སྨན་རྩིས་དྲ་བ། - ནད་འབུམ་ནག་པོ།

ལེའུ་བཅུ་དྲུག་པ། རྒྱས་པའི་ཚ་བ་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 03.01.2024
ནད་འབུམ་ནག་པོ། >>

ལེའུ་བཅུ་དྲུག་པ། རྒྱས་པའི་ཚ་བ་བཅོས་པ།

དེ་ནས་ཡང་འཚོ་མཛད་སྨན་པའི་རྒྱལ་པོས་བཀའ་སྩལ་[བསྩལ་]པ། །དཔྱད་བུ་ལ་སོགས་དསོ་བ་འཛིན་པ་ཀུན། །རྒྱས་ཚད་བཅོ་སཔའི་རིག་[རིགས་]པ་བསྟན་གྱིས་ཟུངས། །འདི་ལ་རྒྱུད་[རྒྱུ་]རྐྱེན་མིང་དང་དབྱེ་བ་དང་། །བརྟག་པ་དང་ནི་བཅོས་ཐབས་དྲུག་གིས་བརྟེན་[བསྟན]། །རྒྱས་ཚད་རྒྱུ་ནི་གནོད་བྱེད་མཁྲིས་ནད་ཡིན། །ངོ་བོ་ཚ་ཞིང་མོན་[རྣོ་]ལ་དྲི་མ་མནམ། །གཉིས་པ་རྒྱས་[རྒྱུ་]རྐྱེན་རང་བཞིན་རྒྱས་པ་དང༌། །དུས་ཀྱིས་རྒྱས་དང་རྐྱེན་གྱིས་རྒྱས་པའོ། །རང་བཞི་[བཞིན་]མ་མོ་གཉེན་[གཉན་]བཙན་འཁྲུགས་པའི་ནད། །སྟོན་དཔྱད་[དཔྱིད་]ཚ་སྒོའི་ཡུལ་དུས་འཛོམ་པ་དང༌། །ཤ་ཆང་ལ་སོགས་ཟས་སྐོམས་[སྐོམ་]དྲོད་བཅུད་དྲགས། །སྤྱོད་ལམ་དྲག་ཤུལ་རྐྱེན་གྱིས་འཁྲུགས་པ་ལ། །ཚ་རྣོ་དྲོ་ཡི་མེ་ཏོག་[དྲོད་]ཐང་ལ་ལྷགས། །ལུས་ཟུངས་ཁྲགས་[ཁྲག་]དང་དྲི་མ་རྔུལ་ལ་རྒྱས། །དུས་ཀྱིས་རྒྱས་པ་སྨིན་དང་ཚ་བ་ཤུགས་ལ་རྫོགས། །ཚ་བ་རྒྱས་ནས་དུས་ལ་བབས་པ་ཡིན། །རྐྱེན་གྱིས་རྒྱས་པ་མ་སྨིན་ཚ་བའི་ཡུལ། །ཚ་བའི་སྒོའི་དུས་ཚོད་དཔྱིད་ཀྱིས་རྐྱེན།  །གསུམ་པ་རང་བཞིན་མཁྲིས་པ་ཆེ་དང་ན་ས་[སོ་]དར། །ནད་ཁམས་ཁྲག་མཁྲིས་ཤེས་[ཤས་]ཆེ་གནས་སྣོད་རྣམས། །མཁྲིས་པ་རྒྱས་དུས་ཟས་སྤྱོད་ལག་[ལོག་]པས་རྒྱས། །ནད་སྨིན་ཤུགས་རྫོགས་རྐྱང་པའི་ཚ་བ་སྟེ། །ལུས་ཟུངས་སྲོག་[སྲེག་]པར་བྱེད་པས་རྒྱས་ཞེས་བྱ། །དཔེར་ན་ཤིང་སྐམ་ཕུག་པོ་མ་[མེ་]ཞུགས་འདྲ། །བཞི་དབྱེ་བ་རྣམ་པ་གསུམ་ཡོད་དེ། །རིགས་དང་སྟོབས་(དང་)གར་བབས་སྒོ་ནས་དབྱེ། །རིགས་ཀྱིས་དབྱེ་ན་རིམས་རྒྱལ་[རྒྱས་]འཁྲུག་[འཁྲུགས་]རྒྱས་གཉིས། །རང་བཞིན་འདུ་བ་དག་ལ་སྤྱི་རུ་ཁྱབ། །རྒྱས་པ་དང་ནི་འགྲམ་[འགྲམས་]ཤིང་འཁྲུགས་པ་འདྲ། །སྟོབས་ཀྱིས་དབྱེ་ན་སྟོབས་ལ་ཆེ་ཆུང་གཉིས། །བབས་སྒོས་དབྱེ་ན་སྤྱི་དང་བྱེ་བྲག་གཉས་[གཉིས]། །བྱེ་བྲག་སྙིང་སྲོག་གློ་མཆིན་མཁལ་འཚེར་[མཚེར་]དྲུག །ཕོ་བ་མཁྲིས་པ་བརྒྱད་ལ་རྒྱས་པའོ། །ལྔ་པ་རྒྱས་པའི་རྟགས་ལ་སྤྱི་དང་བྱེ་བྲག་གཉིས། །སྤྱི་རྟགས་རྩ་ནི་སྦོམ་ལ་རྒྱལ་[རྒྱས་]པ་དང༌། །འབུར་འདྲིལ་འཕྲ་[ཕྲ་]གྲིམས་མྱུར་ལ་མགྱོག་[མགྱོགས་]པར་འཕར། །ཆུ་མདོག་དམར་སེར་དྲི་མནམ་རླངས་པ་ཆེ། །ལུད་པ་དམར་སེར་དུད་ཁ་མང་དུ་ལུ། །དབུག་[དབུགས་]ཐུང་གཟེར་དྲག་ཁ་སྐམ་པོ་[སོ་]དྲེག་ཆགས། །ལུས་ལྗི་[ལྕི་]དང་ཁ་མི་བདེ་སྐོམ་དད་ཆེ། །སྙིང་ལ་བསིལ་འདོད་ལུས་ལ་རྔུལ་དྲི་མནམ། །ཁྱད་པར་རིམས་རྒྱས་མགོ་ན་ཟ་ཟི་མང༌། །རྒྱས་ཚད་སྟོབས་ཆེ་སྟོབས་ཆུང་སྟགས་[རྟགས་]ལ་དཔག །གཉིས་པ་སྙིང་ལ་ཚ་བ་རྒྱས་པ་ནི། །མྱོས་ལྡན་པར་མ་དྲན་པ་མི་གསལ་གོས་རྣམས་བསད། །ལྕེ་སྐམ་གཞུང་གནག་གཉིད་དང་སྐོམ་དད་ཆེ། །དང་ཁ་འགག་ལ་ནུ་མའི་སྟིང་[སྟེང་]དུ་གཟེར། །སྲོག་རྩར་བབས་ན་ཁྲུས་འདེབ་[ཕུས་འདེབས་]ཤེས་པ་འཁྲུལ། །གོས་ཀྱི་རྔུལ་སེལ་མིག་དམར་གནམ་ལ་ལྟ། །གློ་ལ་རྒྱས་ན་དབུག་[དབུགས་]ཐུང་བྲང་རྒྱབ་གཟེར། །མགོ་འཁོར་དབུགས་ཐུང་སྐད་འགག་གློ་སྙིང་གདུང་།  །མཚན་མོ་ཉལ་ཁར་གློ་ལུ་ཁ་གདོང་སྐྲོངས་[སྐྲངས]། །མཆིན་པར་རྒྱས་ན་མིག་དམར་ལུད་པ་སེར། །རྩིབ་ལོགས་གཡས་ཀྱི་སྡིང་[སྟེང་]དང་མཆིན་དྲི་གཟེར། །མཚེར་རྒྱས་ཁོང་སྦོད་[སྦོ་]གཡོན་གྱི་རྩིབ་ཐུང་གཟེར། །དབུགས་རྒོད་ལྕེ་སྐམ་མཆུ་ནག་པུས་མོ་སྐྲངས། །རྐང་ལག་སྦྲིད་ཅང་[ཅིང་]རྐེད་པ་ཆག་སྙམས་[སྙམ་]བྱེད། །མཁལ་རྒྱས་ཆུ་སྲིད་[སྲི་]རྐང་བཤལ་མཁལ་རྐད་[རྐེད་]གཟེར། །ཆུ་དམར་ཚ་རླངས་མགོ་འཐོབ་[འཐོམ་]རྣ་བ་འོན། །ཕོ་བར་རྒྱས་ན་གླང་ཐབས་ན་ཞིང་སྐྱུག །ཟས་སྐོམ་གྲང་དྲོ་གཉིས་འཕོག་ལྟག་མིག་ལྟ་[བལྟ]། །འཁྲིས་[མཁྲིས་]ཚད་རྒྱས་ནས་ཁ་ཁ་མིག་ཆུ་སེར། །དང་ཁ་འགགས་ནས་མཁྲིས་པ་སྐྱུག་པར་བྱེད། །དྲུག་པ་བཅོས་ཐབས་འདི་སྤྱི་དང་བྱེ་བྲག་གཉིས། །སྤྱི་ལ་བཅོས་པའི་ཚུལ་དང་གཉེན་པོའོ། །བཅོས་ཚུལ་སྟོབས་ཆེན་དར་དྲག་རྒྱས་ཚད་ལ། །སྨན་དཔྱད་དར་དྲག་ཐོག་དབབ་གསད་དགོས་སོ།  །སྟོབས་ཆུང་ཚ་བ་འཇམ་ལ་ཞི་བས་བཅོས། །དང་པོ་ཚ་བའི་རླུང་[རླངས་]གསད་བར་དུ་ལོ་མ་བབས་པ་སྟེ། །ཁྲག་དང་རྔུལ་དབྱུང་འདི་ལྟར་བྱ་བའོ།  །ཐ་མ་རྩ་བ་བཅད་པའི་ཚུལ་དུ་བཅོས། །གཉིས་[གཉེན་]པོ་སྨན་དཔྱད་ཟས་དང་སྤྱོད་ལམ་བཞི། །དང་པོ་སྨན་གྱིས་བཅོས་པ་ཞི་དང་སྦྱོར་[སྦྱོང་]བ་གཉིས། །ཞི་བྱེད་སྨན་ལ་ཐང་དང་ཕྱེད་[ཕྱེ་]མ་གཉིས། །ཐང་ལ་དབྱེ་བའི་ཐང་དང་གསད་པའི་ཐང། །དབྱེ་ཐང་སླེ་ཁྲེས་[ཏྲེས་]ཏིག་ཏ་སྐྱུ་རུ་ར། །བ་ཤ་ཀའི་བསྐོལ་གྲངས་ནད་ཁྲག་འབྱེད། གསད་ཐང་སླེ་ཁྲགས་[ཏྲེས་]སྐྱུ་རུ་བ་ཤ་ཀ །དེ་གསུམ་གཞིར་གཞག་[བཞག་]ཚ་བ་རབ་འབྲིང་གིས། །རབ་ལ་ཧུང་[ཧོང་]ལེན་འབྲིང་ལ་ཏིག་དང་། །ཐ་མ་བ་ཤ་ཀའི་རྟ་དང་སྦྱར། །བསྐོལ་གྲངས་ཁུ་བས་རྒྱས་ཚད་འཇོ་[འཇོམས་]པའི་མཆོག །ཡང་ན་སླེ་ཁྲེས་[ཏྲེས་]བྱི་ཚེར་འབྲས་བུ་གསུམ། །ཏིག་ཏ་ཧུང་[ཧོང་]ལེན་བོང་ང་དཀར་པོ་གསུམ། །རྒྱ་སྐག་བ་ཤ་ཀ་དང་འབྲས་བུ་གསུམ། །མ་ནུ་ཨ་པར་སྐྱུ་[བར་སྐྱུར་]སྤྲོས་[གསུམ་]ཨུད་དཔལ་[ཨུཏྤལ་]དང་། །ག་དུར་ཀུན་ལ་བསྲེས་པའི་བསྐངས་[བསྐོལ་གྲང་]བཏང་། །རླུང་མཁྲིས་བད་ཀན་ཁྲག་དང་ཚ་བ་འཇོམས། །གཉིས་པ་གསད་སྨན་ཚ་བ་སྟོབས་རྒྱས་ལ། །འཁྲུག་[འཁྲུགས་]ན་ཅུང་[ཅུ་]གང་རིམས་ལ་ཙན་དན་བོང་ང་དཀར། །ག་ཕུར་[པུར་]བསིལ་གསུམ་ཙ་འདན་[ཙན་དན་]གླ་རྩི་དང་། །བོང་ང་དཀར་པོ་ཨ་རུ་དྲུག་འགྱུར་སྦྱར། །ག་ཕུར་[པུར་]རྒྱལ་བློང་[བློན་]གསུམ་བདུན་དགུ་པ་དེས་བཏང་ཞིང་། །ཚ་བ་འབྲིང་ལ་གྷི་ཝང་ཙན་དན་བརྒྱད་སྦྱར་ཏེ། །བསིལ་གསུམ་ཙན་དན་གླ་རྩི་དང་། །བོང་ང་དཀར་པོ་ཨ་རུ་དྲུག་འགྱུར་སྦྱར། །བསིལ་གསུམ་ག་དྲུར་[དུར་]ཨུད་དཔལ་[ཨུཏྤལ་]ཏིག་ཏ་དང་། །ཤིང་མངར་ཀ་ར་དྲུག་འགྱུར་སྦྱར་ནས་བཏང་། །ཐ་མ་ཅུ་གང་བརྒྱད་སྦྱར་བཏང་བ་སྟེ། །གུར་གུམ་སུག་སྨེ་[སྨེལ་]བྲག་ཞུན་ཏིག་ཏ་དང་། །མཚལ་དང་ཨ་རུ་པི་ལིང་ཀ་ར་སྦྱར། །གུར་གུམ་ཅུ་གང་ཨུད་དཔལ་[ཨུཏྤལ་]བ་ལེ་ཀ །བ་རུ་ར་དང་མཚལ་དཀར་ཏིག་ཏ་སྦྱར། །ཏིག་ཏ་དུག་ཉུང་གསེར་གྱི་མེ་ཏོག་དང་། །ག་དུར་སྐྱུ་རུ་ཧུང་[ཧོང་]ལེན་བ་ཤ་ཀ་ར་སྦྱར། །དེ་ལྟར་གུར་ཀུམ་བདུན་དང་ཐང་ཆེན་བདུན་པ་སྦྱར། །སྦྱར་ནི་[སྦྱང་བ་]ཚ་བ་སྨིན་དང་སྣོད་དུ་ལྷུང༌བ་ནི། །མཆིན་མཁྲིས་བབ་[བབས་]དང་སྣོད་དུ་ལྷུང་བ་དང་། །གུར་གུམ་ཧོང་ལེན་བ་ཤ་ཏིག་ཏ་དང་། །ག་དུར་རྩ་བ་བ་ལེ་ཀ་ར་སྦྱར། །རྩ་ཤེད་(མ་)ཤོར་ལུས་ཟུངས་