ཐང་རླུང་ཚད་སྨིན་པར་འབྱེད། །སྐྱུ་རུ་རའི་ཅིག་[ཆིག་]ཐང་ཁྲགས་[ཁྲག་]ནད་དངས་སྙིགས་འབྱེད། །སེ་འབྲུ་མ་ནུ་སྒ་ཐང་བད་ཀན་ཚ་བ་(འབྱེད)། །སྡུད་ཐང་མ་ནུ་བཞི་དང་འབྲས་བུ་གསུམ། །ག་བྲ་གསུམ་པའི་ཐང་ལ་བུ་རམ་བཏབ། །ཚད་པ་རླུང་གིས་བྱེར་བ་བསྡུ་བ་དང་། མ་སྨིན་པ་དང་རྙོག་སྙིང་[རྙོགས་རྙིངས་]སྡུད་པར་བྱེད། །ཚ་བ་གསར་རྙིངས་གསོད་པའི་ཐང་ལ་གཉིས། །དང་པོ་ཚ་གསར་གསད་པའི་ཐང་ལ་གསུམ་ཡོད་དེ། །པ་ཏོལ་པར་དང་[ཏ་]ས་[ལི་]ག་དུར་ཨ་རུ་ར། འདི་[དེ་]བ་ལྔ་ཐང་རིམ་[རིམས་]ནད་རྒྱས་པ་འཇོམས། །ཧོང་ལེན་བ་ཤ་ཀ་དང་རྩི་མར་[དམར་]སྤང་རྩི་དང་། །སྐྱུ་རུ་རའི་ལྔ་ཐང་བཏང་བ་ནི། །ཚ་རིམས་བཁྲིས་འཁྲུགས་རྒྱས་པ་འཇོམ་[འཇོམས་]པར་བྱེད། །འོམ་བུ་ཁྱུང་སྡེར་རེ་རལ་རྣམ་པར་དང་། །ཨ་བོ་གང་ག་[གཱ་]ཆུང་དང་སྲོལ་[སྲོལ་]གོང་བ། །སྤང་རྒྱན་བོང་ང་སྤང་རྩི་བྱིར་[བྱི་]ཚེར་བ། །སེ་རྒོད་སྐྱེར་པ་པ་[པར་]ཏ་བསྲོ་[སོ་]མ་ར། །འོམ་ཐང་བཅོས་[བཅོ་]ལྔ་དེ་ཡིས་དུག་ཚད་སེལ། །འབྲས་བུ་གསུམ་དང་སླེ་ཁྲེ་[ཏྲེས་]བ་ལེ་ཀ །ཧོང་ལེན་ཏིག་ཏ་བོང་དཀར་ལི་ག་དུར། །ཐང་ཆེན་བཅུ་དེས་རྙིངས་ཚད་རོལ་དུ་གསོད། །སང་[སད་]ཐང་ཀྲེ་[སྲེ་]ལོང་བབ་པའི་ཅིག་[ཆིག་]ཐང་དང༌། །སྲེ་ལོང་སོག་སྤུ་[ཡུ་]ཝ་གདོང་རུས་བཅུད་གསུམ། །གོ་རྙོད་[སྙོད་]ལྒ་སྐྱ་འཛའ་[ཛྭ་]ཏི་གསུམ་པའི་ཐང༌། །རི་ཐང་མཚམས་སུ་སྟེར་བསརཚད་སེལ་རླུང་ནད་སེལ། །ཤ་མར་བུ་རམ་རྙིངས་དང་ཆང་ལས་[ལ་]སོགས། །འབྲས་བུ་གསུམ་དང་སླེ་ཁྲེ་[ཏྲེས་]ཐལ་དཀར་[ཀ་]རྡོ་རྗེ་དང་། །སྲོ་[སོ་]མ་ར་ཙ་[ཛ་]སྤོས་དཀར་བཅོད་བཞིར་སྦྱོང་[སྦྱོར]། །འགུག་ཐང་དེ་ཡིས་རླུང་འཕྱོས་འགུག་པར་བྱེད། །འབྲས་བུ་གསུམ་ཆུ་སེར་སྨན་གསུམ་སླེ་ཏྲེས་སྐྱེར། །སྐམ་ཐང་སང་ལྡིང་[སེང་ལྡེང་]དགུ་པས་རྙིངས་[རྙོགས་]ཚད་སྐེམས། །དེ་རྣམས་ཚ་བ་སེལ་བའི་ཐང་ཡིན་ནོ། །གཉིས་པ་ཕྱེ་མ་སྔོ་སྦྱོར་རྩི་སྦྱོར་འདྲེས་སྦྱོར་གསུམ། །སྔོ་སྦྱོར་རྒྱལ་པོ་གཡའ་ཀྱི་རྩི་མར་[དམར་]ནི། །བཙོན་མོ་སྲས་པོ་སྲོ་ལོ་པྲི་ཡང་ཀུ། །སློན་[བློན་]པོ་པར་པ་ཏ་དང་དམག་མི་ལ། །སུམ་བཅུ་[ཅུ་]ཏིག་ཏ་རྣམ་པར་གང་གྷ་[གཱ་]ཆུང་། །ཚེར་སྔོན་དར་ཡ་ཀན་དང་ཁྲག་རྐང་བ། །སྤང་རྒྱན་སྒྱག་[རྒྱ་]སྒོག་སྤྱི་བཞུར་བྱི་ཚེར་བ། །བྱ་རྒོད་སྤོས་དང་ཁུར་རྩ་འོམ་བུ་རྣམས། ཆིབས་པར་བཅས་ནས་བཏང་ན་ཚ་བ་སེལ། །རྩི་སྦྱོར་ཚ་བ་རབ་འབྲིང་བྱེ་བྲག་གིས། །ག་ཕུར་[བུར་]ཙན་དྷ་[དན་]གྷི་ཝང་གཙོ་བོ་བྱས། །རྒྱས་པའི་སྟོབས་ཚད་གསོད་པའི་ཕྱེ་མ་དང་། །ལྡན་ཚད་དུས་གཅིག་གསད་པའི་ཕྱེ་མ་དང་། །རྙིངས་ཚད་རྩད་ནས་འདོན་པའི་ཕྱེ་མ་དང༌། །འདུ་བ་ཁ་སྙོམས་འབྱེད་[བྱེད་]པའི་ཕྱེ་མའོ། །དང་པོ་རྒྱས་པའི་སྟོབས་ཚད་གསད་པ་ནི། །ཚ་བ་རབ་ལ་ག་ཕུར་[པུར་]ཅུ་གང་གུར་གུམ་གསུམ། །རྒྱལ་བློན་དེ་གསུམ་འཁོར་གྱིས་བསྐོར་བ་ཡི། །བདུན་པ་དགུ་པ་གསུམ་གྱིས་གསད་པ་གཅེས། །ཚ་བ་འབྲིང་ལ་ཙནྡ་[ཙན་དན་]བཅུ་པ་ནི། །དཀར་མངར་[དམར་]ཅུ་གང་གུར་ཀུམ་ཨུད་དཔལ་[ཨུཏྤལ་]དང་། གྷིང་[གི་]ཝང་ཏིག་ཏ་ཧུང་[ཧོང་]ལེན་བ་ཤ་ག་དུར་རྣམས། །ཐ་མ་གྷི་ཝང་བཅུ་པས་འཇོམས་པ་སྟེ། །གྷི་ཝང་གུར་གུམ་ཨུད་དཔལ་[ཨུཏྤལ་]བཤ་ཀ །བ་ལེ་ཀ་དང་ཏིག་ཏ་ཧུང་[ཧོང་]ལེན་དང་། །ག་དུར་གསེར་གྱི་མེ་ཏོག་བང་[བོང་]ང་དཀར། །གེ་སར་པར་པ་ཏ་དང་ལི་ཐུར་ཡིན། །ལྡན་ཚུད་[ཚད་]དུས་ཅིག་[གཅིག་]གཞོམ་པའི་བྱེ་[ཕྱེ་]མ་ནི། །བཟང་དྲུག་སླེ་ཏྲེས་སྒོག་ཐལ་ཀ་ར་སྟེ། །ཚ་བ་རླུང་ལྡན་ཨ་རུ་བཅུ་པས་འཇོམས། །བད་ཀན་ལྡན་ལ་ཇུ་[ཅུ་]གང་བདེ་བྱེད་སྦྱར། །སྙིངས་[རྙིངས་]ཚད་རྩད་ནས་འདོན་པའི་ཕྱེ་མ་ནི། །རབ་ལ་ག་ཕུར་[པུར་]ཉི་ཤུ་རྩ་ལྔ་སྟེ། །བཟང་དྲུག་ཨ་རུ་སྤང་སྤོས་རྡོ་དྲེག་དམར། །བལེ་ཀ་དང་ཨུད་དཔལ་[ཨུཏྤལ་]རུ་ཏ་[རྟ་]དང་། །འབུ་སུ་ཧང་དང་ཤིང་ཚ་ཆུ་སྲིན་སྡེར། །ཟི་ར་དཀར་པོ་གེ་སར་གསུམ་དང་འབྲས་བུ་གསུམ། །པུ་ཤེལ་རྩེ་དང་ཙནྡ་[ཙན་དན་]དཀར་དམར་སྦྱར། །ཡང་ན་ག་ཕུར་[པུར་]བཟང་དྲུག་ཙནྡ་[ཙན་དན་]གཉིས། །བོང་ང་དཀར་མོ་[པོ་]དང་ནི་འབྲས་བུ་གསུམ། །ཧུང་[ཧོང་]ལེན་བ་ཤ་ཀ་དང་བ་ལེ་ཀ །ཏིག་ཏ་ལི་ག་དུར་དང་ཨུད་དཔལ་[ཨུཏྤལ་]དང་། །འབུངས་[འབུ་]སུ་ཧང་དང་གེ་སར་ཤིང་མངར་དང་། །རུ་རྟ་གྷི་ཝང་ཨ་དཀར་[གར་]རྩ་ལྔས་སེལ། །འབྲིང་ལ་ཙན་འདན་[དན་]སེལ་[སེ་]འབྲུ་ཅུ་གང་དང་། །གུར་གུམ་གྷི་ཝང་ཨུད་དཔལ་[ཨུཏྤལ་]ཀ་ར་དང་། །ཐ་མ་ཙན་འདན་[དན་]གཉིས་གཞག་བྲག་ཞུན་དང་། །གྷི་ཝང་མནན་[བསྣན་]པས་སྙིང་[སྙིངས་]ཚད་ཐ་མ་སེལ། །སྔོ་རྩི་འདྲེས་པའི་སྦྱོར་བ་གཙོ་བོ་བརྒྱད། །ཙནྡ་[ཙན་དན་]གྷི་ཝང་ཅུ་གང་གུར་གུམ་དང་། །བ་ཤ་ཀ་དང་ཏིག་ཏ་ཧུང་[ཧོང་]ལེན་བ། བོང་ང་དཀར་པོ་ཀ་ར་སྦྱར་པ་དེས། །ཚ་བ་མ་ལུས་སེལ་བའི་བདུད་རྩི་ཡིན། །འཁྲུག་[འཁྲུགས་]རིམས་བབས་སྒོ་མདེ་ཁ་བསྒྱུར་བ་སྟེ། །ཙནྡ་[ཙན་དན་]ཤིང་མངར་སྐྱུ་རུ་སྤང་རྩིས་བསྒྱུར། །གཉེན་[གཉན་]ལ་གླ་རྩི་གློ་ལ་ཨ་གྲོང་[ཀྲོང་]ཤིང་མངར་དང་། །མཆིན་པ་ལ་བྲག་ཞུན་ཨུད་དཔལ་[ཨུཏྤལ་]ལ་མཚེར་པ་ལ། །པི་པི་ལིང་དང་མཁལ་མ་ལ་སུག་སྨེ་[སྨེལ་]དང་། །ཕོ་བ་བོང་ང་མཁྲིས་ལ་གསེར་གྱི་མེ་ཏོག །གོང་གི་གཙོ་བོ་གྱད་[བརྒྱད་]ལ་བསྒྱུར་བ་བཏང། །ཚ་བའི་ནད་རྣམས་མི་སེལ་གང་ཡང་མེད། །སྨན་མར་སྦྱོར་བས་ཚད་པའི་ནད་རྗེས་གཅོད་པ་སྟེ། །འབྲས་བུ་གསུམ་གྱི་མར་གྱིས་སྟོངས་ཚད་གཅོད་པ་སྟེ། །ཏིག་ཏ་མར་སྦྱར་རྙིངས་ཚད་རླུང་ལྡན་གཅོད། །བ་ཡི་རྣམ་ལྔ་སིང་སྡིང་[སེང་ལྡེང་]སྨན་མར་གྱིས། །ཚད་བསྙོངས་ཕྱེ་[རྙོགས་ཕྱི་]རྗེས་ཆུ་སེར་སྐེམ་པར་བྱེད། །ཞི་བྱེད་ཐང་ཕྱེས་ཚ་བ་མ་ཐུལ་ན། །སྦྱང་བྱེད་བཤལ་གྱིས་ཚ་བ་སྦྱོང་བར་བྱེད། །ཚ་བ་ཀུན་ལ་བཅོས་རན་སྨིན་དུས་སྦྱོང་། །སྦྱོང་[སྣོད་]བབས་བཅོས་པའི་གཙོ་བོ་སྦྱངས་པས་མཆོག །སྨན་གཏར་བཅོས་རྡུག་[རྡུགས་]ལོག་ནོན་སྦྱང་ལས་མེད། །ཚ་བའི་རྒྱུ་ནི་མཁྲིས་རྒྱུ་སྦྱོངས་ཡིན་ནོ། །དེས་ན་རྒྱུ་ཉིད་རྩད་ནས་འདོན་པ་མཆོག །དེ་ཡང་རུང་དང་མི་རུང་ནད་གཞི་བརྟག །རན་དང་མ་རན་དུས་ཚོད་བརྟག །ཐེག་དང་མ་ཐིག་[ཐེག་]ལུས་ཟུང་[ཟུངས་]བརྟགས་[བརྟག]། །རུས་[རུང་]བ་མཁྲིས་པའི་ནད་དེ་སྦྱོང་བ་[ལས་]མི་འདའ་ཡང་། །མ་སྨིན་ཚ་བ་མི་སྦྱང་བྱེར་ནས་འགྲོ། །རླུང་འབུད་བསྐྱེད་རིམས་འདྲེ་ཁ་རྒོད་པ་སྤངས། །སྨིན་དང་བཅོས་བརྡུགས་སྣོད་ལ་བབས་ན་རན། །ཟུང་[ཟུངས་]བཟང་ཤེད་ན་[མ་]ཤོར་བས་ཐིག་[ཐེག་]པ་ཡིན། །དེ་ལ་སྔོན་འགྲོ་དངོས་ཞིག་[གཞི་]ཕྱི་རྗེས་གསུམ། །མ་སྨིན་དང་[པ་]བཅོས་སྨིན་པར་བྱེད་པའི་སྔོན་འགྲོ་དང་། །བྱེར་ནས་བསྡུས་ལ་རླུང་ལྡན་རླུང་ཁ་མནན། །གབ་པ་འོག་ཕྱོགས་མེ་དྲོད་ཉམས་པས་[པ་]གསོ། །ནད་རྩེ་བཅིལ་རྒྱས་ཚད་པ་མ་ཡིན་པའི། །རྙིངས་པ་རྣམས་ལ་ཁྲུས་དང་ཀུ་[བསྐུ་]མཉེ་བྱ། །དངོས་གཞི་ཐར་ནུ་རྒྱལ་པོ་ཁྲན་[ཁྲོན་]བུ་བཙུན་མོ་དང་། །ཧུང་[ཧོང་]ལེན་སྲས་ལ་བློན་པོ་གསེར་མེ་ཏོག །མཚོན་ཚ་[ཆ་]པ་ཏིལ་[ཏོལ་]དྲི་ཆུ་ཀ་ར་རྟ་ཡིན་བཅས། །ཚད་པའི་ནད་ཀུན་ཡུན་ནས་འདོན་པའོ། །ཚ་བ་སྨིན་དུས་ག་ཕུར་[པུར་]གྷི་ཝང་མནན་[བསྣན]། །སྣོད་བབས་བྲག་ཞུན་དུག་མོ་ཉུང༌མནན་[བསྣན་]ནོ། །ཚ་བ་བཅོས་རྡུགས་གུར་གུར་[གུམ་]མདེལ་[མདེ་]ཁ་བསྒྱུར། །འཁྲུ་བ་དྲི་ཆེ་དམར་སེར་ནད་རྣམས་ཐོན་རྟགས། །བསྐོལ་ཆུང་[ཆུ་]འཇམས་[འཇམ་]པས་བསྐྱེད་བསྐུལ་དག་ངེས་སྦྱང་། །མ་དག་ཡིད་གཉིས་ཡོད་ན་སྦྱོང་བསྐྱར་བཟང་། །མ་དག་ནད་སློང་ཚ་བ་སླར་འཕེར་[འཕེལ་]འགྱུར། །སྦྱང་རྗེས་ཆུ་ཕྲོག་[གྲོག་]འབྲས་གསུམ་ཕྱེ་ཐུག་དང་། །ཞ་འཕྲུལ་[ཞོ་ཕྲུམ་]བསིལ་འཇམ་འཁྲུལ་[ཁྲུས་]རྗེས་གཅད་པ་ཡིན། །དེ་ལྟར་མ་ཡིན་རྗེས་ལ་དྲོད་བསྟེན་ན། །བཀྲུ་བཤལ་བྱས་པའི་སྣོད་དུ་དུག་གཡོས་འདྲ། །སྙིངས་[རྙིངས་]ཚད་རྣམས་ལ་འབྲས་བུ་རྒྱུན་སྦྱོང་བསྔགས། །གསུམ་པ་དཔྱད་ཀྱི་བཅོས་ཐབས་དྲུག་ཡིན་ནོ། །གཏར་གྱིས་ངན་ཁྲག་རྩ་ནས་སྦྱང་བ་དང༌། །རྔུལ་གྱིས་ཚ་རླང་[རླངས་]བ་སྤུར་འདྲངས་[དྲངས་]པ་དང་། །དུགས་ཀྱིས་འཕྲལ་གྱི་ཟུག་གཟེར་བཅག་པ་དང༌། །ལུམས་ཀྱིས་ཚ་བྱེར་གྲངས་པ་འདོན་པ་དང་། །ཆུ་ཡིས་ཕྱི་ཚད་མེད་[མེ་]དབལ་གསད་པ་དང༌། །མེ་ཡིས་ཚ་བྲོས་འཕྲང་ཁ་བསྡོམ་པའོ། །དང་པོ་གཏར་གྱིས་ངན་ཁྲག་རྩད་ནས་སྦྱང་བ་ནི། །གཏར་བ་རུང་དང་མི་རུང་ནད་གཞི་བརྟག །ཁྲག་དང་མཁྲིས་པའི་ནད་རྣམ་[རྣམས་]གཏར་བ་ཡིན། །གཏར་དུ་མི་རུང་ཚ་བ་བདུན་ཡོད་དེ། །མ་སྨིན་ཚད་པ་གཏར་ནས་[ན་]སྙིང་[རྙོགས་]པ་ཡིན། །རིམས་ཚད་གཏར་ན་གང་གཏར་དོན་ལ་འབབ། །འཁྲུགས་འགྲམས་ངན་ཁྲག་ཐང་གིས་མ་ཕྱེས་གཏེར་[གཏར]། །ཟུངས་ཁྲག་ཤོར་བས་རླུང་བསྐྱེད་ཚ་བ་བྱེར། །ནད་ཁྲག་ལུད་[ལུས་]པས་ཚ་བའི་རི་མོ་ཐོན། །སྟོང་[སྟོངས་]ཚད་གཏར་ན་རླུང་འཕྱོ་ཟུགས་[ཟུག་]གཟེར་ལྡང་། །གཉེན་[གཉན་]ཚད་གཏར་ན་ཕྲག་[ཁྲག་]ཤུལ་སྲོག་ལ་འཇུག །དུག་ཚད་གཏར་ན་བྱེར་བས་རོ་མི་ཐོན། །ཟུངས་ངན་ཚད་(པ་གཏར་)ན་སྲོག་བརྟེན་[རྟེན་]འགྱེལ། །གཏར་དུ་རུང་བ་ཚད་པ་སྨིན་རྒྱས་དུས། །ཁྱད་པར་འཁྲམ་[འགྲམས་]འཁྲུགས་ཁྲག་གཟེར་གཏར་ན་བཟང་། །སྨིན་ལོང་མེད་པའི་ཚ་ལ་ལགས་[ལག་]གཏོད་གཏར་[ལྟར]། །རྒྱས་པའི་ཚ་བ་ཁྲག་ལ་ཐོབ་ཤ་བྱ། །སྟོང་[སྟོངས་]པའི་ཚ་བ་བསིལ་བཅུད་གསོ་ཞིང་གཏར། །གབ་ཚད་གང་གབ་རྩ་ལ་གཏར་ལ་བཏངས་[བསླང་]། །རྙིངས་ཚད་འཕོས་[ཕངས་]པ་བཞིན་དུ་ཉུང་དུ་དབྱུང༌། །རིམས་དྲུག་[དུག་]གཉན་གསུམ་གཟེར་ཆགས་[ཆག་]སོང་རྗེས་སུ། །རྩ་ལ་བབས་དུས་རླུངས་[རླངས་]པ་ཐོན་ཙལ་གཏར། །གཏར་བའི་དུས་ཚད་[ཚོད་]རན་དང་མི་རན་བརྟགས་[བརྟག]། །སྔོན་འགྲོ་བསྙེལ་[བསྙལ་]ལུགས་གདམ་[གདབ་]ཐབས་རྩ་མིག་དང་། །ཁྲག་རྟགས་[པྲ་]འབྱུང་ཚོད་[དབྱུང་ཚད་]ལོག་ནན་[གནོན་]རྣམས། །གསོད་[གསོ་]བྱེད་སྨན་དཔྱད་རྒྱུད་ལ་ཡོད། །གཉིས་པ་རྔུལ་གྱིས་ཚ་བ་སྤུར་རེ་[བ་སྤུར་]དབྱུང་བ་ནི། །མ་སྨིན་སྟོབས་ལྡན་ནད་ལ་རྔུལ་མི་རུང་[དབྱུང༌]། །ཕྱུང་ཡང་རྔུལ་མེད་ནད་འཁྲུགས་ཕྱིར་ལ་བྱེར། །ཟུངས་ཟད་རྔུལ་བཏོན་རླུང་བསྐྱེད་ལུས་སྟོབས་འཇོམ་[འཇོམས]། །མ་སྨིན་སྟོབས་ཆུང་གཏོན་[བཏོན་]ནས་[ན་]ལམ་ནས་ལྡིག །རྒྱས་པའི་ཚ་བ་རླངས་པར་འདོན་པ་དང༌། །སྟོངས་པའི་ཚ་བ་དུས་གཅིག་དབྱུག་[དབྱུང་]བ་དང༌། །རྙིངས་པའི་ཚ་བ་རྩིབ་ཤ་རྒོད་[བཀོག་]པ་དང་། །ཁྱད་པར་རིམས་ཚད་བྱ་ལྟར་སྤུར་བ་དང་། །ཤ་ལྤགས་[པགས་]རུང་[རུས་]ཚད་རྔུལ་དུ་ཕྱུང་ལ་བཅོས། །དབྱུག་[དབྱུང་]དུས་རྟགས་ནི་རྔུལ་དྲི་གཡོ་དུས་ཡིན། །སྦྱོར་བ་ཁོང་ནས་འཕུལ་བར་བྱེད་པ་དང་། །རྒྱབ་ནས་འདྲེན་པ་རང་རང་སྐབས་སུ་ཤེས། །གསུམ་པ་དུགས་ཀྱིས་འཕྲལ་དུ་ཟུག་གཟེར་བཅག་པ་ནི། །བསིལ་དྲོད་གཉིས་སུ་ཡོད་དེ་བསིལ་དུག་གིས་[དུགས་ནི]། །དོང་ངམ་ཆུ་རྡོ་སྨོན་[རྨོན་]ལྕགས་བྱང་འམ་[ངམ་]ཚ། །བསིལ་བའི་སྔོན་[སྔོ་]དང་ཞོ་སྦྱར་བསད་[བས་]། །གྲངས་བསོར་[གྲང་གསོར་]རོ་བསོལ་དུག་[བསིལ་དུགས་]ཁྲག་གཟེར་དུག་[ཟུག་]འཇོམ་[མཇོམས]། །སོ་ཕག་བསྲོས་ནས་ཕོ་བར་དུགས་བྱས་ན། །མ་སྨིན་གསར་རྙིངས་[གབ་རྙོགས་]ཕོ་བའི་མེ་དྲོད་གསོ། །ལུམས་ནི་བདུད་རྩི་ལྔའི་ཆུ་ལུམས་དང་། །བཅིང་[བཅིངས་]ལུམས་རླུང་[རླངས་]ལུམས་འབྱུང་བའི་ཆུ་ལུམས་ཀྱིས། །ཚ་བ་ཤ་ལྤགས་[པགས་]རྩ་རྒྱུད་བྱེར་བ་འདོན། །ཆུའི