སྨན་རྩིས་དྲ་བ། - ནད་འབུམ་ནག་པོ།

ལེའུ་གོ་གཉིས་པ། རོ་ཙ་བར་བྱ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 03.01.2024
ནད་འབུམ་ནག་པོ། >>

ལེའུ་གོ་གཉིས་པ།  རོ་ཙ་བར་བྱ་བ། 

དེ་ནས་ཡང་འཚོ་མཛད་སྨན་པའི་རྒྱལ་པོས་བཀའ་སྩལ་[བསྩལ་]པ། དཔྱད་བུ་ལ་སོགས་གསོ་བ་འཛིན་པ་ཀུན། །རོ་རྩ་[ཙ་]གསོ་བ་འདི་ལ་གཉིས་ཡིན་ཏེ། །རོ་རྩ་[ཙ་]གསོ་དང་ཡན་ལག་སུ་[བུ་]མེད་བཙལ། །དང་པོ་རོ་རྩ་[ཙ་]གསོ་བ་འདི་ལ་གཉིས་ཡིན་ཏེ། །རོ་རྩའི་[ཙའི་]དོན་དང་ནད་གནས་དོན་སྣོད་དེ། །དང་པོར་རོ་རྩ་[ཙ་]བཅོས་པའི་མཚན་ཉིད་ནི། །འདོད་པ་རོ་རྩ་[ཙ་]གཡོ་ཞིང་སྤྱོད་ནུས་ཤིང་། །དེ་ཡིས་བསྐྱེད་པའི་རིགས་རྒྱུད་འཕེལ་བར་བྱེད། །དེ་ལ་གཙོ་དང་ཡན་ལག་རྣམ་པ་གཉིས། །ལས་དང་ཉོན་མོངས་དབང་གིས་ཕོ་མོར་གྲུབ། །རོ་རྩིས་[ཙའི་]གཙོ་བོ་སྐྱེས་པ་ཕོ་ཡིན་ཏེ། །དེ་ལས་རོ་རྩ་[ཙ་]གཡས་[གཡོས་]ནས་འདོད་སྤྱོད་ནུས། །མ་ནུས་བུད་མེད་རྒྱས་[བརྒྱས་]བསྐོར་འདོད་མི་སྐོར་[སྐོང་]། །རོ་རྩ་[ཙ་]ཁུ་བ་སྐྱོན་མེད་འཕེལ་སྤྱོད་ན། །བུད་མེད་འདོད་བསྐོར་[སྐོར་]བུ་ཚ་འཕེལ་བར་བྱེད། །དེ་ཕྱིར་ར་རྩའི་[ཙའི་]གཙོ་བོིའ་[བོ་]སྐྱེས་པ་ཡིན། །ཡན་ལག་བུད་མེད་མངལ་ལ་སྐྱོན་མེད་ཡིན། །མངལ་སྐྱོན་ལྡན་པ་ཁུ་བས་མི་འཛིན་དོར། །སྐྱོན་མེད་ཁུ་བ་འཛིན་དང་རྒྱུད་སྤེལ་བཞི། །ཕ་རབ་[རབས་]བུ་མོས་མོ་[མི་]ཟིན་བུས་འཛིན་པས། །གཙོ་བོ་སྐྱོན་མེད་བུད་མེད་སྤྱོད་ནུས་ཀྱང་། །བསོད་ནམས་ཆུང་དང་མངལ་སྐྱོན་ཅན་རྣམས་ལ། །བུ་མ་[མི་]འབྱུང་བ་བུད་མེད་བཙལ་ཐབས་རྟོགས། །དཔེར་ན་ས་བོན་མེད་ན་ཞིང་ས་དང་། །ཞིང་ས་ངན་ལ་ས་བོན་བཏབ་དང་འཚུང་[མཚུངས]། །གཉིས་པ་དོན་སྣོད་ལུས་པོ་སྤྱི་དང་བསམ་འཕེལ[སེའུ]། །བཅུད་