སྨན་རྩིས་དྲ་བ། - ནད་འབུམ་ནག་པོ།

ལེའུ་རེ་བཞི་པ། པགས་ནད་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 03.01.2024
ནད་འབུམ་ནག་པོ། >>

ལེའུ་རེ་བཞི་པ། པགས་ནད་བཅོས་པ། 

དེ་ནས་ཡང་འཚོ་མཛད་སྨན་པའི་རྒྱལ་པོས་བཀའ་སྩལ་[བསྩལ་]པ། དཔྱད་བུ་ལས་[ལ་]སོགས་གསོ་བ་འཛིན་པ་ཀུན། །ལྤགས་[པགས་]ནད་རྒྱུ་རྐྱེན་དབྱེ་བ་བཅོས་ཐབས་གསུམ། །རྒྱུ་ནི་སྲིན་དང་ཆུ་སེར་འཕེལ་བ་ལ། །གདོན་དང་འདུ་བ་འཁྲུགས་པས་ལྤགས་[པགས་]ནད་རྐྱེན[སྐྱེད]། །དབྱེ་བ་རླུང་གྱུར་སྨུག་ནག་རྕུབ་ལ་མཁྲིས་གྱུར་ནི། །སྤུ་བྱི་དམར་དལ་[ལ་]ཚ་བབས་ཆེ། །བད་ཀན་གཡའ་ཞིང་སྐྱ་ལ་འཐུག་པ་སྟེ། །ཤ་བཀྲ་འཛེར་པ་གླང་ཤུ་ཟས་[ཟ་]རྐོང་དང་། །ཤུ་བ་སྲིན་ཐོར་ངོ་ཤིག་བྱ་བ་སྨེ་ནག་དང༌། །ཤ་སྨུག་ཁམས་[ཁབས་]དང་ཁྱེ་མ་སྐྱ་བོ་བྱི་[བྱ་]རྗེས་ཅན། །དེ་ལས་[ལ་]སོགས་པ་ཚིག་དོན་འབྲེལ་བར་བརྟགས། །གསུམ་པ་བཅོས་ཐབས་སྦྲུལ་ནག་ལྤག་[པགས་]པ་ནུས་ལྡན་བསྲེག །བ་རུའི་མར་དང་བྱུག་པས་གླང་ཤུ་ཤ་བཀྲ་སེལ། །སྲོ་[སོ་]མ་ར་ཙ་[ཛ་]སྡོང་[ལྡོང་]རོས་བྲག་ཞུན་བྱུག །ཕག་ཚིལ་མུ་ཟིས་གླང་ཤུ་ཤ་བཀྲ་སེལ། །མཛེ་དང་འདྲ་བ་མཛེ་ནད་ལྟ་བུར་བཅོས། །འཛེར་པ་ལྤགས་[པགས་]པས་དྲངས་ཏེ་བཙོད་དང་ཤེས་མེས་བསྲེག །ཟས་ཀོང་[ཟ་རྐོང་]གང་ཉེ་གཏར་ལ་ཆུ་ལུམས་བྱ། །ཟ་ཕྲུག་རྩབས་བཀྲུས་ནིམ་པ་ནག་ཚུར་ཏིལ། །གྷྲི་[གི་]ཝང་རྩབས་དང་སྦྱར་བའི་འདི་[ལྡེ་]གུ་བྱུག །སྲོ་[སོ་]མ་ར་ཙ་[ཛ་]ཤུ་དག་ཙེ་[ཙི་]ཏྲ་ཀ །ལི་ཤི་ཟོ་མར་ཤུ་བ་ཟ་ཀོང་[རྐོང་]སེལ། །ཤུ་བ་ཐང་ཤིང་རུ་རྟ་ལྡོང་སྡོང་[ལྡོང་རོས་]མར། །ཡང་ན་མུ་ཟི་ཚབ་[ཚྭ་]ཕབས་དུ་བ་བྱུག །ཡང་ན་སྔོའི་ཚ་བ་གསུམ་དང་ར་དུག་པ། །ཐར་ནུ་ཆུ་རྩ་མར་བྱུག་ཤུ་བ་སེལ། །སྲིན་འཐོར་ད་[དྭ་]བའི་རྩ་བ་ཙི་ཏྲ་ཀ །བྱི་ཏང་ཀ་དང་བཙན་དུག་སྦྱར་བ་བྱུག །ངོ་ཁབ་[ཁབས་]ཁྱེ་མ་སྦྲང་བཙོད་འདི་[ལྡེ་]གུ་བྱུག །རྟ་དཀར་རྨིག་པ་བསྲེག་ཐལ་མར་གསར་དང་། །ཟི་ར་དཀར་ནག་ཉུངས་དཀར་འོ་མ་ཏིལ། །ཡང་ན་སྐྱེར་པ་སིང་[སེང་]ཕྲོམ་བྷྲི་དྷ་[བྲྀ་ཧ་]ཏི། །སེང་ཕྲོམ་སྤྲ་ཚིལ་སྤོས་དཀར་སུ་[པུ་]ཤེལ་ཙེ། །བུ་རམ་སྦྲང་མར་བ་གཅིན་བསྐོལ་བས་བྱུགས། །རྨེ་[སྨེ་]བ་ངོ་ཁབ་[ཁབས་]ཁྱེ་མ་སེལ་བར་བྱེད། །ཡོང་[ཡུང་]སྐྱེར་གཉིས་དང་རུ་རྟ་དུག་མོ་ཉུང་། །དུད་པའི་འདི་[ལྡེ་]གུས་ཤུ་བ་ཤ་བཀྲ་དང་། །གཡན་པ་ལྤགས་[པགས་]ནད་སེལ་བའི་བཅོས་སྨན་ཡིན། །ཞེས་གསུངས་སོ།།

གསོ་བྱའི་ནད་འབུམ་ནག་པོ་ལས་ལྤགས་[པགས་]ནད་བཅོས་པའི་ལེའུ་སྟེ་རེ་བཞི་པའོ།། །།




མཐའ་མའི་འདོན་ཐེངས་།: 03.01.2024 ཉིན། 4:02 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།