སྨན་རྩིས་དྲ་བ། - ནད་འབུམ་ནག་པོ།

ལེའུ་བཅུ་བཞི་པ། ཚ་བའི་རི་ཐང་མཚམས།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 03.01.2024
ནད་འབུམ་ནག་པོ། >>

ལེའུ་བཅུ་བཞི་པ། ཚ་བའི་རི་ཐང་མཚམས།

དེ་ནས་ཡང་འཚོ་མཛད་སྨན་པའི་རྒྱལ་པོས་བཀའ་སྩལ་[བསྩལ་]པ། །ཚ་བའི་ནད་རྣམས་གཉེན་པོས་བཟློགས་[བཟློག་]སླ་ཡང༌། །ཚ་བའི་ཕྱི་རྗེས་གྲང་བའི་རླུང་སྐྱེ་ནས། །ཚ་གྲང་འཁྲུལ་ནས་གཞན་གྱིས་སྲོག་འདོར་བས། །རི་ཐང་འཚམས་[མཚམས་]ཀྱི་ཚ་བ་བཅོས་ཐབས་འདི། །དཔྱད་བུ་ལ་སོགས་གསོ་བ་འཛིན་པས་བཟུངས་[བཟུང་]། །འཁྲུལ་མེད་ནད་[གནད་]ཀྱི་ངོས་འཛིན་རིགས་པ་འདི་[ཡིན]། །རི་ཐང་འཚམས་[མཚམས་]ཀྱི་འཕྲད་[འཕྲང་]ལ་རྣམས་[རྣམ་]པ་གསུམ། །རླུང་གི་ཞུ་འཁྱག་སྔོན་དུ་འོང་བ་དང་། །མཁྲིས་པའི་ཞུ་འཁྱག་དོག་པར་རྒྱུག་པ་དང་། །བད་ཀན་ཞུ་འཁྱག་ཕྱི་རྗེས་གཅོད་པའོ། །དེ་ལྟར་མི་ཤེས་སོ་མཚམས་ཅིག་ད་[གཅིག་ཏུ་]བཟུང། །བླུན་པོ་ཤེས་པ་དེ་ཡིས་གཞན་སྲོག་ལེན།  །དེ་བས་འདི་ལྟར་འཕྲང་གསུམ་ཤེས་པར་གྱིས། །རྒས་དང་ཚ་བའི་རླུང་ཆེར་(རླུང)ནད་[གནས་]འབབ། །མྱ་ངན་སེམས་ལས་འཕྲལ་གྱིས་རླུང་རྐྱེན་འདོམ། །ག་ཕུར་[པུར་]གཏར་བཤལ་ཚ་བ་བདའ་གྲོག་[དྲགས་]སོགས། །དེ་རྣམས་རིགས་ལ་ཚད་གཉན་[གཉའ་]ཆག་ཙན་ན། །རླུང་གིས་སྣ་བླང་འཐོར་[ཐོར་]བུའི་རླུང་རྟག་[རྟགས་]འབྱུང་། །ཚ་བཞུགས་[གཞུག་]འཐོར་བུའི་རླུང་ནུས་པ་ཡིས། །རྩ་རྒྱུག་ཆུ་དམར་དྲོད་དང་སྐོམ་དད་ཆེ། །ལྕེ་སྐམས་རྔམ་པ་རྒོད་པ་ལ་སོགས་པའི། །ཚ་བའི་རྟགས་སྟོན་འཁྲུལ་བའི་ས་ཅིག་ཡིན། །ལྟར་སྣང་ཚ་བའི་རྗེས་འབྲིང་[འབྲངས་]དེད་པ་ན། །ཁ་ཐལ་རླུང་གིས་ཚ་བ་སྲོག་རྩར་ཕུལ། །རྩ་སྟོང་[སྟོངས་]ཞེས་བྱ་འདི་ལ་གསོ་ཐབས་དཀའ། །དེའི་ཕྱིར་ཟས་ཀྱིས་སྔུན་བསྲུ་[བསུ་]རླུང་སྣ་བླན་གླན། །ཧ་ཅིང་[ཅང་]རླུང་བསྲུང་ཧ་དྲགས་ཚ་གཞུག་འཕར། །དེ་ཡང་ཟས་ཀྱིས་ཚ་བསྐྱེད་རྙིང་[རྙིངས་]ཚད་བསྐྱེད། །རླུང་གི་ཞུ་འཁྱག་རིགས་[རིག་]དཀའ་འཁྲུལ་པ་[སོ་]ཆེ། །དེ་ཕྱིར་ངོས་འཛིན་ཕྱི་ནང་གསང་བ་གསུམ།  །ཚད་བཞུག་[གཞུག་]རླུང་གིས་བུས་པའི་ཕྱི་རྟགས་ལ། །རྩ་རྒྱུག་གོང་[གང་]རྒྱས་སྟོང་ལ་མནན་མི་བཟོད།  །ཆུ་མདོག་དམར་ལ་གདང་[དངས་]ཡང་སྦུ་[ལྦུ་]བ་ཆེ། །ཟུག་གཟེར་མ་ངེས་འཕྲོ་[འཕོ་]ཞིང་ན་བ་ཡིན། །ལྕི་སྟིང་[ལྕེ་སྟེང་]སྐམ་ཞིང་དམར་ལ་རྩུབ་པ་ལ། །སྐོམ་དད་ཆེ་ཡང་མ་འཐུང་སྲན་ཐུབ་ལ། །རྔམ་འདེགས་རྒོད་པར་གྱུར་ཀྱང་སྣ་ཕུག་[བུག་]ཧར། །རླུང་གསང་བརྗིས་[བརྫིས་]ན་ན་སྟེ་མནན་མི་བཟོད། །བསིལ་གཏར་བརྟེན་[བསྟེན་]ཡང་ཚ་བ་མི་ཆོག་སྐྱེ། །རུས་ཞོ་བུ་རམ་བསྟེན་པས་ཚ་རྟག་[རྟགས་]ཐུབ། །ནང་གི་བརྟགས་[བརྟག་]པ་རྩ་ནི་སྟོང་ལ་མྱུར། །ཆུ་མདོག་དམར་ལ་གདང་[དངས་]ཤིང་སྦུ་[ལྦུ་]བ་ཆེ། །ལྕེ་རིང་[སྟེང་]དམར་ལ་སྐམ་ཞིང་རྩུབ་པ་སྟེ། །དེ་གསུམ་ལྡན་ན་ཁ་ཟས་གློད་པས་ཆོག །ལྕེ་སྐམས་ཕན་ཆད་འབུད་རླུང་ཡོད་པ་ཡིན། །སྐམ་ལ་ཧྲིད་ན་རླུང་བས་ཚད་ཁ་མཐོ། །སྐམ་ལ་ནག་ན་རླུང་ཚད་ཕྱེད་མར་འོང་། །སྐམ་རྩུབ་དམར་བ་རླུང་ཉིད་ཟད་[ཟང་]མ་ཡིན། །སེར་ལ་སྐམ་ཁོག་རླུང་དང་མཁྲིས་པ་ཡིན། །སྐྱེ་[སྐྱ་]ལ་སྐམ་ཁོག་བད་རླུང་ཚ་བ་ཡིན། །སྐྱ་སླེད་[གླེག་]མདོག་མེད་ཚ་བ་བྱེར་ལ་རྙིངས་[རྙོགས]། །དམར་འཇམ་རློན་ཞིང་མཉེན་ན་ནད་མེད་ཡིན། །མན་ངག་ལྡན་པས་ཞུ་འཁྱག་མཐོང་ཞིང་[བས་]གསལ། །གསང་བ་ཕུག་བརྡོལ་སྨན་གྱིས་བཏག་[བརྟགས་]པ་ནི། །བུ་རམ་གོ་སྙོད་ལྒ་སྐྱ་གསུམ་བསྡུས་ཐང་། །རུས་བཅུད་གསུམ་མམ་རུས་ཞོ་གང་རུང་བ། །འཁྱོར་[ཁྱོར་]གང་སྲོད་ལ་བཏང་ནས་དེ་ནུབ་ལ། །གཉིད་ཆེ་ཟུག་ཆུང་རླབ་ཆོལ་[བླ་འཆོལ་]ཉུང་བ་དང༌། །ནངས་སེར་[པར་]ལྕེ་རློན་ཤེས་པ་གསལ་ན་ངེས། །རྔམ་རྒོད་འདར་འབོག་སྨྲ་འཆར་[འཆལ་]འབྲོས་པ་ན། །དཔྲལ་བར་[བ་]མཐིལ་བཞི་ཚགས་བཞི་[ཚིགས་པ་]བསྐུའ་[བསྐུ་]མཉེ་བྱ། །ཚིལ་བུ་བུ་རམ་ཕྱེ་གསུར་དུ་བས་བདུག །གོང་གི་སྣ་ལེན་འཚམས་[མཚམས་]སུ་ཕེབས་པར་ངེས། །ངེས་པ་རྙེད་ན་བསིལ་ཤ་གསར་པ་ཡི། །ཚོག་ཁ་[ཚོ་ཁ྄ུདགུ་མདོམ་[འདོམ་]ཕྲད་དང་གསར་འཇམ་བཏང་། །བ་ཤ་བཙོས་འཁེངས་[ཁེངས་]སྒོག་སྐྱའི་ཚ་མིག་དང་། །བ་རའི་མར་གསར་ཀ་ར་སྦྲང་སྦྱར་རྣམས། །སྲོད་དང་ཐོ་རངས་རླུང་གིས་དུས་མ་[ལ་]བསྟེན། །དེ་ནས་རྒྱས་བྱུང་ཚད་པ་བཅོས་ཐབས་བྱ། །ཁ་ཟས་སྔོན་གློད་བསིལ་སྨན་བཞུག་[གཞུག་]བསྲིང་ལ། །རླུང་སྣ་ཟོས་[ཟས་]མནན་ཚད་ལྷག་བསིལ་གྱིས་གདོན།  །དར་མ་ནད་ཁམས་ཁྲག་མཁྲིས་ཆེ་བ་དང༌། །ཚ་བ་མཁྲིས་པའི་གནས་སུ་བབས་པ་དང༌། །ཤ་ཆང་གཉིད་དང་དྲག་ཤུལ་ཚ་རྐྱེན་འཛོམས། །ཚ་བ་ཁ་ཐལ་བཅོས་འཕྱིས་ལ་སོགས་པ། །བད་རླུང་གྲོགས་མེད་ཚད་པ་རྐྱང་པ་རྣམས། །ཚད་པ་ཟད་ཀྱང་བད་རླུང་རྟགས་མི་འོང། །དེ་ལའང་[ལ་]ཟས་གློད་ཡེན་ལ་གཏང་[གཏད་]རྗེས་ཀྱི། །རྩ་སྦུབས་སྟོང་པར་[སྟོངས་པས་]ཟས་ཚད་བསྐྱེད་འགྱུར་བས། །རྩ་འདེག་[འདེགས་]དྲོད་ཆེ་ཁ་སྐམ་ཤེས་པ་འཐིབ། །ཚ་བ་ལྷག་མ་ཡོད་ཟེར་འཁྲུལ་པའི་ས་གཅིག་པས། །རྨོངས་པས་དེ་ལ་བསིལ་གྱིས་དེད་པ་ཡིས། །ཟུངས་ཟད་རླུང་ལས་གྱུར་པའི་ཚ་བས་[བར་]ལྡོག །དེ་ནི་འཆི་བདག་ཁ་རུ་གཞན་སྲོག་བཅུག་པ་འདྲ། །ཟས་གློད་རྔས་ཀྱང་[སྔས་ན་]རྒྱས་པའི་ཚ་བར་ལོག །དེ་ལྟར་བཏང་གཞག་མི་མཁས་མགོ་བོ་འཁོར། །སྔས་དང་འཕྱིས་པ་མ་ཡིན་ཚད་པ་ཕོབ་པ་གཅེས། །དེའི་[དེ་ཡི་]རྟགས་ལ་དོན་མེད་རྔུལ་འབྱུང་ཞིང༌། །དང་ཁ་མི་འགག་སྐོམ་དད་ཆུང་བ་དང༌། །གཉིད་དུས་ཟ་ཟི་མི་འོང་རྔམ་པ་བདེ། །སྣ་རྡོག་མཉེན་ཅིང་ཆུ་མདོག་དམར་སེར་དང༌། །རྩ་བརྒྱུད་[རྒྱུད་]ཕྱི་གྲིམས་ནགས་[ནང་]ལྷོད་ཐ་མལ་གྲངས། །ལྕེ་སྟོང་[སྟེང་]སེར་ལ་སྐམ་ཁོག་ཐ་མ་དམར། །ཤ་རྙིང་མར་རྙིང་བུ་རམ་ཆང་ལ་སོགས། །བཏུད་[བསྟུད་]དྲགས་པ་དང་ཧ་ཆང་[ཅང་]ཚད་ལས་ཐལ། །ཟོས་གྲོགས་ཚ་བ་བསྐྱེད་ཀྱང་ཟས་སྤྱད་[བཅད་]མེད། །དེ་ལས་ལས་[ལ་]ཐལ་ཟུངས་ཟད་རླུང་གྱུར་ནད། །ཤ་འཆོར་མདོག་སེར་ལྕེ་ཡིས་རོ་མི་ཚོར། །རྔམ་རྒོད་བད་རླུང་ལྡན་ཞིང་སྐོམ་དད་ཆེ། །སྐྲ་རྩེ་[རྩ་]སེར་[སེང་]ལ་སྐྲ་འདབ་བག་ཙམ་འདར། །མཁྲིས་པའི་ཞུ་འཁྱག་མི་འགྱུར་ངོས་འཛིན་ཡིན། །དེ་ལ་ཚ་བ་རྟགས་བཅོས་ནུབ་རྗེས་ལ། །གྲང་རྟགས་མ་ཞོ་བུར་ཞོ་ཚོགས་གུ་[ཚོ་ཁུ་]དང་། །ཆང་འཇམ་ཆུ་བསྲེས་གཡེམ་[ཡུན་]བྲིད་ལ་བཏང་། །དེ་ཡིས་ཚ་བ་མི་སྐྱེ་འཁྲུལ་པོ་[སོ་]མེད། །ནད་ཟད་ཟས་ཀྱིས་ཚ་བ་སྐྱེ་འདྲ་ཡང་། །བསྲེག་པའི་ནུས་མེད་ཐལ་ཚན་དྲོད་དང་མཚུངས། །གལ་ཏེ་ཚ་བ་བདའ་དྲགས་ཁ་ཐལ་ན། །ཟུངས་[ཟད་]རླུང་གྱུར་ཚ་བ་ལོག་པས་ན། །རུས་བརྙིང་[རྙིང་]བསྡུས་ཁུར་ཤིང་ཀུན་སྤྱོད་[སྤོད་]སྣ་བཏབ།། །བིག་པན་ཐལ་བ་དྲོད་འཇམ་ཕྱེ་བུས་[ཁྱེའུ་སུས་]བཏང༌། །ཡང་ན་ཁ་རུ་ཚ་དང་འཛའ་[ཛཱ་]ཏི་དང༌། །མར་རྙིང་སྦྱར་བས་སུམ་ཡར་བཏང་བར་བྱ། །དེས་མ་ཐུབ་ན་ཛ་[ཛཱ་]ཏི་ལྔའམ་གསུམ། །ཁ་རུ་ཚ་ལ་ཞོ་བཞི་བུ་རམ་གཅིག །མར་རྙིང་སྲེང་[སྲང་]བདུན་འདེ་[ལྡེ་]གུར་བྱས་ལ་བཏང༌། །མི་རུས་བསྡུས་ཁུར་སྐན་[སྒོག་]སྐྱ་ཤིང་ཀུན་བྲན། །མཐིལ་བཞི་ཚིག་[ཚིགས་]པ་རླུང་གསང་ཀུན་མཉེམ་[བསྐུ་མཉེ་]བྱ། །རླུང་གསང་བཞི་མོང་[བསྲོ་]མར་རྙིང་འཇམ་རྩི་བཏང་། །ཤ་ཆང་མར་རྙིང་བུ་རམ་དྲོད་བཅུད་བསྟེན།།

བྱིས་པ་བད་ཀན་གྲང་ཤས་ཆེ་བ་དང་། །བད་ཀན་ཡུལ་དུ་ཚ་བ་བབས་པ་དང༌། །མ་སྨིན་གཏར་བསིལ་ཚ་བ་བྱེར་དགོས་ཡོད། །ཚད་གཞུག་མི་མངོན་གྲང་རྟོགས་[རྟགས་]ཞ་མར་འོང༌། །རྩ་དལ་ཆུ་མདོག་སྔོ་ལ་དང་ཁ་འགགས། །ལྕེ་རློན་གདོང་སྐྱ་ཁ་ཟས་འཇུ་བ་དཀའ། །བག་ཉལ་ཡིན་པས་གྲང་བར་འཁྲུལ་དགོས་ཡོད། །དེ་བས་ཟས་སྤྱོད་ཚ་བར་བཟློག་དགོས་ཡོད། །དེ་ལས་ཐལ་གྲགས་[དྲགས་]དམུ་ཆུར་གྱུར་པ་ཡིན། །དེ་མ་ཡིན་པ་འདི་ལ་ཐལ་སྐྱོན་ཆུང༌། །དེས་ན་ཚ་བ་ཟད་ངེས་རྗེས་གཅོད་བྱ། །ངོས་བཟུང་རྩ་རྒྱུད་བྱིད་[བྱིང་]ལ་ལྷོད་པར་དམར་[འཕར]། །ཆུ་ཁ་སྙིང་[སྙི་]དང་མདོག་སྔོ་ཤིན་ཏུ་དངས། །དངས་[དང་]པོའི་གོས་ཀྱིས་མི་དྲོས་སྐྲ་རྩ་སེར་[སེང༌]། །ཁ་ཟས་འཇུ་བའི་སྟོབས་དང་སྐོམ་དད་ཆུང༌། །བྲང་དང་གསུས་པ་མིག་ཕུགས་བོལ་གོལ་[གོང་]སྐྲངས། །དེ་འདྲ་ཚ་བ་མེད་ངེས་རྟགས་ཡིན་པས། །གོང་དང་མི་འདྲ་ཁ་ཟས་བྱིད་[བྲིད་]མི་དགོས། །ཤ་ཆང་དྲོད་བཅུད་ལྷག་[ལྷུག་]པར་བཏང་བས་ཆོག །འཇུ་དཀའ་སྦོས་འཁྲོག་ཁ་མངར་[མངལ་]མཆིལ་མ་མང༌། །རྒྱམ་ཚ་བཞི་པ་སིལ་[སེ་]འབྲུ་བཞི་པའམ། །རྒོད་མ་ཁ་ཕྱེའི་ཕྱེ་མས་མེ་དྲོད་གསོ། །ཞེས་གསུངས་ཏེ། །ཚ་རིགས་སྤྱིའི་བཅོས་ཐབས་དང་། །འཁྲུག་པོ་[འཁྲུལ་སོ་]རྗེས་གཅོད་ཚ་བ་ཀུན་ལ་སྤྱི་རུ་བསྟན་པའོ།།

།གསོ་བྱའི་ནད་འབུམ་ནག་པོ་ལས་རི་ཐང་འཚམས་[མཚམས་]ཀྱི་ཚ་བ་བཅོས་ཐབས་བསྟན་པའི་ལེའུ་སྟེ་བཅུ་བཞི་པའོ།། །།



མཐའ་མའི་འདོན་ཐེངས་།: 03.01.2024 ཉིན། 4:43 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།