ཀྱི་དངས་མ་བསམ་པ་[སེའུར་]འཕེལ་བ་ཡིན། །ས་བོན་དཀར་དམར་གཉིས་ཀ་བརྟེན་[རྟེན་]གནས་ཡིན། །དེ་ནས་ཕོ་མོ་གཉིས་ཀའི་ཐུན་མོངས་[མོང་]ནད་དུ་འདོད། །ས་བོན་དཀར་པ་མཐུར་[ཐུར་]ལྟ་དམར་པོ་མངལ་དུ་འབབས། །དམར་པོ་ཡར་བཟློག་ཁུ་བ་ཡ་ལྟ་འཛིན། །དེ་ནས་གཙོ་བོ་སྐྱེས་པའི་རོ་རྩ་[ཙ་]ལ། །སྦྱོར་བ་དངོས་གཞི་རང་[དགོས་ཆེད་]རྣམས་[རྣམ་]པ་གསུམ། །སྦྱོར་བ་གང་ཟག་གནས་གྲོག་[གྲོགས་]སྔོན་འགྲོ་འོ། །གང་ཟག་སྐྱེས་པས་བུད་མེད་མ་བསྟེན་ན། །བུད་མེད་སོ་ནམ་ཤོལ་[ཤོར་]བའི་ཞིང་ས་འདྲ། །རེག་མཐོང་ཙམ་སྐྱེས་[གྱིས་]བུ་ཚ་ག་ལ་འཕེལ། །དེ་བས་སྐྱེས་པས་བུད་མེད་འདོད་པ་ཡིན། །རོ་རྩ་[ཙ་]གསོ་ཐབས་བསྟེན་ནས་བསྙོམ་[སྙོམས་]པར་འཇུག །གནས་ཁང་ཉེ་འཁོར་རྫིང་བུ་མེ་ཏོག་གླིང་། །དྲི་ཞིམ་ནག་[ནགས་]ཚལ་སྒྲ་བསྙན་[སྙན་]རྒྱན་ལྡན་ཡིད་འོང་ལྟ་སྡུག་ཤིས། །སྔོན་འགྲོ་སྣུམ་ཆོས་[འཆོས་]ཁྲུས་ཀྱིས་སྦྱངས་བྱས་ནས། །ནི་རུ་ཧ་དང་འཇམ་རྩི་བཅས་པ་བཏང་། །དངོས་བཞི་[གཞི་]ས་བོན་གསོད་[གསོ་]དང་རླུང་[རླུགས་]པ་གཅད། །ཟས་དང་སྤྱོད་ལམ་སྨན་སྤྱད་[དཔྱད་]བཞི་ཡིན་ཏེ། །ཟས་ནི་ཀ་ར་བུ་རམ་སྦྲང་རྩི་དང་། །ཤ་ཚོག་[ཚོགས་]ཞོ་ཞག་ཞུན་མར་ལས་[ལ་]སོགས་ཏེ། །རོ་མངར་མདོག་དཀར་ཡིད་དུ་འོང་བའི་ཟས། །ལུས་སྟོབས་འཕེལ་དང་ཡིད་འཐད་གང་བདེ་བསྟེན། །སྤྱོད་ལམ་མིག་ལྟར་[ལྟོས་]ཨུམ་འདེབ་[འོ་བྱེད་]འཁྱུག་[འཁྱུད་]པ་དང་། །ཡིད་དུ་སྡུག་པའི་གཏམ་དང་འགྲོག་[འགྲོགས་]པར་བྱེད། །སྨན་ནི་ཤ་ཡི་རྒྱལ་པོ་ད་བྱིན་[བྱིད་]དེ། །ལུས་པོའི་སྟོབས་བསྐྱེད་ཁུ་བ་འཕེར་[འཕེལ་]བར་བྱེད། །དེ་ལ་སྦྱར་ཐབས་དཀྱིལ་འཁོར་ཅོག་དྲོགས་[ཀྲོང་]དང་། །དགུ་སྦྱར་བཅུ་གསུམ་པ་དང་ལྔ་པའོ། །དང་པོ་རྩ་བ་ལྔ་དང་འབྲས་བུ་གསུམ། །ད་བྱིད་སྨུག་པོ་བྲེ་གང་ལུགས་ཐུགས་[ལུག་ཐུག་]འབྲས། །ཆུ་དང་འོ་[མ་]མར་གདུས་ཁུ་བ་ལ། །རྒྱ་ཚ་སུག་སྨེ་[སྨེལ་]བཅའ་ལྒ་པི་པི་ལིང་། །བུ་རམ་སྦྱར་ནས་ནས་གསེབ་ཞག་གཅིག་མཉལ་[བསྙལ་]ཏེ་ཟ། །ཅོག་དྲོང་[ཀྲོང་]རྩ་བ་ལྔ་ཡི་སྨན་མར་ལ། །ད་བྱིད་སྨུག་པོ་ཛ་[ཛཱ་]ཏི་ཏིལ་དཀར་ནག །ཐང་ཕྲོམ་འབྲས་བུ་ཁ་ཚར་ཞད་ཙམ་བཏབ། །ཡང་ན་ད་བྱིད་སྨུག་པོ་ཏིལ་དཀར་ནག །དབང་ཕའི་[རྩངས་པའི་]ཤ་རྣམས་མཆིལ་པའི་ཁོག་པར་བཅུགས[བཅུག]། །ཁ་བཙམ་[བཙེམས་]མར་དུ་བཙོས་ལ་སྐམས་བསྟག་[བཏགས་]བྱེད་[ཕྱེ]། །གོང་གི་མར་ཁུང་[ཁུ་]བཏབ་བཅོས་[བཙོས་]བུ་རམ་སྦྱར། །དགུ་སྦྱོར་ད་བྱིད་སྨུག་པོ་ཛ་[ཛཱ་]ཏི་དང་། །མི་དང་བྱི་ལ་སྲམ་གྱི་མཇུག་མ་དང་། །ཅོང་ཞི་མུ་ཟི་བྲག་ཞུན་ཐང་འབྲས་དང་། །ཁྲལ་ཁྲོལ་བརྡུང་ནས་མཆིལ་པའི་ཁོག་པར་བླུགས། །དར་གྱིས་བཙས་[བཙེམས་]ནས་མར་གྱི་ཁུ་བར་བཅོས་[བཙོས]། །མར་དེ་བུ་རམ་སྦྱར་ལ་ཤ་སྐམ་བཏབ། །ཁྱེད་དུས་[ཁྱེའུ་སུས་]དུས་ནས་ཁམ[ཁྱེམ་]བུ་རེ་རེ་བསྟེན། །དེ་རྣམས་ཀུན་གྱིས་ལུས་ཀྱི་སྟོབས་རྒྱས་དང་། །མཁལ་མའི་དྲོད་སྐྱེད་ས་བོན་ཟད་པ་གསོ། །ལྔ་པའི་སྦྱོར་བ་ཅོང་ཟི་[ཞི་]རོ་རྩ་[ཙ་]བས། །བ་ཡི་འོ་མར་འདབ་ཐག་[འདམ་བཏགས་]བྱས་ཕྱེ་ལ། །དབང་པོ་ལག་པ་མཆིལ་པའི་གོ་[མགོ་]བོ་དང་། །ཐང་འབྲས་ད་བྱིད་སྨུག་པོ་སེར་པོ་གཉིས། །བུ་རམ་སྦྱར་ནས་ཁྱེད་པུས་[ཁྱེའུ་སུས་]ཆང་གིས་དབུལ། །བཅུ་གསུམ་པ་ནི་ད་བྱིད་སྨུག་སེར་གཉིས། །སྲབ་[སྲམ་]གྱི་ཤ་དང་བྲག་གི་རྩང་[རྩངས་]པ་གཉིས། །ཁྱིམ་[བྱ་]ཕུག་རོན་མཆིལ་པ་[ནས་]ཟིན་[ཟན་]མགོ། །གཙང་ཉ་ཐང་འབྲས་དབང་པོ་ལག་པ་དང་། །ཉ་[ཉེ་]ཤིང་པ་དང་ཅོང་ཟི་[ཞི་]བུ་རམ་སྦྱར། །ལྔ་པ་གཉིས་པས་ཁུ་བ་ཟད་པ་འཕྲལ་དུ་བསྐྱེད། །ནུབ་མོ་རེ་ལ་