་འཁོར་ལོས་ཕྱི་ཚད་བཅད་པ་ནི། །མ་སྨིན་སྟོབས་ལྡན་རྣམས་ལུས་[ལ་]བྱར་མི་རུང༌། །སྟོབས་ཆུང་ཚ་བ་ལམ་དུ་ལོག་པ་དང་། །འཕུར་[སྤུར་]བྱེད་བརྒྱད་ཀྱི་ཐང་གིས་རྔུལ་དབྱུང་རྗེས། །ཆུ་རྗེས་གོང་[གང་]དོ་གསུམ་གྱིས་ནང་གསུམ་བྲན། །བྱེར་བའི་ཚ་ལ་[བ་]ཁོང་དུ་བསྡུས་པ་ལ། །བིག་པན་ཆང་སྦྱར་ཕུད་གོང་[ཕུལ་གང་]ཁོང་དུ་བཏང་། །རྗེས་བཞི་སྤྱི་སྤུངས་[དཔྱི་དཔུང་]མན་ཆད་ནས། །ཐུགས་རིལ་པོ་ལ་ཉིན་གསུམ་རིམ་པས་བྲན། །རྒྱ་[རྒྱས་]པའི་ཚ་བ་མེ་དབལ་བསད་པ་དང་། །བ་ཚ་མེད་པའི་སྐར་ཁུང་[ཆུ་]ཉི་དྲོས་ལ། །ཁོང་བཏང་ཁ་ཁྲུས་[ཕྲུས་]བཏབ་ལ་ཆུ་རྒྱུན་བྱ། །རྙིང་[རྙིངས་]པའི་ཚ་བ་དབྱེ་ལ་འདོན་པ་ལ། །རླུང་མེད་རྒྱས་ཚད་ལྟར་དུ་བཅོས་པར་བྱ། །མེ་ཡིས་ཚང་[ཚ་]བའི་འབྲོས་འཕྲང་བསྡམས་པ་ནི། །ཚ་བའི་ནད་ཀུན་བསྲེག་པར་མ་བཤད་ཀྱང༌། །འོན་ཀྱང་ཚ་བ་བསྲེག་དགོས་ནད་དྲུག་ཡོད། །མཁྲིས་པ་རྩར་རྒྱུག་ནད་ལ་འབྲོས་འཕྲང་བགག །རྩ་སྟོངས་ཚ་བ་འཕྲང་ཁ་སོ་པས་བཅད། །ཚ་གཞུག་རླུང་གིས་འབུད་པ་མེ་ཡིས་བཅད། །རླུང་རིམས་འདས་[འདར་]བུ་ཡེར་བུ་མལ་བཞུག་[གཞུག་]དགོས། །ལྷོག་པའི་ཚ་བ་གཉེན་[གཉན་]ཐོག་གཉིས་[གཉན་]དབབ་དགོས། །ཚ་རྗེས་གྲང་བར་ལྡོག་ལ་མེ་དྲོད་གསོ། །ཚ་བས་ཚ་བ་བཅོས་པ་དྲུག་ཡིན་ནོ། །གཉིས་པ་ཚ་བ་བྱེ་བྲག་ཏུ་བཅོས་པ་ནི། །བླ་གཉན་འཐོེར་[ཐོར་]བུའི་ནད་རྣམས་བསལ་བ་ནི། །བསྙོས་[སྨྱོ་]ལྐུགས་ཡེར་བུ་མགོ་གཟེད་[གཟེར་]འཁྱོམས་པ་དང༌། །མིག་ཆོག་[ཚག་]རྣ་བ་འོན་དང་སྣ་ཁྲག་འཛག །སྐོམ་དད་ཆེ་དང་ལྕེ་སྐམ་དང་ཁ་འགག །སྐྱིགས་འབྱམས་གཟེར་ཆེ་གློ་མང་མི་འགོག་དང༌། །འཁྲུ་སྐྱུག་དྲི་ཆུ་འགག་དང་ཁྲག་ཏུ་འཛག །རྔུལ་འབྱམས་ལུས་དྲོད་ཕྱི་རུ་ཤོར་བ་དང༌། །རྐང་ལག་ན་འཁྱམས་[འཁུམས་]ཕོལ་འབྲས་བཞི་བྱུང་ལ་སོགས་ལ། །ཁྱད་ཐོན་ཚེགས་མེད་ནད་ཀྱི་དགོས་[སྒོས་]བཅོས་སྟོན། །དང་པོ་སྨྱོ་བ་ཅན་ཅོལ་སྨྲ་ཞིང་འཁྲོས་ཚུལ་སྟོན། །ལྐུགས་པ་དྲན་པ་ཉམས་ནས་སྨྲ་མི་ཤེས། །ཡེར་བ་ཉིན་མཚན་གཉིས་ལ་གཉིད་མི་འབྱུང༌། །སྨྱོ་བ་ཚ་སྨྱོ་གྲང་སྨྱོ་གཉིས་སུ་ཡོད། །ལྐུགས་པ་ཚ་ལྐུགས་གྲང་ལྐུགས་གཉིས་ཡོད་དོ། །ཡེར་པ་ཚ་ཡེར་གྲང་ཡེར་གཉིས་ཡོད་དོ། །དེ་རྣམས་ངེས་[ངོས་]འཛིན་ཆུ་ལྕེ་ནག་དང་དམར། །རྗེས་བཅད་རྟག་ཤ་ག་ཕུར་[པུར་]མ་བཏང་གཉིས། །སྟོང་པ་ཉིད་རྟོགས་བསིལ་ལེན་མེ་[མི་]ལེན་གཉིས། གོམས་པ་བརྟེན་[བསྟེན་]ལ་ཚ་རླུང་ལ་ཤན་དབྱེ། །ཚད་བསྙོ་[སྨྱོ་]གཞུག་ཆུང་ལྔ་བདུད་[བདུན་]ཆང་གདུས་ཁུར། །ག་པུར་རྒྱལ་བློན་སྦྱར་བཏང་ཞུ་རྗེས་རྔུལ་དབྱུག་[དབྱུང་]བྱ། །ཡང་ན་ག་ཕུར་[བུར་]ཆང་དང་སྦྱར་ལ་བཏང༌། །ཚིགས་པ་དྲུག་དང་ཨན་སྟོང་མེ་ཡིས་བསྡམས། །དེས་[དེ་]རྗེས་ཐོང་ཚེར་དང་ཀའ་[གའི་]བལ་རྩི་གཅིག །བལ་རྩི་རུས་བཅུད་གསུམ་གྱི་ཁུ་བས་བཙིར། །ཚ་བ་[ལ་]གླ་རྩིས་དུག་འདོན་བྱས་ནས་ནི། །རྡོག་གེ་[རྡོ་དྲེག་]ངར་འདོག་[བཏགས་]རླུང་དུས་བཏང་བ་ཡིན། །ཡང་ན་བལ་རྩིར་ཛ་[ཛཱ་]ཏི་ཀ་ཀོ་ལ། །རུས་ཁུས་སྦྱར་བཏང་མ་མཆུའི་དཀྱིལ་དུ་བསྲེགས། །གྲང་བས་སྦྱོང་[སྨྱོ་]ན་བུར་དཀར་ཆང་སྦྱར་བཏང༌། །དེས་མ་ནོན་ན་བཅུད་བཞིའི་ཆང་[ཐང་]ལ་ཛ་[ཛཱ་]ཏི་དང༌། །ཤིང་ཀུན་བིག་པན་ཁ་རུས་[རུ་]ཚྭ་བཏབ་བཏང༌། །དཀར་ནག་སྙིང་འཚམས་[མཚམས་]ཨན་ནོང་[སྟོང་]དྲུག་བདུན་བསྲེག །ཤ་མར་རྙིང་དང་རུས་ཚན་[ཆེན་]ཁུ་བ་བཏང༌། །གཉིས་པ་ལྐུགས་པའི་ཚ་བ་བཅོས་ཐབས་གཉིས། །ཚ་ལྐུགས་ག་པུར་རྒྱལ་བློན་གསུམ་པ་བཏང་། །བཏང་རྗེས་རྔུལ་བྱུང་[དབྱུང་]དེ་རྗེས་ཆུ་ཆག་བྱ། །ལྕེ་འོག་བོལ་གོང་སྒབ་རྩ་ཐང་[ཐོང་]རྩ་གཏར། །དེ་ལ་སྐྱེད་མེད་སྤྱི་གཙུག་སྐྲ་མཚམས་ནས། །སེར་[སོར་]བཞི་ཡར་གཞལ་གཉིས་ལ་བསྲེག་པ་ཡིན། །གྲང་བས་ལྐུག་ན་ནུ་མ་ནས་རྩལ་[བཅལ་]བ། །མཆིན་[མཆན་]ཁུང་གཡོན་ངོས་ཚོན་གོང་[གང་]སྲོག་རྩ་ནི། །མྱོས་བྱད་[བྱེད་]ཡིན་པས་དེ་དང་སྤྱི་གཙུག་དང༌། །ཨན་སྟོང་བ་མོ་སྙིང་ལ་བསྲེག །དཀར་འདོན་སྐྱུར་འདོན་ཤ་འདོན་ལ་སོགས་དང་། །ཤ་མར་བུར་རྙིང་བཅུད་ཀྱིས་འདོན་པར་བྱ། །གསུམ་པ་ཚ་བ་གཉིས་[གཉིད་]ཡེར་བཅོས་ཐབས་གཉིས། །གླ་རྩི་མར་དཀར་བསྲོས་ལ་བྱུག་པ་དང་། །གླ་རྩི་འོ་མར་བསྡུས་པ་སྒོག་སྐྱ་བཏང་། །རླུང་ཡེར་ཤ་ཆང་བུ་རམ་རྙིངས་རྒོག་[སྒོག་]ཚོད་བཏང་། །དྲོད་སྨན་འོ་མ་བུ་རམ་སྙིང་པོ་དང་། །སྦྱར་བའི་འཇམ་རྩི་བཏང་བར་བྱ་བ་ཡིན། །གཉིད་ཀྱིས་མྱོས་དང་[ལ་]བལ་བུ་རྡོ་དྲེག་དང༌། །ཤུག་འབྲུམ་ཐང་བཏང་སྤྱང་སྙིང་སྦྱོར་བ་ནི། །སྡིག་པའི་མགོ་དང་སྟག་མགོ་མའི་སྲིན་ལག་གི། །སེན་མོ་བྱི་བ་ཉ་མིག་གང་རྙེད་སྦྱོར་བ་བྱ། །མགོ་གཟེར་(གསེར་)ཕུད་གཡའ་ཁྱི་[ཀྱི་]རོ་[རི་]ཤོའི་རྩ་བ་དང་། །ཀྱི་[སྐྱི་]འབྲས་བོང་ང་དཀར་པོའི་སྐྱུག་བཏང་མཁྲིས་པ་བརྟེན། །དེས་ཟུག་མ་ཆོག་དེས་[དེ་]ནས་གསེར་མེ་ཏོག །དེ་རྗེས་བཤལ་བའི་སྦྱངས་པ་ཟུག་གཟེར་ཞིང་། །དཔྲལ་རྩ་འཚོགས་[མཚོགས་]གསང་གཏར་ལ་ཆུ་ཆགས་[ཆག་]བྱ། །མུར་ཁུང་འཕར་རྩ་ལྟག་པའི་བདུད་[སྡུད་]ཁུང་བསྲེགས། །དོམ་མཁྲིས་གུར་སྒུམ་[གུམ་]བོང་དཀར་ཏིག་ཏ་དང་། །ཀ་ར་སྦྱར་བཏང་ཚ་རྗེས་ལུམ་[ལུག་]མགོ་གསུམ། །ཤ་རུས་ཀླད་པ་ཚོས་པར་བཙོས་པའི། །ཁུ་བ་བཏང་ལ་མགོ་བོ་འཁྱམ་[འཁྱོམས་]པ་ལ། །མགོ་ཁྲོལ་སྦྱོར་བ་ཤིང་ཀུན་ལྒ་བཏབ་བཏང་། །མར་གསར་རྒྱམ་ཚ་བཏབ་པའི་སྣ་སྨན་བཏང་། །མིག་ཚག་ག་ཕུར་[པུར་]ལོམ་མཁྲིས་སྐྱེར་ཁན་[ཁཎ་]བྱུག །གླ་རྩི་སྐྱེར་པའི་བར་ཤུན་ཐང་དུ་བཏང་། །རྣ་བ་འོན་ན་ཚིགས་པ་བཅུ་བཞི་བསྲེགས། །རྗེས་ལ་འབྲས་བུ་གསུམ་རྩ་བ་ལྔ་ཡིས། །སྨན་མར་སྦྱར་བ་རྣ་བ་ཁེང་[གང་]པར་བབླུག་[བླུག་]། །སྣ་ཁྲག་འཛག་ན་མཁན་སྐྱེ་[སྐྱ་]སྐྱེར་ཁུ་བ་ལ། །རྡོ་དྲེག་དམར་པོ་དོམ་མཁྲིས་སྦྱར་ལ་བཏང༌། །ཡང་ན་གུར་ཀུམ་དོམ་མཁྲིས་མཚལ་ཐར་[མཚེ་ཐལ་]དང་། །རྡོ་དྲེག་སྙ་ལོ་པྲ་[སྲད་]དཀར་ཁྱི་ལྕེ་བ། །ཀ་ར་སྦྱར་བཏང་མགོ་སྟོད་ཆུ་ཡིས་སྐྲངས་[བསྒྲང་]། །ཁ་ལྕེ་སྐམས་ལ་རུ་ཏ་[རྟ་]ཉི་དགའ་དང༌། །ཆུ་རུག་པ་དང་ཀ་ར་སྦྱར་ལ་བཏང་། །སྐོམ་དད་ཆེ་ན་ཉི་དགའ་ཀ་ར་བཏང་། །འུ་སུ་བསྐོལ་ཁུང་[ཁུར་]ཀ་ར་སྦྲང་བཏབ་དབུལ། །ཡང་ན་སོ་ཕག་གདུས་པའི་ཁུ་བས་འཕུལ། །ཡི་ག་བགག་[འགགས་]ན་རྒུན་འབྲུམ་ཀ་ར་དང་། །སྐྱུ་རུ་སྦྲང་རྩི་སྦྱར་བའི་ཁུར་[མཁུར་]བཀང་བྱ། །ཏིག་ཏ་སྐྱུ་རུ་རའི་གྲང་ཐང་བཏང༌། །སྣོད་ཁ་ཐོང་རྩ་བཤའ་རིང་[གཤའ་རིངས་]མཁྲིེས་རྩ་གཏར། །གྲང་ན་སེ་འབྲུ་བཞི་དང་ཚ་[ཚྭ་]སྣ་ཅུང་[ཅུ་]གང་བདེ་བྱེད་དང་། །ཡི་གར་གང་འོང་ཟས་[ཟོས་]དེས་དངས་པ་[དང་]ཁ་འབྱེད། །སྐེགས་[སྐྱིགས་]བུ་འབྱམས་ལ་ཚ་དང་གྲང་བ་གཉིས། །ཚ་བས་སྐེགས་[སྐྱིགས་]ལ་མགོ་ལུས་ཆུ་ལུམས་བྱ། །དེ་རྗེས་ཚིག་[ཚིགས་]པ་བདུན་དང་[དྲུག་]ཚོགས་[མཚོག་]ཁ་བསྲེགས། །ཙན་འདན་[དན་]དཀར་པོ་ནུ་ཞོ་སྣ་རུ་བླུག །གྲང་བས་སྐེགས་[སྐྱིགས་]ན་ཚ་[ཚྭ་]སྣ་ཆང་སྦྱར་བཏང༌། །ཟན་གྲོན་[དྲོན་]ཞྭ་རྩེ་[མོ་]བྱས་ལ་མགོ་ལ་བཀོན་[གོན]། །གཟེར་ལ་ཁྲག་གཟེར་གཉེན་[གཉན་]གཟེར་རླུང་གཟེར་གསུམ། །རྩ་འབུར་དྲི་ཆུ་དམར་བས་ཁྲག་གཟེར་ཡིན། །མ་ནུས་[ནུ་]རུ་ཏ་[རྟ་]ཞིབ་བཏག་[བཏགས་]ཀར་ཆུས་ཕུལ། །གཉན་གཟེར་ཕ་བ་སྤུ་ལྷོག་ལྕེ་སྐྱ་ཤེས་པ་ཡང་། །གུར་གུམ་[གུ་གུལ་]ནག་པོའི་སྒྲུངས་[བགྲུངས་]ཐང་བཏང་། །རླུང་གཟེར་རྩ་སྟོང་གཟེར་ཅིང་ན་སྤོ་དྲི་ཆུ་དང་། །ཤེས་པ་འཕྱོ་ན་སྤྲུལ་[སྤྲུ་]རྩ་ཆོས་སྨན་དང༌། །གུར་ཀུམ་སྦྱར་བ་བྲེ་[སྲེ་]ལོང་ཐང་གིས་ཕུལ། །ཡང་ན་ཛ་ཏིག་[ཛཱ་ཏི་]སུག་སྨེ་[སྨེལ་]པི་པི་ལིང༌། །པུ་ཤེལ་རྩེ་དང་སླེས་ཁྲེས་[སླེ་ཏྲེས་]ཤིང་ཚ་དང༌། །ཀ་ར་སྦྱར་བ་སྲེ་ལོང་ཐང་གིས་དབུལ། །གློ་མང་ཅུ་གང་ཤིང་མར་[མངར་]ཀ་ར་སྦྱར། །བའམ་རའི་འོ་དྲོད་འཁྱོར་[ཁྱོར་]རེས་ཕུལ། །ཡང་ན་གི་ཝང་ཅུ་གང་ཤིང་རྩ་[ཚ་]པི་པི་ལིང་། །ཀ་ར་མར་སྦྱང་[སྦྱར་]སྦྱོར་བའི་འདི་[ལྡེ་]གུ་བཏང་། །ཡང་ན་ཅུ་གི་ཝང་རྩ་པི་པི་ལིང་དང་ཨ་ཁྲོ་[ཀྲོང་]རུ་ཏ་[རྟ་]དང་། །པི་པི་ལིང༌དང་ཀ་ར་སྦྱར་ལ་བཏང་། །འགོགས་པ་དཀར་[དཀའ་]ན་རུ་རྟ་པི་པི་ལིང་། །ཤིང་ཚ་སྐྱུ་རུ་ར་དང་སྦྲང་སྦྱར་བཏང་། །ཁྲུ་[འཁྲུ་]ལ་ཚ་ཁྲུ་[འཁྲུ་]རྣམས་[རྣམ་]པ་གཉིས། །དུད་ཁུ་དམར་སེར་དྲི་མེད་ཆུ་གཏིང་བྱིང༌། །ཚ་འཁྲུ་ཡིན་པས་དོམ་མཁྲིས་བརྒྱ་བྱིན་དང་། །བོང་ང་ག་དུར་བ་ལེ་ཀ་དང་ནི། རྩི་མར་[དམར་]བྲག་ཞུན་ཀ་ར་བདུན་སྦྱར་བས། །མཁྲིས་ཕྱེ་བདུན་པ་ཞེས་བྱ་ཨིན་ཏ་[ཨིཎྜ་]བཞི་ཐང་བཏང་། །རྩམ་པ་སྦུ་[ལྦུ་]བ་ཆུ་ཁྲུ་[འཁྲུ་]གྲང་བ་སྟེ། །ད་ཏྲིག་བིལ་པ་སྨུག་[སྨག་]དང་དུག་མོ་མོན་ཅ་[ཆ་]ར། །འཁྲུ་གཅོད་བཞི་དང་སེལ་[སེ་]འབྲུ་བཞི་ཐང་བཏང་། །ལྟེ་འོག་ཚོན་གང་ཚོན་དོ་བཅལ་བར་བསྲེགས། །སྐྱུག་པའི་ནད་ལ་ཚ་དང་གྲང་བ་གཉིས། །ཁྲག་དང་མཁྲིས་པ་སྐྱུག་པ་ཚ་བ་སྟེ། །ཁྲག་ཏུ་སྐྱུག་ན་རྒྱ་ཀག་[སྐྱག་]ཁུ་བ་ལ། །དོམ་མཁྲིས་ཀ་ར་གུར་ཀུམ་བཏབ་ལ་བཏང་། །མཁྲིས་སྐྱུགས་རྟ་སྦངས་ཕྱེས་བྲན་ཆང་སྦྱར་བཏང༌། །ཡང་ན་འབྲས་བཀྲུ་[བཀྲུས་]ཁུ་བ་པུ་ཤེལ་རྩེ། །སྦྲང་བཏབ་འདེ་[ལྡེ་]གུ་སྦྱོར་བཏང་གཅོད་པ་ཡིན། །ཆུ་དང་རྩམ་པ་སྐྱུག་ན་གྲང་བ་སྟེ། །འབྲས་སྤོས་ཕྲན་[ཡོས་བྲན་]ཆང་འཁྱོར་[ཁྱོར་]གང་སེལ་[སེ་]འབྲུ་པི་པི་ལིང༌། །བཅའ་ལྒ་སྦྲང་བཏང་བཏང་ལ་ལྷེན་གསང་བསྲེགས། །ལོང་གསང་ཚིག་[ཚིགས་]པ་དྲུག་པ་སྟོང་སྐྱུག་བྱེད་ན་བསྲེགས། །ཚ་བས་ཆུ་འགག་རྩ་གྲིམས་དམར་ལ་འཕྲིང་[མཁྲང་]། །སོ་བྱའི་སྒྲོ་ཐལ་དང་ནི་བོང་ཐོང་[ཐོར་]ནི། །ལག་རྨིག་གཡས་ཀྱི་རྩི་བཞུར་[བཞར་]ནས། །ཆུ་སྦུར་ཉི་དགའ་ཀ་ར་བཏབ་ལ་བཏང་། །ཡང་ན་ཞོ་ཤ་སྐྱེས་[སྐྱེར་]ཤུན་རྒྱ་ཚྭའི་ཐང༌། །དེས་མ་སེལ་ན་ལོང་རྩ་གཉིས་པ་[ལ་]གཏར། །ཟིལ་[ཟེ་]ཚ་གཟེ་མ་སྡིག་སྲིན་ཆང་སྦྱར་བས། །ཁྱེད་[ཁྱད་]པར་རིམས་ཚད་ཆུ་འགགས་སེལ་བར་བྱེད། །དྲི་ཆུ་ཁྲག་ཏུ་འཛག་ན་བྲག་ཞུན་དང༌། །གུར་ཀུམ་མཁྲིས་སྦྱར་བཏང་ལ་བྱིན་ལོང་གཏར། །དྲི་མ་འགག་ན་ལ་ཕུག་ཐལ་བ་དང༌། །ཨུག་ཆོས་འབྲས་བུ་ཨ་རུ་མཆུ་སྙུང་དང༌། །འོ་མ་སྦྱར་བ་ཏོར་[ལྟོར་]བཏང་ནི་རུས་གསུམ་[བསུ]། །ཁྱི་ལྕེའི་གདུས་ཐང་མར་ཀར་[དཀར་]བཏབ་ལ་བཏང་། །ཡང་ན་སྣེ་རྒོད་བུལ་ཐོག་[ཏོག་]ཐང་དུ་བཏང༌། །རྡུལ་[རྔུལ་]འབྱམས་(ད་)ལིས་ལུག་མིག་ཐང་བཏང་ལ། །རྗེས་ལ་སྒ་སྐྱ་ཆང་དང་སྦྱར་ལ་དབྱུག་[བྱུག] །ཧུང་ལན་[ཧོང་ལེན་]ཙན་དན་བོང་ང་མར་གསར་བྱུག །ལུས་དྲོད་ཕྱི་ཤོལ་[ཕྱིར་ཤོར་]ཆུ་ཆགས་[ལྕག་]བྱས་པའི་གཏིང་[རྟིང་]། །སྐྱུག་[སྐྱུ་]རུ་ཨུད་དཔལ་[ཨུཏྤལ་]མར་དཀར་སྦྱར་ལ་བྱུག །སེ་རྒོད་སྐྱེར་ཤུན་སྲོ་[སོ་]མ་ར་ཙ་[ཛ་]བྱུག །ཚ་འཇུག་[རྗེས་]རྐང་ལག་ཞ་རིངས་[རེངས་]ན་བ་ན། །ཁ་མིག་ཀུན་ནས་[ལ་]རྩ་སྦྱོང་ཆུ་ལུམས་བྱ། །འབྲས་ཕོལ་བྱུང་ན་ཐང་གིས་ཕྱེ་མ་གཏར། །དེ་ལྟར་གླ་གཉེན་[བླ་གཉན་]འཐོར་བུའི་ནད་སྣ་ཚོགས། །ཚ་བ་ཀུན་ལ་ཕལ་ཆེར་འབྱུང་འགྱུར་ཏེ། །ཁྱེད་[ཁྱད་]པར་དུག་(ནད་)དབལ་[བལ་]ནད་རིམ་ལ་[རིམས་ལ་]ཕན་[མང་]། །ཁ་འཐོར་[ཐོར་]ནད་སྣ་གཉེན་པོས་དེ་ལྟར་བསལ། །ཞེས་གསུངས་སོ།།

གསོ་བྱའི་ནད་འབུམ་ནག་པོ་ལ་[ལས་]ཚ་བ་སྤྱི་རུ་བཅོས་པའི་ལེའུ་(སྟེ་)བཅུ་གཉིས་པ་རྫོགས་སོ།། །།




མཐའ་མའི་འདོན་ཐེངས་།: 03.01.2024 ཉིན། 4:45 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།