སྨན་རྩིས་དྲ་བ། - ནད་འབུམ་ནག་པོ།

ལེའུ་དྲུག་བཅུ་པ། དྲེག་ནད་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 03.01.2024
ནད་འབུམ་ནག་པོ། >>

ལེའུ་དྲུག་བཅུ་པ། དྲེག་ནད་བཅོས་པ།

དེ་ནས་ཡང་འཚོ་མཛད་སྨན་པའི་རྒྱལ་པོས་བཀའ་སྕལ་[བསྩལ་]པ། དཔྱད་བུ་ལ་སོགས་གསོ་བ་འཛིན་པ་ཀུན། །གྲེག་[དྲེག་]གི་ནད་ལ་རྒྱུ་རྐྱེན་དབྱེ་བ་དང་། །རྟགས་དང་བཅོས་ཐབས་བཞི་ཡིས་བསྟེན་[བསྟན་]དུ་ཟུངས། །རྒྱུ་རྐྱེན་ཁྲག་འཁྲུག་[འཁྲུགས་]བྱེད་པའི་ཟས་སྤྱོད་བསྟེན། །ཉིན་པར་གཉིད་ལོག་སྐྱ་[སྐྱིད་]པར་དལ་བུ་[བུར་]འདུག།དྲག་ཤུལ་རྐྱེན་གྱིས་རླུང་ཁྲག་འཁྲུག་[འཁྲུགས་]པ་ཡིས། །ཐོག་མར་རུས་ལ་རླུང་ཁྲག་ཞེན་པ་དེས། །ལག་པའི་གྲུ་མོ་རྐང་པའི་ཐེབ་བོར་[མཐེབ་མོར་]གནས། །དངས་[དང་]པོ་ཁུལ་[ཁོལ་]བུ་རང་འབྱུང་རྙིངས་ནས་མཆེད། །གཉིས་པ་དབྱེ་བ་རླུང་མཁྲིས་ཁྲག་དང་བད་ཀན་བཞི། །གསུམ་པ་དེ་རྟགས་མངོན་ཚུལ་བརླ་སྐེད་པུས་བྱིན་ཚིགས། །གཡག་[གཡའ་]འགུལ་ཆག་སྙམས་[སྙམ་]ཚོར་མེད་ལྕི་བ་སྟེ། །ཡང་ཡང་ལྡང་ཞིང་ཞི་ལ་འགྱུར་ལྡོག་མང་། །ནད་རྒྱས་གསར་དུས་པགས་པ་ཁྲག་ལ་གནས། །སྐྲངས་དམར་དྲོད་ཆེ་སྲ་ལ་སྔོ་ཐིག་བཅན། །ཤིན་ཏུ་ན་ཞིང་བྱ་རྙོང་མང་བ་སྟེ། །རྟོགས་བྱའི་དུས་ཡིན་འདི་དུས་གསོ་བཅོས་བླ་[སླ]། །ཐ་མ་རྙིང་ནས་རྩ་ཆུ་རུས་ཚིགས་ཁྱབ། །ལྷག་པར་དྲོད་ཆེ་སྐྲངས་ཤིང་མི་བཟོད་སྲ་ལ་ཧྲེམ། །གཞང་ཁ་རུས་ཚིགས་འཆད་[ཆད་]པ་སྙམ་དུ་སེམས། །སྟོབས་རྒྱས་ཞ་འཐིང་[འཐེང་]འདི་དུས་གསོ་དཀའ་འགྱུར། །ཁྱད་པར་རླུང་གྱུར་གཟེར་འཕྲིག་འཕེལ་འགྲིབ་བྱེད། །སྐྲངས་པ་ནག་པོ་སྔོ་ཐིག་ཅན་དུ་འོང༌། །ཡ་[ཡན་]ལག་སོར་འཁུམ་སྙིང་ལ་གྲང་མོ་འདོད། །འཁྲིས་[མཁྲིས་]གྱུར་དྲོད་ཆེ་དམར་ལ་རེག་མི་བཟོད། །ཁྲག་གྱུར་ཚ་བབས་མདོག་དམར་འདྲུལ་བར་བྱེད། །བད་ཀན་ལས་གྱུར་གཡའ་རྕི་[ལྕི་]ཚོར་མེད་བེམ། །བཞི་པ་བཅོས་ཐབས་དང་པོ་ནང་སྐྱོན་གསལ་[བསལ་]དགོས་ཏེ། །སྣུམ་ཆོས་ཅི་རིགས་བྱས་ནས་རླུང་བསལ་ཏེ། །དེ་རྗེས་མང་དུ་གཏར་ལ་ཉུང་དུ་ཕྱུང་། །ཙག་ཙག་ལྷང་ལྷང་ན་པར་[སར་]བས་[རྔབས