སྨན་རྩིས་དྲ་བ། - དཔྱད་འབུམ་ཁྲ་བོ།

ལེའུ་ཉེར་བརྒྱད་པ། ཁྱད་པར་གྱི་གསོ་ཚུལ་རྒྱས་པར་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 29.05.2023
དཔྱད་འབུམ་ཁྲ་བོ། >>



ལེའུ་ཉེར་བརྒྱད་པ། ཁྱད་པར་གྱི་གསོ་ཚུལ་རྒྱས་པར་བསྟན་པ།

དེ་ནས་ཡང་དཔྱད་བུ་ཁྲི་ཤེས་ཀྱིས་འདི་(སྐད་)ཅེས་ཞུས་སོ། །ཀྱེེའ་(ཀྱེེ་)འཚོ་མཛད་སྨན་པའི་རྒྱལ་པོ་ཆེན་པོ་ལགས། །ཁྱད་པར་གསོ་ཚུལ་མདོར་བསྟན་རྣམ་དགུ་པོ། །དེ་དག་རྒྱས་པར་བཀྲོལ་ན་ཇི་ལྟར་བགྱི། །ཞེས་ཞུས་སོ། །འཚོ་མཛད་སྨན་པའི་རྒྱལ་པོས་བཤད་པ་ནི། །དང་པོར་ནད་རྟགས་དཔྱད་ལ་ཐེ་ཚོམ་ན། །རླུང་གི་ནད་ལ་སད་མདའ་སྲེ་ལོང་ཐང༌། །འཁྲིས་(མཁྲིས་)པའི་ནད་ལ་སད་མདའ་ཏིག་ཏའི་ཐང༌། །བད་ཀན་ནད་ལ་སད་མདའ་རྒྱམ་ཚྭ་གསུམ། །ཕོ་ལོག་(ལོང་)གཉན་སྲིན་སད་མདའ་བྱ་ཁྱུང་ལྔ། །ཁྲག་འཁྲུག་(འཁྲུགས་)རླུང་གཟེར་སད་མདའ་མ་ནུ་བཞི། །སྦྱར་བའི་དུག་ལ་སད་མདའ་སྡུད་སྨན་བཏང༌། །ཚ་གྲང་འདྲེན་(འདྲེས་)པ་སད་མདའ་གོམས་པ་བསྟེན། །བཤལ་གྱི་སད་མདའ་སྣ་སེལ་འཁྲོག་ཐང་བཏང༌། །མེ་བཙའི་སད་མདའ་སྣུམ་ལྡན་དྲོད་དུགས་དང༌། །གཏར་གའི་སད་མདའ་རྡོ་གྲང་ཆུ་ལྕག་བྱ། །རྣག་གི་སད་མདའ་མེ་ཐུར་མིག་ཅན་བརྡེག །གཞན་ཡང་ནད་དེ་འདི་ཡིན་སྙམ་པ་ཡི། །གཉེན་པོའི་སྦྱོར་བ་ཆུང་ངུའི་སད་མདའ་བསྟེན། །འཁྲིག་དང་ལྡན་པའི་ལྟར་སྣང་ཀུན་བསྡུར་ལ། །གཉེན་པོ་གང་ལེན་དེ་ཡིས་བཅོས་པ་གཅེས། །ཁ་མར་(དམར་)མི་སྔ་ཁ་བཅོས་(ཅོལ་)ཚུང་(ཆུང་)བར་འགྲོ། །འདི་དུས་གསལ་བར་མི་བྱ་བྱིང་པོར་སྨྲ། །ནད་ལ་ངེས་པ་རྙེད་ཅིང་གདེང་ཐོབ་ན། །ནད་དེ་འདི་ཡིན་རྒྱུ་རྐྱེན་འདི་ཡིས་བསྐྱེད། །ད་ལྟ་འདི་སྣང་མཐའ་མཇུག་འདི་རུ་འགྱུར། །བཅོས་ཁ་འདི་བྱེད་དུས་ཚོད་འདི་ནས་སོ(སོས)། །ཡང་ན་མི་ཐུབ་འཆི་བའི་དུས་ཚིགས་བ(བོར)། །སྤོ་དར་ཕྱར་(འཕྱར་)བཞིན་ཀུན་གྱིས་གོ་བར་གྱུར(འགྱུར)། །གཉེན་པོ་ཐོག་ཏུ་མི་དབབ་ལམ་གཞུག་པ། །མ་སྨིན་ཚ་བའི་གཉེན་པོ་གྲོགས་ཐོགས་བབ། །གྲོགས་འཕེལ་ཤས་(བས་)ནི་ཚ་བ་ཉིད་འཕེལ་བྱེད། །དེ་ཕྱིར་བད་རླུང་གྲོགས་དེ་ཐོག་(ཐང་)གིས་བྱེད(དབྱེ)། །ནད་ཁྲག་ཟུངས་ཁྲག་འོ་མ་ཆུ་འདྲེན་(འདྲེས་)འདྲ། །འབྲས་གསུམ་ཐང་གིས་ཁྲག་ངན་ཕྱེ་ནས་གཏང་(གཏར)། །དེ་ལྟར་མ་ཕྱེ་ནད་བྱེར་ཟུངས་ལ་གནོད། །བད་ཀན་དུག་ཚད་བྱེད་(བྱེར་)བ་སྡུད་ལ་བསད། །མ་བསྡུས་གཉེན་པོས་མི་སོད་སླར་འགྲམས་འགྱུར། །གབ་ཚད་གྲངས་(གྲང་)བའི་འགོ་(མགོ་)ཕུར་དྲོད་ཀྱིས་བཤུ། །ཅི་ཕྱིར་གྲང་བས་གཉེན་པོ་ལེན་མི་འགྱུར། །མ་ཞུའི་ནད་ཀུན་སྨིན་དང་དྲོད་བསྐྱེད་སྨན། །རྩི་(རྩེ་)ཅིག་(བཅིལ་)རྟགས་ཐོབ་གང་ཉེའི་གནས་ནས་སྦྱང་། །བཤལ་གྱི་སྔོན་འགྲོ་སྨན་གྱིས་ནད་ཀུན་བཏུལ། །ནད་མ་སླང་ན་འཁྱག་ཐོག་ཆུ་འབེབས་འདྲ། །སྨན་པ་གཞན་གྱིས་སྔར་རྩེས་(བཅོས་)ནད་པ་དེ། །དམེན་(དམན་)ནམ་ལོག་གམ་ལྷག་གམ་ལོགས་(ལེགས་)བརྟགས་ལ། །དམན་ནས་ནད་མ་ཞི་ན་གཉེན་པོ་བསྐྱེད། །ལོག་ན་(ནས་)ནད་སྟོབས་བསྐྱེད་ན་སྦྱོར་བ་བསྒྱུར། །ལྷག་ནས་ནད་གཞན་དགྲར་ལངས་གང་ལངས་བསད། །ཚ་བ་སྟོབས་ཅན་ནད་ལ་ཆུ་བཞིན་(བཞི་)དབབ། །ག་བུར་རྩེ་ཆུང་སྨན་དང་དཔྱད་ཀྱི་ཆུ། །ཁ་ཟས་ཡན་ལ་གཏོང་བ་(གཏད་པ་)ཟས་ཀྱི་ཆུ། །བསིལ་སར་བསྡད་པ་སྤྱོད་ལམ་ཆུ་ཡིས་བཅོས། །གྲང་བ་སྟོབས་ཅན་ནད་ལ་མེ་བཞིན་(བཞི་)སྤོར(སྦོར)། །དྲོད་དགུ་སྦྱར་བ་སྨན་གྱི་མེ་ཡིན་ཏེ། །མ་(མེ་)བཙའ་དཔྱད་མེ་དྲོད་བཅུད་ཟས་ཀྱི་མེ། །གནས་གོས་དྲོ་བ་སྤྱོད་ལམ་མེ་ཡིས་བཅོས། །དེ་ལྟར་མ་བཅོས་ནད་རྒྱས་སྲོག་ལ་གཏོད། །སྟོབས་ཆུང་ནད་ལ་དང་པོ་སྤྱོད་ལམ་གཟབ། །དེས་མ་ཞི་ན་ཕན་གནོད་ཟས་ཀྱིས་བཅོས། །དེས་མ་ཞི་ན་བསིལ་དྲོད་སྨན་གྱིས་བཅོས། །གསུམ་ཀས་མ་ནོན་དཔྱད་ཀྱིས་ནད་ཡུན་(ཡུལ་)འབྱུང་(དབྱུང་)། །རླུང་དང་མཁྲིས་པ་བད་ཀན་རྐྱང་པ་ལ། །དེ་ཉིད་ཞི་བྱས་གཞན་མ་ལངས་པར་བཅོས། །དེ་མ་ཤེས་ན་ལྡོག་རྒྱུ་བཅུ་གཉིས་འགྱུར། །ལོག་པས་རང་མ་ཞི་བར་གཞན་བསྐྱེད་དེ། །རླུང་གི་ནད་ལ་ཁ་ཚའི་རོ་བསྟན་(བསྟེན་)པས། །རླུང་མ་ཞི་བར་བད་ཀན་མཁྲིས་པར་ལྡོག །མཁྲིས་པའི་ནད་ལ་ལེན་(ལན་)ཚྭ་ཚ་བ་བསྟེན། །མཁྲིས་པ་མ་ཞི་བད་རླུང་གཉིས་སུ་ལྡོག །བད་ཀན་ནད་ལ་ཁ་བ་ལེན་(ལན་)ཚྭ་བསྟེན། །བད་ཀན་མ་ཞི་རླུང་མཁྲིས་གཉིས་སུ་ལྡོག །མི་འཕྲོད་རྐྱེན་གྱིས་འདུས་བར་ལྡོག་པར་འགྱུར། །ལྷག་པས་ནད་དེ་ཞི་ནས་གཞན་སློང་སྟེ། །མངར་དང་ལན་ཚས་(ཚྭས་)རླུང་ཞི་བད་མཁྲིས་བསྐྱེད། །ཚ་བས་བད་ཀན་ཞི་ནས་རླུང་མཁྲིས་བསྐྱེད། །མངར་ཁས་མཁྲིས་པ་ཞི་ནས་བད་རླུང་སྐྱེད། །ལྡན་འདུས་ནད་ལ་འདུ་བ་ཆ་སྙོམས་པ། །ཨ་རུ་བྲག་ཞུན་འདུ་བ་སྤྱི་རུ་སྙོམས། །གནས་དང་ནད་གཞི་སོ་སོའི་ཁ་འཛིན་ནི། །སྙིང་ལ་འཛའ་(ཛཱ་)ཏི་གློ་བར་ཅུ་གང་སྟེ། །མཆིན་པར་གུར་གུམ་སྲོག་རྩར་ལི་ཤི་དང༌། །མཁལ་མར་སུག་སྨེ་(སྨེལ་)མཆེར་པར་ཀ་ཀོ་ལ། །ཕོ་བའི་ཁ་འཛིན་སེལ་(སེ་)འབྲུ་པི་པི་ལིང༌། །མཁྲིས་པའི་ཁ་འཛིན་ཏིག་ཏ་གསེར་མེ་ཏོག །རླུང་ལ་འཛའ་(ཛཱ་)ཏི་སླེ་ཏྲེས་(སླེ་ཏྲེས་)རུས་བཅུད་གསུམ། །བད་ཀན་མ་ནུ་བསེ་ཡབ་འུ་སུ་བཏང༌། །ཁྲག་ལ་བ་ཤ་ཀ་དང་ཧུང་(ཧོང་)ལེན་དང་། །ཆུ་སེར་ཐ་ཀར་རྡོ་རྗེ་སྤོས་དཀར་སྲོ་(སོ་)མ་ར། །གདོན་དང་གཉེན་(གཉན་)ལ་གླ་རྕི་གུ་ཁུལ་(གུལ་)ནག །དེ་དག་གང་ལ་གང་དགོས་རྟགས་(བརྟག་)ལ་སྦྱར། །ཐམས་ཅད་འདུས་ན་ཀུན་ལ་ཁ་གནོན་བཏང༌། །ལྡན་འདུས་ཆ་སྙོམས་གང་ཤས་ཆེ་བ་ལ། །གཉེན་འབོང་(པོའང་)དེ་དང་བསྟུན་ལ་གང་མཐོང་(མཐོ་)མནོན། །ཡང་ན་སྔ་ཕྱི་རེ་མོས་བཅོས་པའམ། །ཡང་ན་ལྟག་པ་སྤྲད་ལ་དུས་གཅིག་གཞོམ། །ཉིན་དགུང་མཚན་དགུང་མཁྲིས་པའི་ཚ་བ་བསད། །བསིལ་སྨན་བསིལ་ཟས་ཚ་བའི་དུས་དེར་བརྟེན(བསྟེན)། །སྲད་(སྲོད་)དང་སྔ་གྲོ་(དྲོ་)ཕོ་བའི་མེ་དྲོད་གསོ། །དྲོད་སྨན་དྲོད་ཟས་བད་ཀན་གྲང་བ་གཞིལ། །དགོང་དང་ཐོ་རངས་རླུང་ལ་རྟན་(རྔན་)པ་སྦྱིན། །དྲོད་བཅུད་ཟས་སྨན་འཐོར་བུའི་རླུང་སྣ་བསླན། །ལྷག་མ་(ན་)གང་ལྷག་དགྲར་ལྡང་ཕ་སྤུན་འདྲ། །ཆད་ན་གང་ཉེ་སྐྱོང་དགོས་མོ་ངན་འདྲ། །དེས་ན་འདུ་བ་ལྷག་ཆད་མེད་པར་མཉམ། །ལུས་ཟུངས་བཟོ་རྒྱུ་འདྲ་བས་ཆུད་མི་གསན། །ཕོ་བ་ཞིང་ས་འདྲ་བས་མེ་དྲོད་གསོ། །དེ་ལྟར་ཤེས་ན་འཚོ་བྱེད་སྨན་པར་འགྱུར། །གནོད་བྱས་(བྱ་)ཡུལ་དུས་རང་བཞིན་ན་ཚོད་དང༌། །ནད་ཁམས་གནས་དང་མེ་དྲོད་ཉམས་སྟོབས་བསྐྱེད། །གོམས་པ་འདི་བཅུས་ཕྲ་མོ་ཡན་ཆད་བརྟགས།ཐམས་ཅད་མཚུངས་ན་གཉེན་པོས་ནོན་པར་དགོས། །དེ་མ་ཡིན་ན་འཚམས་ཚད་བསྟེན་པར་བྱ། །ཞེས་གསུངས་སོ། །

གསོ་བྱེད་ཀྱི་དཔྱད་འབུམ་ཁྲ་བོ་བཏག་(བརྟག་)པ་ལས་ཁྱད་པར་གྱི་བཅོས་ཚུལ་རྒྱས་པར་བཤད་པའི་ལེའུ་སྟེ་ཉི་ཤུ་རྩ་བརྒྱད་པའོ།། །།






མཐའ་མའི་འདོན་ཐེངས་།: 30.05.2023 ཉིན། 10:20 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།