བཟང་བ་ན། །ཨ་རུ་མཆུ་སྙུང་གསེར་མེ་ལྕིམ་[ལྕུམ་]རྩ་དང་། །ཧུང་[ཧོང་]ལེན་བ་ཆུར་བསྐོལ་གྲངས་ཐང་གིས་ཕུལ། །སྐྱུག་བསྲུང་ཕིགས་ན་ཆུ་གྲང་ལྕགས་[ལྕག་]གིས་བསྐུལ། །རྗེས་ལ་ཆུ་གྲོགས་[གྲོག་]འབྲས་ཐུག་ཞོ་ཡིས་བཅད། །དངོས་སུ་ནད་གདོན་གསོ་དཔྱད་གཙོ་བོ་ཡིན། །གཉིས་པ་དཔྱད་ཁ་རྔུལ་འདོན་ཆུ་དུགས་གསུམ་[བཞི]། །སྨན་གྱིས་མ་ཆོམས་གཏར་གྱིས་བྱུག་[དབྱུང་]བ་སྟེ། །དོན་སྣོད་གང་བབས་རྩ་དང་གང་རྒྱས་གཏར། །སྔོན་འགྲོ་དངོས་གཞི་ཕྱི་རྗེས་སྤྱི་དང་མཐུན། །འགྲམས་འཁྲུགས་ངན་ཁྲག་རྩ་དང་དོན་ལ་ལྷག །དེ་ཕྱིར་དཔྱད་ཀྱི་གཙོ་བོ་གཏོར་[གཏར་]བ་ཡིན། །གཉིས་པ་ཚ་བ་རྔུལ་འདྲེན་བྱེད་ན་སྤུར་བ་ནི། །ར་དཀར་རུ་[རྭ་]རྩེ་གཡས་གཞོབ་བལ་རྩི་སྦྱར། །འཇམ་བསྲོས་བྱས་ནས་ལུས་ཀུན་ཁྱབ་པར་བྱུག །དེ་སྐམས་རྗེས་ལ་ག་བུར་རྒྱལ་བློན་གསུམ། །ཤ་མོང་ཁུ་བས་ཕུལ་ཏེ་བ་སྤུར་འདོན། །ཡོང་[ཡང་]ན་ཨ་རུ་འཛའ་[ཛཱ་]ཏི་བྱི་ཚེར་ཐང༌། །དྲོད་འཇམ་བཏང་ལ་རྔུལ་བྱུང་[དབྱུང་]བལ་ཕྱེད་[ཕྱེས་]ཕྱི། །དྲག་[དྲལ་]ཐུག་ཕྱེ་ཐུག་རྩམ་པས་རླུང་ཁ་ལེན། །རིམ་[རིམས་]ལ་མཁྲིས་ཚད་རྔུལ་གནས་བ་སྤུར་ལྷག །གཏར་བ་མི་བཟང་དཔྱད་མཆོག་རྔུལ་དབྱུག་[དབྱུང་]བྱ། །ཆུ་ཆག་སྐར་ཆུས་ཉི་མ་ཤར་དྲོས་ལ། །པང་ལེབ་ཐོག་ཏུ་ཙོག་པུར་འདུག་བྱས་ནས། །ཕུལ་ཕྱེད་ཁོང་བཏང་ལུས་པོ་ཁ་ཆུས་བྲན། །མི་བསྔངས་ཆུ་རྒྱུན་གཙུག་[ཚུགས་]ན་ཚུགས་ཚད་སྦྲིང་[བསྒྲེང་]། །དེ་ཡིས་མ་[ཚ་]བའི་རླང་[རླངས་]འདོན་ཚད་འགོ་[མགོ་]གཅོག །ཐང་སོ་བྱང་མ་བསིལ་བའི་སྲོ་[སྔོ་]སྣ་ཡིས། ཚན་དང་ཁྱི་ལྕེ་ཞོ་སྦྱར་གྲང་མོ་ཡིས།  །ཡང་ཡང་བསོར་[གསོར་]ཏེ་བདུགས་པས་འཕྲ་[འཕྲལ་]ཟུག་འཆག །ཟས་ཀྱིས་བཅོས་པ་འབྲས་དང་ཆག་ཚེ་དང༌། །རྒྱ་ཁུར་ཁུར་ཚོད་བ་ཡི་ཞོ་དར་གསར། །བ་ཚ་མེད་པའི་གང་[གངས་]ཆུ་ཆུ་བསལ་[བསིལ་]བཏང་།  །ཕོ་མ་[བ་]ཞེན་[ཞན་]ན་ཞོ་[དེ་]ཡང་བསྐོལ་གྲང་བཏང་། །ལེན་ཚ་[ལན་ཚྭ་]ཤ་ཆང་སྒོག་པ་ཚ་བའི་སྔོ། །གནག་ལུག་ཞོ་མར་དྲོད་བཅུད་དུགས་[དུག་]འདྲ་སྤངས། །སྤྱོད་ལམ་བསེར་བུ་གྲིབ་མ་ཆུའི་འགྲམ། །ནེ་སེང་[ནིའུ་སིང་]ས་གཙང་ཟླ་འོད་བསིལ་ན་འདུག །ལུས་ངག་ཡིད་གསུམ་ཞོ་དལ་[ཞི་དུལ་]བདེ་བར་བྱ། །མེ་དང་ཉི་མ་ལུད་བཏིང་[སྟེང་]ཉིན་མོ་གཉིད། །འགྲོ་འདུག་ལྡང་ཉལ་ལུས་ངག་འཐད་[འཐབ་]རྩོལ་སྤངས། །གཉིས་པ་རྒྱས་ཚད་བྱེ་བྲག་བཅོས་པ་ལ། །ཐང་དང་གཏར་ཁ་གམ་ཕྱེད་[ཕྱེ་]གསུམ་ཡིན་ཏེ། །རྙིངས་ཚད་སྐྱུ་རུ་རའི་ཐང་བཏང་ནས། །ག་བུར་གུར་གུམ་ཨུཏ་དཔལ་[ཨུཏྤལ་]ཏིག་ཏ་དང་། །ཧུང་[ཧོང་]ལེན་ཨ་རུ་ཀ་ར་སྦྱར་བ་ལ། །ག་ཕུར་[པུར་]ཙན་དན་ཨ་རུ་ཅུ་གང་དང་། །ཨུད་དཔལ་[ཨུཏྤལ་]ཏིག་ཏ་གླ་རྩི་པུ་ཤེལ་རྩི་[རྩེ་]དང་ཀ་རའམ། །ཙན་དན་ཏིག་ཏ་བ་ལེ་བང་[བོང་]དཀར་ཀ་ཀོ་ལ་རུ་རྟ། །བརྒྱད་པ་ཨ་རུ་པདྨ་གེ་སར་བསྣན། །དེ་ལྟར་ག་ཕུར་[པུར་]བདུན་དགུ་ཙན་དན་བརྒྱད་པ་བཏང་། །སྲོག་རྩར་ཤོར་ན་ཐང་བཏང་[གཏར་]སྙིང་(དང་)འདྲ། །ཕྱེ་མ་ཨ་དཀར་[གར་]ནག་པོ་དགུ་སྦྱོར་ནི། །ཙན་དན་དཀར་དམར་ལི་ཛ་[ཛཱ་]སྙིང་ཞོ་ཤ །གུར་གུམ་ན་[ནཱ་]ག་གེ་སར་རུ་རྟ་ཀ་ར་བཏང་། །སྤྱི་གཙུག་རྐང་པའི་མཐིལ་ནི་གཏར་ལ་བསྲེགས།  །གཞུང་[གཞུག་]གུ་ལྔ་བདུན་ཆང་དུ་བསྡུན་[བསྡུས་]ཁུ་ལ། །ག་ཕུལ་[པུར་]རྒྱལ་བློན་གང་འཐད་བཏབ་སྦྱོར་བྱ། །ཐུབ་དཀའ་ཟུག་ཆག་ཤེས་པ་དངོས་[དྭངས་]ན་ཐུབ། །གློ་འཁྲུག་[འཁྲུགས་]བ་ལེ་ཀའི་ཐང་བཏང་སྟེ། །བ་ཤ་ཀ་དང་ཏིག་ཏ་ཙན་དན་དཀར། །སྲོ་ལོ་དཀར་པོའི་ཐང་བཏང་གློ་རྩ་གཏར། །ཡང་ན་རྩེ་ཆུང་རྩ་[རྩེ་]ཞབས་ལྒང་[སྒང་]རྩ་དྲུག་འགོ་གཏར། །ཤིང་མངར་བརྒྱད་པ་ཅུ་གང་བདུན་དགུ་སྦྱར་བ་སྟེ། །ཤིང་མངར་ཅུང་[ཅུ་]གང་གུར་གུམ་ཛ་[ཛཱ་]ཏི་དང་། །ཏིག་ཏ་ཀ་ཀོ་ལ་དང་རྒུན་འབྲུམ་ཤིང་། །ཨུད་དཔལ་[ཨུཏྤལ་]ཀ་ར་སྦྱར་སྟེང་ཨ་རུ་ར། །པད་མ་གེ་སར་གོང་ལ་བསྣན་ལ་བཏང་། །མཆིན་ཚད་བ་ཤ་ཀ་དང་བ་ལེ་ཀ །གུར་གུམ་ཏིག་ཏའི་ཐང་བཏང་རུ་ཐུང་གཉིས་པོ་གཏར། །མཁལ་ཚད་བྲག་ཞུན་སུག་སྨེ་[སྨེལ་]གུར་གུམ་ཐང་། །བཏང་ནས་བྱིན་བཞུགས་[གཞུག་]ལོང་རྩ་གཏར་བར་བྱ། །ཤུག་ཚེར་བདུན་དང་ཙན་འདན་[དན་]དགུ་སྦྱར་ཏེ། །སྡིག་སྲིན་སུག་སྨེ་[སྨེལ་]གུར་གུམ་ཐང་། །ཏིག་ཏ་གུར་གུམ་དཀར་[ཀ་]ར་སྦྱར་ལ་བཏང་། །ཙན་དན་གླ་རྩི་གུར་གུམ་ཏིག་ཏ་དང་། །བྲག་ཞུན་བོང་དཀར་སུག་སྨེ་[སྨེལ་]ཨ་རུ་ར། །མཁལ་མ་ཞོ་ཤ་ཀ་ར་སྦྱར་ལ་གཏོང་། །མཚེར་ཚད་ལི་ཤི་ཙན་དན་གསེར་མེ་ཏོག །ཐང་བཏང་རུ་ཐུང་གཡོན་དང་རྟ་མཐུར་གཏར། །ཕྱེ་མ་སུག་སྨེ་[སྨེལ་]བདུན་སྦྱོར་བཏང་། །ཕོ་ཚད་བྱི་ཚེར་ཏིག་ཏ་སྐྱུ་རུ་ར། །མ་ནུའི་ཐང་བཏང་སྣོད་ཁ་གཏར་བར་བྱ། །བྲག་ཞུན་བདུན་སྦྱོར་ཨ་རུ་སུག་སྨེ་[སྨེལ་]དང་། །གུར་གུམ་བླ་ལྒང་[གླ་སྒང་]དུགས་[དུག་]ཉུང་དོམ་མཁྲིས་ཀ་ར་སྦྱར། །མཁྲིས་ཚད་ཏིག་ཏ་བ་ཤ་ཀ་དང་གསེར་མེ་ཏོག །ཐང་གཏང་འཁྲིས་[མཁྲིས་]རྩ་གསེར་མདུན་གཤའ་རིང་[རིངས་]གཏར། །ཕྱེ་མ་གསེར་གྱི་མེ་ཏོག་བདུན་སྦྱར་ཏེ། །ཏིག་ཏ་དུག་ཉུང་སྐྱེར་པ་གུར་གུམ་དང་། །དོམ་མཁྲིས་བ་ལེ་ཀ་དང་བདུན་སྦྱར་བཏང་། །སྤྱི་བཅོས་གང་[གོང་]མའི་ཟུར་འདེག་[འདེགས་]མངལ་[མདེ་]ཁ་བསྒྱུར། །དེ་ལྟར་བཅོས་ཐབས་འཚོ་བའི་སེམས་[སེལ་]རྟགས་ནི། །རྩ་བྱིང་ཁར་འདོམ་[འདོན་]འཕྲ་[ཕྲ་]བ་སྦོམ་དུ་སོང༌། །དྲག་པ་དལ་ལ་གྲིགས་[གྲིམས་]པ་ལྷོད་པ་དང༌། །སྟོངས་རྒྱས་འཁྲང་ལ་སྤུན་མ་འཇམ་དུ་སོང། །ཆུ་མདོག་དངས་ལ་དྲི་མ་ཀུ་ཡ་སྲབ། །ཟུངས་[ཟུག་]ཞི་སྙིང་སངས་ཟས་ཀྱི་རེ་[རོ་]ཞིམ་ཚར་[ཚོར་]། །དབུགས་བདེ་གཉིད་ལ་ཉིན་མཚན་གོ་མ་ལག་[ལོག] །བྱ་རྒྱུའི་[བའི་]ལས་ལ་ལུས་སེམས་འཇུག་པའི་[པར་འདོད]། །དེ་ལྟར་བཅོས་རྗེས་ཞུ་འཁྱག་འཚས་[འཚམས་]ཡིན་ཏེ། །དབེར་[དབྱར་]མཐའ་རྒུན་[དགུན་]བཞིན་རྒྱས་རྗེས་སྟོང་[སྟོངས་]པར་འགྱུར། །དཔེ་[དེས་]ན་རི་ཐང་མཚམས་ཀྱི་གསོ་ཐབ་[ཐབས་]བསྟན། །མི་རིགས་ནད་འཁམས་[ཁམས་]གནས་དང་རྐྱེན་དབང་གིས། །རླུང་མཁྲིས་བད་ཀན་ཞུ་འཁྱག་རྣམ་པ་གསུམ། །རླུང་གི་ཞུ་འཁྱག་སྔོན་ནས་བསུ་བའི་དུས། །འཐོར་བའི་རླུང་ལ་ཟས་ཀྱིས་སྣ་བླང་བཏང་། །མཁྲིས་པའི་ཞུ་འཁྱག་བར་དུ་བསྒུག་པ་སྟེ། །ཚ་བ་ཟད་པས་ཟུང་[ཟུངས་]མ་གསོས་ནད་འཆི། །བད་ཀན་ཞུ་འཁྱག་ཕྱེ་[ཕྱི་]རྗེས་བཅད་པ་ནི། །ཚ་བ་ཕྱིས་རྗེས་མ་བསྲུང་རོ་ལྡན་རྟོགས། །དཔེ་[དེས་]མ་ལེའུ་བཅུ་བཞི་པའི་ལག་ལེན་སྦྱོར། །ཚ་བ་མི་ལྡོག་ཐབས་དང་ལུས་ཟུངས་གསོ་བ་གཅེས། །ཞེས་གསུངས་སོ།།

གསོ་བའི་[བྱའི་]ནད་འབུམ་ནག་པོ་ལས་རྒྱས་ཚད་བཅོས་པའི་ལེའུ་སྟེ་བཅུ་དྲུག་པའོ།།  །།




མཐའ་མའི་འདོན་ཐེངས་།: 03.01.2024 ཉིན། 4:42 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།