སྨན་རྩིས་དྲ་བ། - ནད་འབུམ་ནག་པོ།

ལེའུ་བཅུ་གཅིག་པ། གཅོང་ཆེན་ཟད་བྱེད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 03.01.2024
ནད་འབུམ་ནག་པོ། >>

ལེའུ་བཅུ་གཅིག་པ། གཅོང་ཆེན་ཟད་བྱེད་གསོ་བ།

དེ་ཡང་འཚོ་མཛད་སྨན་པའི་རྒྱལ་བོས་བཀའ་སྩལ་[བསྩལ་]པ། །དཔྱིད་[དཔྱད་]བུ་ལ་སོགས་གསོ་བ་འཛིན་པ་ཀུན། །ཁང་[ཁོང་]ནད་གཙོ་[གཅོང་]ཆེན་ཟད་པོ་བཅོས་པ་ལ། རྒྱུ་ནི་རྩ་ཆུ་ཕྱིན་[ཕྱེན་]དབུགས་བཀགས་པ་དང་།  །དངས་མ་ལ་སོགས་ལུས་ཟུངས་སྣུབ་[སྣུམ་]ཟད་དང༌། །དྲ་[དྲག་]ཤུལ་ཟས་སྐོམ་མི་མཐུན་བརྟེན་ས་ནི་[བསྟེན་པ་ཡིས་]། །རླུང་མཁྲིས་བད་ཀན་གཉིས་[ཉེས་]འཁྲུག་དེ་ཉེས་བྱུང་། །ལུས་པོ་ཀུན་ཁྱབ་རླུང་གིས་བུ་ག་འབྱེད་[འཁྲུག]། །བད་ཀད་[ཀན་]འཁྲུག་ཅིང་རྒྱུ་ལམ་རྩ་འཁྲུག་རྒྱུ།  །མེ་དྲོད་མཉམས་[ཉམས་]པས་དང་[དངས་]མ་མ་སྨིན་ཏེ། །དྲི་མར་གྱུར་པས་ཟུངས་ཟད་ཟས་མ་ཕན།  །ཟས་ཟོས་ཟུངས་ལ་མ་ཕན་ཟུངས་ཟད་པས། གཅོང་ཆེན་ཟད་བྱེད་ཅེས་ཀྱང་དེ་ལ་ཟེར། གཉིས་པ་དབྱེ་བ་རླུང་མཁྲིས་བད་ཀན་དང་། །གཅོང་ཆེན་ནད་ཀྱི་བླ་གཉེན་[གཉན་]དྲུག་ཏུ་བཤད།  །གསུམ་པ་རྟགས་ལ་སྤྱི་དང་བྱེ་བྲག་གཉིས། །དང་པོ་སྤྱི་རྟགས་ཐོག་མཐའ་བར་མ་གསུམ། །ཐོག་མ་སྔར་ཚུལ་ཆམ་འདེབས་སྤྱིད་[སྦྲིད་]མཆིས་མང༌། །ཁ་མངར་[མངལ་]ཉམས་སྟོབས་ཞན་ལ་མེ་དྲོད་ཆུང༌། །ཟས་ཟོས་སྟོབས་མེད་འགུལ་ན་རྙིང་[སྙིང་]འཕར་ཅིང་། །སྐུ་[སྐྱུག་]བྲོ་དང་ཁ་ཞན་ཅིང་རྐང་བོལ་དང་།  །ངར་གདོང་སྐྲངས་ཤིང་མིག་མདངས་དཀར། །ཆང་དང་བུད་མེད་ཤ་ལ་ལྷག་པ་[པར་]བྲིད་[སྲེད]།  །མགོ་རྐང་ཉི་མ་མི་བཟོད་འགེགས་[འགེབས་]སྙིང་འདོད།  །ཟས་སྐོམ་ཟ་དུས་རྔུལ་འདུ་སེན་མོང་[མོ་]རིང༌། །རྨི་ལམ་མི་བཟོད་སྣ་ཚོགས་འཁྲུག་པ་སྟེ།  །སྡིག་སྦྲུལ་གཅན་གཟན་སྤྲིལ་བུ་[སྤྲེའུ་]ཕྱེ་བ་ལབ་[མ་ལེབ]། །བྱ་ཡིས་རང་ལུས་མནན་དང་ཕུབ་པའི། །ཆུ་རླུང་[ཀླུང་]རི་ལུང་མཁར་སྟོང་པ་དང་། །སྐར་མདའ་ལྷུང་པ་དང་རི་བོ་ཉིལ་བ་རྨིས།  །གཉིས་པ་བར་མ་གཅོགས་[གཅོང་]ཆེན་སྟོད་ནང་[ན་]གནས།  །འཆམ་[ཆམ་]པས་འདེབས་ལ་ལུད་མང་འགུལ་ན་རྦུགས་[དབུགས་]མི་བདེ། །འཕྲག་[ཕྲག་]པ་པ་མགོ་ན་སྐད་གཟེར་[འགག་]ཡི་ག་འཆུས། །སྨད་གནས་རྒྱུ་ལོང་ཕོ་བར་བབས་ནས་གནས། །སྐྱུགས་སམ་འཁྲུའམ་རྟུག་སྐམ་ནད་དུ་འགྱུར། །རྩིབ་ལོགས་གཟེར་ཟུགས་[ཟུག་]བྱེད་ན་བར་དུ་གནས། །ཚིགས་བཞིན་[གཞིར་]གནས་ན་རིམས་ཀྱིས་འདེབས་པ་སྟེ། །དེ་ལྟར་གཅོང་ཆེན་ན་ཚུལ་བཅུ་གཅིག་ཡིན། །ཁྱེད་[ཁྱད་]པར་རླུང་ལས་གྱུར་ནི་[ན་]ཀླད་པ་རྩིབ་ལོགས་དང་། །ཡན་ལག་ན་འགྱུར་སྐད་འགག་འགུལ་[མགུལ་]བ་སུབ། །མཁྲིས་གྱུར་རྐང་ལག་འཕྲག་[ཕྲག་]བ་ཚ་བ་དང༌། །ཚད་པས་འཁྲུག་[འཁྲུ་]སྐྱུག་ཁ་དྲི་མནམ་པའོ། །རིམས་ཀྱིས་ཐེབས་འདྲ་མགོ་ལུས་ན་བར་བྱེད། །བད་ཀན་ལུས་ལྗི་[ལྕི་]སྐྱུག་ལ་ཡི་ག་འཆུ། །མཆི་[མཆིལ་]སྣབས་མང་ལ་འཆམ་[ཆམ་]འདེབས་མེ་དྲོད་ཉམས། །གཅོང་ཆེན་གནོད་པ་མ་ཞུ་འབྲུ་[འཁྲུ་]དང་སྐྱུག །ཆམ་པ་ལུད་པ་སྐད་འགག་དང་ག་འགག །དེ་དག་གཅོང་ཆེན་པོའི་ནད་རྟག་[རྟགས་]ཡིན།