་]རུ་གཟུགས་[གཟུག] །སྐྲངས་མདོག་དམར་དུས་ལྷག་པར་བཙག་[གཙག་]པ་ཡིན། །ཉམས་[ཉམ་]ཆུང་རླུང་ཤས་ཅན་ལ་ཁྲག་མི་རུང་། །རླུང་གྱུར་སྤོས་དཀར་བ་གཙིན་[གཅིན་]འ་[འོ་]མས་སྦྱར་[སྦྱང༌]། །དེ་འོག་སླེ་ཁྲེས་[ཏྲེས་]བསྐོལ་བའི་ཁུ་བ་དང༌། །འོ་མ་བསྐོལ་ནས་ཀ་ར་བཏབ་ལ་བཏང་། །རྒུན་འབྲུམ་ཤིང་མངར་ཀ་ར་མར་བསྐོལ་བླུད། །འཁྲིས་[མཁྲིས་]གྱུར་ཉི་[ཉེ་]ཤིང་ཧུང་[ཧོང་་]ལེན་འབྲས་བུ་གསུམ། །སླེ་ཁྲེས་[ཏྲེས་]པ་ཏོལ་འོ་མ་མར་བསྐོལ་བླུད། །གུར་གུམ་སྐྱེར་པ་བསྐོལ་ལ་སྦྲང་སྦྱར་བྱིན། །དེ་འོག་དུར་བྱིད་རྒུན་འབྲུམ་འོ་མར་[མས་]སྦྱར། །བད་གྱུར་འབྲས་བུ་གསུམ་དང་སྦྲང་རྩི་བླུད། །བླ་[གླ་]སྒང་གུར་གུམ་སྐྱེར་བསྐོལ་སྦྲང་སྦྱར་བླུད། །ནད་སྟོབས་ཆེ་ན་སྐྱུག་དྲང་རྩུབ་ཆོས་[བཅོས་]བྱ། །མར་བསྐོལ་བླུད་ལ་བླུང་རིང་[བརླ་རེངས་]གསོ་དང་མཐུན། །འདུས་པ་འབྲས་བུ་གསུམ་དང་ཚ་བ་ལྔ། །གནྡྷ་པ་ཏྲ་ཤིང་ཚ་བ་ཤ་ཀ །པི་ལིང་མུ་[མཱུ་]ལ་ཅུ་གང་བྱི་ཏང་ཀ །ཤུ་དག་སྤང་སྤོས་ལྕག་[ལྕགས་]གཡའི་འདི་[ལྡེ་]གུ་ཡིས། །དྲེག་ནད་གཟེར་བཅས་མ་ལུས་སེལ་བར་བྱེད། །དུར་བྱིན[བྱིད་]ཨ་རུ་རྒྱམ་ཚྭ་པི་པི་ལིང༌། །བཀྲུ་འཇམ་སྦྱོར་བ་དྲེག་འཇོམས་སྨན་མཆོག་ཡིན། །ནད་[ནང་]སྐྱོན་སེལ་ན་ཕྱི་ནས་བྱུག་པས་བཅོས། །ཏིལ་མར་གུ་ཁུལ་[གུལ་]སྤྲ་ཚིལ་ཐལ་དྲེས་[ཏྲེས་]བཙོད། །བསྐོལ་བའི་འདི་[ལྡེ་]གུ་བྱུགས་པས་དྲེག་ནད་སེལ། །ཁྲག་འཁྲིས་[མཁྲིས་]ལས་གྱུར་སྟག་ཚེར་ཤིང་མངར་བཙོད། །སྐྱེར་པ་ཙན་དན་རྒྱ་ཤུག་སུ་[པུ་]ཤེལ་རྩེ། །སྲིན་[སྲན་]ཆུང་ཀ་རའི་འདི་[ལྡེ་]གུ་གྲང་མོ་བྱུགས།ཤུ་དག་རུ་རྟ་དུད་པ་སེར་པོ་གཉིས། །ཤུ་ཏིའི་འདི་[ལྡེ་]གུས་བད་རླུང་དྲེག་ནད་སེལ། །སྙིང་[རྙིངས་]ནས་ནི་རུ་དྲག་བཏང་སྣུམ་ཆོས་སྨན་གྱིས་བཀྲུ། །ཀུན་ལ་བད་ཚིལ་རླུང་ཁྲག་གཙོ་བོར་བཅོས། །ཞེས་གསུངས་སོ། །

གསོ་བྱའི་ནད་འབུམ་ནག་པོ་ལས་དྲེག་ནད་བཅོས་པའི་ལེའུ་སྟེ་དྲུག་ཅུ་པའོ།། །།



 

མཐའ་མའི་འདོན་ཐེངས་།: 03.01.2024 ཉིན། 4:05 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།