སྨན་རྩིས་དྲ་བ། - སྨན་འབུམ་དཀར་པོ།

ལེའུ་བདུན་པ། ལྡེ་གུའི་སྡེ་ཚན་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 05.08.2023
སྨན་འབུམ་དཀར་པོ། >>



ལེའུ་བདུན་པ། ལྡེ་གུའི་སྡེ་ཚན་བསྟན་པ།

དེ་ནས་ཡང་གསོ་བ་རིག་པ་འཛིན་པའི་དཔྱད་བུ་ཁྲི་ཤེས་ཀྱིས་གསོལ་བ། ཀྱེ་འཚོ་མཛད་སྨན་པའི་རྒྱལ་པོ་ལགས། དང་པོ་རྩ་བའི་སྦྱོར་བ་ལྔར་བཤད་ནས།། བཞི་པ་དྷེ་(ལྡེ་)གུའི་ཟས་སྦྱོར་གསུངས་པ་དེ།། བདག་ཆགས་(ཅག་)འཁོར་རྣམས་ཀུན་ལ་བཤད་དུ་གསོལ།། དེ་ལ་སྟོན་པས་བཀའ་སྩལ་(བསྩལ་)པ། དཔྱད་བུ་ལ་སོགས་ཉན་པའི་འཁོར་རྣམས་ཀུན།། ཕྱི་རབས་མ་འོང་(འོངས་)འགྲོ་བ་སེམས་ཅན་ཀུན།། ཟས་སྦྱོར་སྨན་དུ་བཟའ་བར་མ་ཤེས་ན།། ནད་པ་ཁ་མི་ཐུབ་ནས་དུག་དུ་འགྲོ།། ནན་ཏན་ཟས་བསྡམ་ལུས་ཟུང་(ཟུངས་)ཟད་པས་ན།། དེ་ཕྱིར་ལྡེ་གུའི་སྦྱོར་བ་བཤད་པར་བྱ།། ཟས་སྦྱོར་ལྡེ་གུ་འདི་ལ་དོན་ཆད་གཉིས་ཡོད་དེ།། ཚ་སེལ་དང་ནི་གྲང་སེལ་གཉིས་སུ་སྟོན།། དང་པོ་ཚ་བ་སེལ་བའི་ལྡེ་གུ་ནི།། སྲོ་(སོ་)མ་ར་དང་ཨ་རུ་ར་དང་ཏིག་ཏ་དང་།། བསིལ་གསུམ་འདམ་བུ་ཀ་ར་ཤིང་མངར་དང་།། ལྕགས་ཕྱེ་ཀ་ར་མར་གསར་འདེ་གུ་བྱས།། གློ་མཆིན་སྙིང་རྙོང་(རྙོགས་)ཚ་བ་རྙིང་པ་སེལ།། ཏིག་ཏ་གསེར་གྱི་མེ་ཏོག་བོང་ང་དཀར།། པི་ལིང་མ་ནུ་བ་ལེ་ཀ་དང་སྦྱར།། མར་གསར་སྡེབས་(བསྡེབས་)པས་མཁྲིས་པའི་གློ་ཚད་སེལ།། མཁྲིས་སྐྱུག་འགོ་(མགོ་)ཡི་ནད་ལ་ལྷག་པར་ཕན།། གུར་གུམ་རྒྱ་མཚར་(མཚལ་)མཁྲིས་སྣ་ཚོགས་ཚད་དང་།། གེ་སར་གསུམ་དང་མར་དཀར་སྦྲང་སྦྱར་བས།། ཟླ་མཚན་སྣ་ཁྲག་འཛག་གཅོད་རྨ་རྙིང་གསོ།། བྲག་ཞུན་ཨ་རུ་ར་དང་བ་ཤ་ཀ། གུར་གུམ་སྦྲང་རྩི་མར་དཀར་སྦྱར་བ་དེས།། གློ་མཆིན་ནད་རྙིང་དྲེག་(དྲེག་)ནད་སེལ་བར་བྱེད།། ཙན་དན་ཨུ་དཔལ་(ཨུཏྤལ་)གུར་གུམ་སྐྱུ་རུ་ར།། ཀ་ར་སྦྲང་དང་མར་དཀར་སྦྱར་བ་དེས།། མཁྲིས་ནད་མཁྲིས་ཁུ་སྐྱུག་དང་གློ་ནད་སེལ།། དེ་ལ་ག་དུར་མནན་(བསྣན་)ན་རླུང་ནད་སེལ།། ཨ་རུ་རྒྱ་སྐག་བཙོད་དང་འབྲི་མོག་དང་།། བསིལ་གསུམ་འདམ་བུ་ཤིང་མངར་ལི་ག་དུར།། ཀ་ར་སྦྲང་རྩི་མར་དང་སྦྱར་བ་དེས།། ལུད་པ་ཤེལ་མདོག་ནག་ཐིག་འདོ་(འདོར་)བ་དེ།། གློ་རྣག་ཡིན་པས་དེ་ལ་བཏང་ན་བརྡོལ།། འབྲས་བུ་གསུམ་དང་ཨ་བ་ལྕགས་ཕྱེ་དང་།། གོ་སྙོད་ཤིང་མངར་ཀ་ར་མར་དང་སྦྱར།། བད་ཀན་དམར་ཚག་སྐྱ་རིབ་མིག་ནད་སེལ།། བསེ་རུ་མཁྲིས་སྣ་བསྣན་ན་གློ་རྣག་སྐེམ།། ཙན་དན་དམར་པོ་སྐྱེར་ཤུན་ཨ་རུ་ར།། མར་དཀར་ལྡེ་གུས་རྙིང་(རྙིངས་)ཚད་ཆུ་སེར་སེལ།། རྒྱ་མཚལ་རྒྱ་སྐག་དོམ་མཁྲིས་བྲག་ཞུན་གྱི།། འདེ་གུ་བྱ་ནས་(ན་)ཐིག་ལེ་བརྡོལ་བ་བསྡོམ།། མཆིན་སྣ་འཚོགས་(ཚོགས་)ཚད་རུལ་སུམ་མ་ཤོར་དང་།། མར་གསར་སྦྲང་དང་སྦྱར་བས་མཆིན་ནད་ལྕེ་(ལྟོ་)སྦོས་སེལ།། ཙན་དན་དཀར་དམར་བསིལ་བཞི་རུ་ཏ་(རྟ་)སྦྲང་།། མར་གསར་འདེའ་(འདེ་)གུ་བྱིས་སྦའི་(པའི་)གློ་ནད་སེལ།། ཇུ་(ཅུ་)གང་གུར་གུམ་ལི་ཤི་ཨ་རུ་ར།། སུག་སྨེ་(སྨེལ་)མར་གསར་སྦྲང་དང་སྦྱར་བ་དེས།། དུག་ནད་སྟོང་(སྟོངས་)ཚད་རྙིང་(རྙིངས་)རྙོང་(རྙོགས་)ཞི་བར་བྱེད།། ཚ་སེལ་སྨན་མར་འདེ་གུ་བཅུ་གསུམ་ཡིན།།

གཉིས་པ་གྲང་སེལ་འདེ་གུའི་སྦྱོར་བ་ལྔ།། ཚ་བ་གསུམ་ནི་ཀུན་གྱི་གཙོ་བོ་སྟེ།། ཕོ་རིལ་ལྒ་དང་སྨན་ནག་གསུམ་ཡིན་ནོ།། དེ་ལ་ཙི་(ཏྲ་)ཀ་དང་བྱི་ཏང་ལི་ག་དུར།། རིམ་བཞིན་མས་ཡར་ཆ་བསྐྱེད་ལྕགས་ཕྱེ་སྤོས་དཀར་ལ།། ཆ་མཐུན་གཉིས་ཀྱིས་བཏང་བའི་སྨན་བརྒྱད་དེ།། སྦྲང་དང་སྦྱར་བའི་ལྕགས་ཕྱེ་འདེ་གུ་ཟེར།། སྐྱ་རྦབ་གཞང་འབྲུམ་བད་ཀན་མིག་སེར་སེལ།། རྒྱ་(ཚ་)གླ་ཙི་(རྩི་)སྡིག་སྲིན་ཚ་བ་གསུམ།། མཐིང་ཤུན་མོ་རྡོ་ཉི་དགའ་ཨ་འབྲས་ལ་སོགས་འབྲས་སྣ་གསུམ།། བུ་རམ་མར་གསར་སྦྱར་བའི་འདེ་གུ་དེ།། མཁལ་ནད་ལ་སོགས་ཆུ་ཐོན་རྐ་(དཀའ་)བ་སེལ།། ཤིང་ཚ་སུག་སྨེ་(སྨེལ་)སྨན་ནག་ཇུ(ཅུ་)གང་དང་།། ཀ་ར་བརྒྱད་པོ་གང་ཐུན་ཆ་མུས་བསྐྱེད།། མར་གསར་སྦྲང་སྦྱར་ཇུ་(ཅུ་)གང་འདེ་གུ་ཟེར།། བད་ཀན་གློ་ནད་ལུས་པོ་ལྗི་(ལྕི་)ནད་སེལ།། མ་ནུ་རུ་རྟ་སྒེ་གཤེར་འབྲས་བུ་གསུམ།། ག་དུར་པི་པི་ལིང་དང་སྦྲང་མར་སྦྱར།། གློ་བར་བད་རླུང་དབུགས་མི་བདེ་བ་སེལ།། སེ་འབྲུ་ཚ་བ་གསུམ་དང་ཁ་རུ་ཚ།། ཤིང་ཚ་སུག་སྨེ་(སྨེལ་)རུ་རྟ་ཙི་ཏྲ་ཀ། གཟེ་མ་བུ་རམ་རྣམས་ནི་མར་དང་སྦྱར།། སེ་འབྲུ་བཅུ་པའི་འདེ་གུས་རླུང་ཚད་དང་།། མཁལ་མ་རྒྱུ་ལོང་ཕོ་བའི་གྲང་ནད་སེལ།། ཚ་སེལ་བཅུ་གསུམ་གྲང་སེལ་འདེ་གུ་ལྔ།། སྤྱིའི་གྲངས་ལ་བཅོ་བརྒྱད་ངེས་པར་ཡོད།། འདེ་གུ་སྤྱི་ཡི་ལག་ལེན་བྱ་ཐབས་ནི།། གཙོ་བོ་གྲངས་ནི་མཐུན་པར་མིང་བཏགས་སོ།། གཙོ་བོ་ཐུན་བསྐྱེད་རིམ་པར་ཞད་ཙམ་བཏགས་སོ།། གཙོ་བོ་ཐུན་བསྐྱེད་རིམ་པར་ཞད་ཙམ་བསྐྱེད།། ཞིབ་པར་བཏག་(བཏགས་)ནས་ཚགས་བྱས་སྦྱོར་ཐབས་ནི།། ཚ་སེལ་མར་ལ་གཞི་བླང་སྦྲང་དཔུང་བསྐུར།། གྲང་སེལ་བུ་རམ་གཞི་ཆེ་མར་སྦྲང་འདྲ།། ཀ་ར་སྦྱོར་ནས་ཞིབ་ཏུ་བཏག་(བཏགས་)པ་སྦྱར།། ཕོ་བས་འཇུ་ཙམ་ལྟོ་སྟོང་བསྟན་(བསྟེན་)པར་བྱ།། དཔུང་ཅན་སྨན་སྦྱོར་དངས་མའི་ཟས་ལ་བཏབ།། རྒྱུན་དུ་བསྟན་(བསྟེན་)ན་ཟས་ཀྱང་སྨན་དུ་འགྲོ།། ཀ་ར་སྦྱོར་ནས་དེས་ན་རྡེ་(འདེ་)གུ་དེ་ནི་ལག་ལེན་བདེ་བར་བསྟན།།

སྡུག་བསྔལ་ཞི་བྱེད་སྨན་འབུམ་དཀར་པོ་ལས་སྨན་མར་སྷེ་(ལྡེ་)གུའི་སྡེ་སྦྱོར་བསྟན་པའི་ལེའུ་སྟེ་བདུན་པ་རྫོགས་སོ།། །།



མཐའ་མའི་འདོན་ཐེངས་།: 05.08.2023 ཉིན། 11:31 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།