བཞི་པ་བཅོས་ཐབས་སྤྱི་དང་བྱེ་བྲག་གཉིས། །སྤྱི་བཅོས་སྔོན་འགྲོ་འོ་མ་འཇམ་རྩི་བཏང་། །དེ་འོག་སྨན་ཆུའི་སྤྱི་བཅིང་སྣུམ་ཆོས་བྱ། །དེ་ནས་བུ་ག་དག་ཅིང་སྐེམས་པོ་རྒྱས་པའི་ཕྱིར། །རུས་ཁུའམ་ནི་འོ་མ་བསྡུས་ཁུ་ཡིས། །ཆུ་ལུམས་བྱས་སམ་ཡང་ན་བཅིང་ལུམས་བྱེད། །སོན་འཆའ་[ཆ་]འཔ་མར་བཅས་པ་རློན་པ་ཡི།  །དེ་ཡིས་ཕོ་བའི་བད་ཀན་སངས་བར་བྱེད།  །དུར་བྱིད་བྱི་ཏང་ཀ་དང་ཀ་ར་མར་གསར་སྦྱར།  །དེ་རྗེས་ཟས་སྐོམ་དྲོད་སྐྱེད་བརྟེན་[བསྟེན་]ནས་ལུས་སྟོབས་གསོ། །ཟས་སྐོམ་ཡིད་དུ་འོང་བའི་རླུང་འཇོམས་བརྟེན་[བསྟེན]། །བད་ཀན་མི་སྐྱེ་འདོད་པས་ཡང་བ་བརྟེན་[བསྟེན]།  །འབྲུ་རྙིང་ར་འོ་ལྒ་གཤེགས་[སྒེ་གཤེར་]མར་ཤ་དམར། །ཤ་ཟ་རུས་སྦྱིན་ཟུངས་གསོ་མཁལ་[མཁས་]པར་བྱེད། །མི་འདོད་སྐྱུག་ན་སྤངས་ལ་སྟོབས་མི་བསྐྱེད།  །རྒྱུན་དུ་འཇམ་རྩི་བརྟེན་[བསྟེན་]ཅིང་ལུག་ཤ་དང་། །ཆང་དང་ཞུན་དམར་[མར་]བསྟེན་པར་བྱ་བ་ཡིན། །གཉིས་པ་བྱེ་བྲག་རླུང་གྱུར་པ་གཟན་གཅན། །ཆུ་གནས་ཉ་སྲམ་སོགས་བརྟེན་[བསྟེན་]པར་བྱ། །དེ་ཡང་མར་བརྔོན་[བརྔོས་]ཁུ་བ་སྤྱོད་[སྤོད་]བྲན་བཏང་། །ར་ཤ་དམར་[མར་]དུ་བཙོས་པའི་ཁུ་བ་ལ། །པི་པི་ལིང་ངམ་སྒའམ་སེ་འབྲུའམ། །ནས་ཐུག་སྦྱར་ནས་འཐུང་པའི་ཡོན་ཏན་ནི། །བླ་གཉེན་[གཉན་]གནོད་པ་དྲུག་ནི་སིལ་[སེལ་]བར་བྱེད།  །མཁྲིས་གྱུར་ཅ་[ཆང་]ལྟོ་ཉིད་ངོམ་[ངོམས་]པ་ལ། །འུ་སུ་སྒའི་ཐང་བཏང༌ཤིང་མར་[མངར་]དང་།  །དུགས་[དུག་]མོ་ཉུངས་[ཉུང་]དང་བྱ་ཀྲི་རྒུན་འབྲུམ་དང༌། །མ་ནུ་ཟུར་པ་ཨུད་དཔལ་[ཨུཏྤལ་]བྱི་ཚེར་བ། །གཟེ་མ་བ་བླ་ཧ་ལོའི་རྩ་བ་པི་པི་ལིང༌། །ཁྱི་ལྕེའི་སྨན་མར་བཏང་བས་ཁོང་ནད་སེལ། །བད་ཀན་ཚ་བ་ལྔ་དང་ཡ་བག་ཤ་[ཡ་བཀྵ]། །འདེ་[ལྡེ་]གུ་སྨན་མར་གཅོང་ནད་དམུ་སྐྲན་འཇོམ་[འཇོམས]། །ཁྱེད་[ཁྱད྄པར་ཆང་རྙིང་དང་[དངས་]མ་བླུད་པ་ཡིས། །བད་ཀན་རྩ་བ་རྣུག་[དབུགས་]འགག་སེལ་བར་བྱེད།  །མདོར་ནས་[ན་]ཟད་བྱེད་མེ་དྲོད་ཉམས་པ་ཡི། །འཁྲུ་བས་ལུས་ཟུངས་ཉམས་ཕྱིར་འཁྲུ་བ་བསྲུང་།  །འདི་ནི་གཤང་[བཤང་]བ་དགས་[དགོས་]ཉིད་ལ་བསྟན་[བརྟེན་]པ་དེས། །ཚད་འཁྲུའི་སྐམས་[སྐབས་]ལྟར་སྨན་བསྟེན་གསོ་ཐབས་སྦྱར།  །ཞེས་གསུངས་སོ།།  

   གསོ་བྱའི་ནད་འབུམ་ནག་པོ་ལས་ཁོང་ནད་ཟད་པའི་[པོ་]བཅོས་པའི་ལེའུ་སྟེ་བཅུ་གཅིག་པའོ།།  །།




མཐའ་མའི་འདོན་ཐེངས་།: 03.01.2024 ཉིན། 4:46 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།