སྨན་རྩིས་དྲ་བ། - ནད་འབུམ་ནག་པོ།

ལེའུ་གོ་གསུམ་པ། བུ་མེད་པ་བཙལ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 03.01.2024
ནད་འབུམ་ནག་པོ། >>

ལེའུ་གོ་གསུམ་པ།  བུ་མེད་པ་བཙལ་བ།

 དེ་ནས་ཡང་འཚོ་མཛད་སྨན་པའི་རྒྱལ་པོས་བཀའ་སྩལ་[བསྩལ་]པ། དཔྱད་བུ་ལས་[ལ་]སོགས་གསོ་བ་འཛིན་པ་ཀུན། །གཉིས་པ་དེའི་ཡན་ལགས་[ལག་]བུད་[བུ་]མེད་བརྩལ་[བཙལ་]བ་ལ། །རྒྱུ་དང་[ནི་]གདོན་ཐབས་འདུ་བ་རོ་ལུས་དང་། །བུ་རྕི་བཏང་དང་མོ་བཤལ་[གཤམ་]རྣམ་པ་ལྔ། །དང་པོ་མོ་དང་ཕྱ་[ཕྱྭ་]ལས་རྟགས་[བརྟག་]པར་བྱ། །ཞི་གྲགས་[དྲག་]གྲང་[གང་]འགྲོ་རྟགས་[བརྟག་][ལ་]གདོན་དེ་བཅོས། །འདུ་བ་རླུང་མཁྲིས་བད་ཀན་རྣམ་པ་གསུམ། །རླུང་གི་ཟླ་མཚན་སེར་ལ་དུས་མེད་འཛག །མངར་[མངལ་]སྒོ་རར་[ཧར་]པོ་ཡོད་སྙམས་[སྙམ་]རྒྱུ་ཞབས་སྦོས། །ལེན་[ལན་]རེས་[རེ་]སྡོམ་ཞིང་ལེན་[ལན་]རེ་དུས་མེད་འཛག །མཁྲིས་པས་ཚ་བྲབ་[འབྲབ་]དུད་ཁུ་རྣག་ཏུ་འོང་། །བད་ཀན་བསིལ་ཞིང་འོ་ཀ་ཆུ་འདྲ་འཛག །རླུང་ལ་ནང་ནུབ་སྒ་ཤེར་[སྒེ་གཤེར་]ཐང་བཏང་ཞིང་། །འབའ་ཆ་འབྲུ་ཡི་དུག་[དུགས་]ཀྱིས་རྒྱུ་ཞབས་བདུག །དེ་རྗེས་ཕྱི་རྩ་སྒ་ཤེར་[སྒེ་གཤེར་]རིལ་བུས་སེལ། །དེ་བསྡང་[རྟིང་]ཕྱི་ཡི་རྩ་ཤེར་[གཤེར་]ཆེན་པོ་སྦྱར། །དེ་འོག་རུ་[རྒྱུ་]བཅུད་གཟེ་མའི་ཆང་སྦྱར་ལ། །མར་ཁུའི་སྦྱོར་བས་ཕྱི་རྗེས་བཅད་པར་བྱ། །མཁྲིས་པ་བན་[བད་]ཀན་མེ་ཏོག་དུག་[དུགས་]ཀྱིས་བདུག །དེ་ནས་ཁྲུས་ཤོར་[གཤེར་]ཆེན་པོས་ཁོང་སྦྱངས་ལ། །དེ་རྗེས་རྩ་ཤེར་[གཤེར་]སྦྱོང་གིས་མངལ་སྐྱོན་བསལ། །དེ་སྟེང་[རྟིང་]རྒྱུ་བཅུད་སྦྱོར་བས་ཕྱི་རྗེས་བཅད། །མངལ་དུ་རོ་ལུས་བུ་རོ་ནད་རོ་ལ། །ནད་ལུས་བུས་བཙན་[བུ་བཙས་]རྗེས་ཀྱི་ཁྲག་རོ་ལ[ལུས]། །མངལ་ཁ་འཆུས་ལས་ཁྲག་སྐྲན་མངལ་དུ་ཆོགས[ཆགས]། །བུ་རོ་ནད་རོ་གང་ཡིན་ཀྱང་། །རྒྱུ་ཞབས་བུ་ཆགས་བཞིན་དུ་ཆགས། །རྒྱུ་ཞབས་མཁལ་མ་ཚིགས་ལ་[པ་]ལེན་[ལན་]རེ་ན། །དམར་སླ་ནག་པོའི་མངལ་ཁྲག་ལེན་[ལན་]རེ་འཛག །དེ་ལ་ལྒ་ཐང་ནང་ནུབ་བཏང་བྱས་ནས། །གྲོག་མའི་སྒོ་པ་བྱས་པས་རྒྱུ་ཞབས་བདུག །ཨ་རུ་མཆུ་བསྙུང་[སྙུང་]གཅིག་དང་ལྕིམ་[ལྕུམ་]རྩ་ཞོ་གཅིག་དང་། །ཤིང་ཚ་ཞོ་གཅིག་བསྡུས་ན་ཞོ་གསུམ་པོ། །སོ་སོར་བསྡུང་[བསྡུས་]ནས་བསྐོར་[བསྐོལ་]ཐང་གྲང་མོ་ལ། །དུར་བྱིད་ཞོ་གཅོག་ཁྲོན་བུ་རིལ་མ་ཙམ། །རྒྱ་ཚ་ཞོ་གཅིག་ཤིང་ཚ་ཞོ་ཕྱེད་བཏབ། །ཁྱེའུས་[ཁྱེའུ་སུས་]ཕུལ་བཏང་དེ་ཡིས་མ་ཐེབ་[ཐེབས་]ན། །རྒྱ་ཚ་ཕྲུ་རིག་[དྲེག་]འཁོག་[ཁོངག་]མ་ཤ་རུས་ཐལ་བ་དང་། །རིམ་པས་ཆ་བསྐྱེད་སྦྱར་ནས་བཏང་བ་ཡིན། །ཡང་ནང་[ན་]ཚ་བ་གསུམ་དང་ཨ་རུ་གསུམ་ཐང་དང་། །ལྕིམ་[ལྕུམ་]རྩ་བྲོ་[བྲེ་]ཕྱེད་ཕུལ་གང་གསུས་ཁུས་བསྲེག[བསྡུས་ཁུ་བསྲེས] །རྒྱ་ཚ་དུར་བྱིད་འོལ་འོམ་[མོ་]ལུག་རིལ་ཙམ། །ཤིང་ཚ་ཞོ་ཕྱེད་བཏབ་ནས་ཐང་རང་[ཐོ་རངས་]བཏང་། །ཕོ་བར་ཟུགས་[ཟུག་]སྐྱེས་རྡོ་དང་འབྲུ་དུག་[དུགས་]བྱ། །མ་ཡིན་[ཕིག་]སྲིད་ནས་རྒྱ་ཚ་ཆང་སྦྱར་བཏང་། །མངལ་སྐྲན་བུ་རོ་རྣག་འཐུམ་ཁྲག་ཚས་[ཚབས་]དང་། །མངལ་ཁ་འཆུས་པ་བཤིག་ཅིང་བུ་བསྐྱེད་དོ། །དེ་གཏང་[རྟིང་]ཕྱི་ཡི་རྩ་ཤེར་[གཤེར་]ཆེན་པོ་སྦྱངས། །དེ་འོག་རྒྱུད་[རྒྱུ་]བཅུད་གཟའ་[གཟེ་]ཆང་ཕྱི་རྗེས་བཅད། །ལོ་གཅིག་བར་གཅིག་[དུ་]དྲོད་བསྟན་[བསྟེན་]ཟས་སྤྱོད་གཟབ། །བུ་རྕི་བཏབ་བས་ཆད་དམ་རྟག་ཏུ་གསུངས། །ནད་[ནང་]དང་ཕྱི་ཡི་རྩ་ཤེར་[གཤེར་]རིམ་པར་སྦྱར། །དེ་རྗེས་གཟེ་མའི་ཆང་དང་ཁྲག་བཅུད་བཏང་། །མོ་ལྕམ་[གཤམ་]ཡིན་ན་ཁྲག་མོང་[མང་]མདོག་མི་འགྱུར། །ཟླ་བ་རེ་བཞིན་དུས་ལ་འབྱུང་བ་སྟེ། །དེ་ལ་སྨན་གྱིས་བཙལ་ནས་བྱུང་བ་ཡིན། །དེ་ལས་ལོག་པ་ཐབས་ཀྱིས་སྤངས་[སྤང་]པར་བྱ། །ཞེས་གསུངས་སོ།།

           གསོ་བྱའི་ནད་འབུམ་ནག་པོ་ལ་[ལས་]དེའི་ཡན་ལག་[བུ་]མེད་བཙལ་བའི་ལེའུ་སྟེ་གོ་གསུམ་པའོ།། །།




མཐའ་མའི་འདོན་ཐེངས་།: 03.01.2024 ཉིན། 2:40 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།