བུད་མེད་བརྒྱ་སྤྱོད་ནུས། །གཞན་ཡང་ལུག་ཐུག་འབྲས་བུ་འོ་མར་བཙས་[བཙོས]། །ཀ་ར་ཏིལ་སྦྱར་ཟོས་ན་དེ་དང་འདྲ། །པི་ལི་[ལིང་]སྦང་ཁུར་སྐྱུ་རུ་སྦང་ནས་ཐིམ། །ཀ་ར་སྦྲང་མར་སྦྱར་བཟང་[ཟོས་]འོ་མ་འཐུང་། །དཔྱད་ན་[ནི་]ཁྲུས་བྷེ་[འབད་]བྱེད་ཅིང་ཀུ་བསྙེ་[བསྐུ་མཉེ་]བྱ། །གཉིས་ལ་ཁུ་བ་བླུག་[རླུགས་]ན་འཕེར་[འཕེལ་]དང་ནད་དང་[དུག་]གཏོན[གདོན]། །ལུས་རྒྱས་ཁུ་འཕེལ་ཡིན་ན་བུད་མེད་འདོད། །དེ་ཡིས་འཛག་ན་བུད་མེད་བསྟེན་པས་ཆོགས[ཆོག]། །ནད་ནི་གྲང་རླུང་མཁལ་མའི་སྟོབས་ཉམས་པས། །རྩའི་སྡོམ་ཧོལ་ཆུ་དང་སྡོང་ནས་འཛག །ཚིགས་པ་བཅུ་གསུམ་བཅུ་དགུ་ནང་སློང་[ལོང་]དང་། །གདོན་[གདོང་]ངོས་ཆུ་རྒྱུས་བར་དུ་མེ་ཡིས་བསྲེགས། །བོང་བུ་རྟ་སྲབ་[སྲམ་]ཤ་དང་ད་བྱིད་སྦྱར། །ཚ་བ་ལྔ་དང་ཚ་[ཚྭ་]སྣ་ཚོགས་ཚད་ཀྱི། །རིལ་ལུ་[བུ་]ཆང་གིས་དབུལ་བསྟན་[བསྟེན་]དུས་[དུག་]ལས་བྱུང་བ་ནི། །ཕྱི་ནང་གསང་རྟགས་དངོས་བཟུངས་[ངོས་བཟུང་]དེའི་གཉེན་པོ་ནི། །ཐང་ཕྲོམས་[ཕྲོམ་]པ་ལས་འངོ་བསད་ལུས་ཟུངས་ད་བྱིད་སྦྱོར། །གདོན་གྱིས་འཛག་ན་བུད་མེད་བསྟེན་པ་རྨིས། །ནག་པོ་དགུ་སྦྱོར་གསུམ་སྦྱར་བཟའ་དང་ལུས་ལ་བསྟན[བསྟེན]། །གདོན་ནད་གསོ་སྐབས་ལྟར་དང་སྨན་དཔྱད་བྱ། །རྒས་པ་ནད་མེད་རོ་རྩ་[ཙ་]དར་ཁ་འབབས། །དུས་ཚིགས་བཟུང་ནས་བུ་[བུད་]མེད་བསྟེན་པ་ནི། །འདུས་སེམས་བདེ་ལ་རིགས་རྒྱུད་འཕེལ་བ་དང་། །ལོངས་སྤྱོད་ཀུན་ལ་འདི་བས་དགའ་བ་མེད། །དེ་བས་བཙན་དུ་ལྡང་པའི་ན་ཆུང་བསྟེན། །ཞེས་གསུངས་སོ།།

གསོ་བྱའི་ནད་འབུམ་ནག་པོ་ལས་ས་བོན་ཁུ་བ་གསོ་བའི་ལེའུ་སྟེ་གོ་གཉིས་པའོ།། །།


མཐའ་མའི་འདོན་ཐེངས་།: 03.01.2024 ཉིན། 2:42 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།