སྨན་རྩིས་དྲ་བ། - ནད་འབུམ་ནག་པོ།

ལེའུ་སུམ་ཅུ་པ། རྣ་བའི་ནད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 03.01.2024
ནད་འབུམ་ནག་པོ། >>

ལེའུ་སུམ་ཅུ་པ། རྣ་བའི་ནད་གསོ་བ།

དེ་ནས་ཡང་འཚོ་མཛད་སྨན་པའི་རྒྱལ་པོས་བཀའ་སྩལ་[བསྩལ་]པ། །དཔྱད་བུ་ལས་[ལ་]སོགས་གསོ་བ་འཛིན་པ་ཀུན། །རྣ་བའི་ནད་གསོ་རིགས་པ་བསྟན་གྱིས་བཟུང་[ཟུངས]། །འདི་ལ་རྒྱུ་རྐྱེན་དབྱེ་བ་བརྟག་ཏབས་དང་། །བཅོས་པའི་ཐབས་དང་རྣམ་པ་བཞི་ཡིས་བསྟེན་[བསྟན]། །རྒྱུ་རྐྱེན་ཟས་དང་སྤྱོད་ལམ་ལོག་པ་ཡིས། །འདུ་བ་འཁྲུགས་པས་རྣ་བའི་ནད་དུ་གྱུར། །དབྱེ་བ་རྣ་བའི་ན་[ནད་]དང་འོན་པ་གཉིས་ཡིན་ཏེ། །ནད་ནི་རླུང་འཁྲིས་[མཁྲིས་]བད་ཀན་ཁྲག་དང་བཞི། །འདུས་པ་ལས་གྱུར་རྣག་འཛག་འབྲུམ་ཐོར་འབྱུང་དང་དྲུག །འོན་པ་སྒྲ་བཅས་འོན་དང་རྣ་པགས་[སྤབས་]འགག །སྐམ་འོན་མ་རླུང་བུ་ལ་ཤོར་དང་བཞི། །བཞི་པ་རྣ་ནད་རླུང་འགྱུར་[གྱུར་]སྟོང་སྙམ་སེམས། །ཟུག་ཆེ་གྲང་པས་[ན་]མི་བདེ་གཞོགས་ཕྱེད་ན། །འཁྲིས་[མཁྲིས་]གྱུར་ཚ་བ་བབས་ཏེ་མགོ་བོ་ན། །ཆུ་སེར་མྱུར་འོང་གང་རིག་[རེག་]འབྲུམ་ཐོར་རྣག །རྣ་བ་གནད་འགྲམ་[ནང་འགྲམས་]ཁྲག་གྱུར་ལྕི་ཟུག་ཆེ། །བད་ཀན་ལས་གྱུར་མགོ་དང་འགྲམ་པ་ལྗི་[ལྕི]། །ཟུག་ཆུང་གཡའ་སྐྲང་རྙིངས་ནས་སྣག་སྐ་[རྣག་སྐམ་]འཛག །འདུས་གྱུར་ཀུན་གྱི་རྟགས་ཡོད་སྒྲ་མི་ཚོར། །རྣག་མདོག་སྐ་སླ་མ་ངེས་རྒྱུན་དུ་འཛག །སྒྲ་བཅས་འོན་ཏེ་ཆུ་གཤང་[བཤང་]རྔ་སྒྲ་ཚོར། །སྣ་ལྤགས་[རྣ་སྤབས་]འགག་ན་རྣ་བ་ཁེང་[ཁེངས་]འཐིབས་ལྗི་[ལྕི]། །སྐམ་འོན་སྟོང་སང་ནག་གམ་དམར་བའོ། །མ་རླུང་བྱིས་སྦ་[པ་]བཙས་སྐྱེད་ལས་བྱུང་སྟེ། །མ་རླུང་བུ་ལ་ཤོར་བས་རྣག་ཁྲག་འོང་། །ལྔ་པ་གསོ་ཐབས་རླུང་གྱུར་སྣུམ་ལྡན་དྲོད་དུགས་བྱ། །སྒོག་སྐྱ་བཅའ་སྒ་ཤིང་ཀུན་མར་སྦྱར་བཏང༌། །ལ་ཕུག་སྐམ་པོ་མཆིན་[ཆང་]ནང་བཙོས་པ་སྟེ། །བརྡུངས་ཤིང་ཁུ་བ་རྒྱམ་ཚ་དྲོ་འཇམ་བླུག །ཡང་ན་སྒྲོན་ཤིང་བསྲེག་པའི་སྣུམ་དང་སྦྱར། །རྒྱམ་ཚ་རུ་རྟ་ར་ཐུག་ཚུར་[ཆུ་]སྦྱར་བླུག །དེ་ལས་སྐྱེད་ཆུང་འབའ་སམ་སྨན་མར་སྦྱར། །འཁྲིས་[མཁྲིས་]གྱུར་ཀ་ར་མར་དང་བཅས་ལ་བསྟེན། །དེ་འོག་ཁྲུས་བྱས་ཤིང་མངར་རྒུན་མར་བླུག །རུ་རྟ་ཨ་རུའི་ཐང་བཏང་རྣ་བ་བླུག །ཁྲག་གྱུར་བཅོས་ཐབས་དེ་འདྲ་གང་ཉེ་གཏར། །བད་གྱུར་པི་པི་ལིང་དང་མར་བསྐོལ་བླུད་[བླུག]། །དེ་རྗེས་སྐྱུག་འདྲེན་སྒོག་སྐྱ་ལ་ཕུད་[ཕུག་]དང༌། །ལྒ་གཤེག་[སྒེ་གཤེར་]ཁུ་བ་གང་རུང་རྣ་བར་བླུག །རྣག་འཛག་རེད་སྦྱང་ཤིང་མངར་པ་ཏོ་ལ། །དུར་བྱིད་ཡོང་[ཡུང་]སྐྱེར་རུས་[རུ་]རྟས་བཀྲུ་[བསྐུས་]ལ་བལ་ཡེས་ཕྱེ་[ཕྱི]། །ཡང་ན་སྣུམ་འཆོས་བྱས་རྗེས་སྨན་གྱིས་སྦྱང་། །རུ་རྟ་ལ་ཕུག་བྱང་པ་རྒྱ་ཚ་དང༌། །ལྒ་[སྒེ་]གཤེར་ཞིབ་བཏག་[བཏགས་]དར་གྱིས་ཆགས་[ཚགས་]བྱས་ནས། །འབྲུ་མར་སྦྱར་ལ་འཇམ་ཙམ་བསྲོ་[བསྲོས་]ལ་མནན། །ལངས་ནས་ཁྱི་བར་[བལ་]ཡེ་བུས་[འུས་]རྣ་བར་བརྟེགས་[གཏིགས]། །ཁྱི་བལ་བག་ཟན་རས་(གསར་)ལེགས་པར་བཅིང་། །རྣ་བ་རབས་[རྔབས་]ཀྱིས་དྲང་པས་ནད་ཀུན་སྦྱོང༌། །སྣ་ཁྲག་འཛག་དང་རྣ་ལྤགས་[སྤབས་]འགག་པ་སེལ། །ཡང་ན་རན་སྦྱོང་འོན་པ་ཚོར་བྱེད་ནི། །རྒྱ་ཚ་ཆུ་དག་གསེར་ཕུད་སྒོག་སྐྱ་དང་། །རུ་རྟ་ཞིབ་བཏགས་བལ་དྲིལ་སྒོག་ཆུར་བཅུགས་[བཅུག]། །བཙིར་བའི་ཁུ་བ་བླུག་ལ་སྤེལ་བུས་འགག་[ཡེའུས་བགགས]། །ཞག་གསུམ་ལོན་ནས་སྦུབས་མས་འདྲེན་པ་ཡིན། །འབྲུམ་ཐོར་བྱུང་ནས་སྐྱུང་བཞར་པི་པི་ལིང༌། །རྒྱམ་ཚ་ལྡོང་རོས་ཉེ་ཤིང་ཙི་ཀྲ་[ཏྲ་]ཀ །དན་ད་སྦྲང་མར་སྦྱར་བའི་རེང་བུ་གཞུགས་[གཞུག]། །སྒྲ་བཅས་འོན་ལ་འབྲུ་མར་བསྲོས་ཏེ་བླུག །དེ་འོག་ཤིང་ཀུན་ཤུ་ཏི་སྐྱེར་ཤུན་དང་། །ཁྱི་ལྕེ་བོང་ང་དཀར་པོ་ཚ་བ་གསུམ། །ཉུང་དམར་བཞི་འགྱུར་ཚ་བསྐོལ་བླུག་ན་ཕན། །སྣ་པགས་[རྣ་སྤབས་]འགག་པ་སྒོག་ཆུ་ལ་ཕུག་ཁུ། །འབྲུ་མར་སྦྱར་བ་རུ་རྟ་རྨ་བྱའི་མདོང་[མདོངས]། །རྒྱམ་ཚ་བཏབ་ལ་འཇམ་བསྲེས་[བསྲོས་]རྣ་བར་བླུག །ཐུལ་[ཐུར་]ལ་བཏབ་པ་བཏུང་ནང་རྔམས་[རྔབས་]ཀྱིས་དྲངས། །ཡང་ན་གླ་རྩི་ཤིང་ཀུན་ཁུ་[ཁ་]རུ་ཚྭ། །རུ་ཏ་[རྟ་]ལ་ཕུག་ཨུག་ཆོས་རྨ་བྱའི་མདོང་[མདོངས]། །འབྲུ་མར་རྣ་བར་བླུག་ལ་དེས་[དེ་]རྗེས་བྲུ། །སྐམ་པོ་ན་[འོན་]རུས་ཏ་[རུ་རྟ་]ཤིང་ཀུན་གླ་རྩི་དང༌། །ཨུག་ཆོས་ཏིལ་མར་སྦྱར་བླུག་ནང་པར་ཕྱིོ། །དམར་སངས་གདོན་ཡིན་གདོན་ཆོས་[བཅོས་]བྱ་བ་ཤིས། །འོན་པ་ཀུན་ལ་སྒོག་སྐྱ་ལ་ཕུག་ཆུ། །ར་ཐུག་ཆུ་དང་[ལ་]རྒྱམ་ཚ་རྒྱ་ཚ་དང་། །རུ་ཏ་[རྟ་]གླ་རྩི་ཤིང་ཀུན་ཨུག་ཆོས་འབྲས། །རྣ་[རྣར་]བླུག་ཡེ་བྲུས་[འུས་]བྲུ་ཞིང་སྔབ་[རྔབས་]ཀྱིས་དྲང་། །ལ་ཕུག་སྐྱེར་པའི་བར་ཤུན་ལྒ་བསྲེག་ཐལ། །ཤིང་ཀུན་ཆུ་དག་བུ་ཏིང་[ཤུ་ཏི་]ཁ་རུ་ཚ། །རྒྱ་ཚ་རུ་ཏའི་[རྟ་]སྙེ་ཡེ་བག་ཤ་ཚ་[ཀྱི་སྙེ་ཡ་བཀྵ]། །གྲོ་བའི་[གའི་]ཐལ་བ་བླ་[གླ་སྒང་]འབྲུ་མར་དང༌། །ཚ་སིང་[ཚྭ་བསིངས་]བཞི་འགྱུར་ལྕིམ་[ལྕུམ་]ཁུར་བསྐོལ་ཏེ་བླུག །གཡག་[གཡའ་]སྐྲང་སྒྲ་བཅས་རྣག་འཛག་འོན་པ་སེལ། །མ་རླུང་གསལ་ཞུག་[གར་ཞུགས་]བཅོས་ལུག་[ལུགས་]དེ་དང་འདྲ། །རྗེས་ལ་བྷ་སམ་[འབའ་སམ་]སྙིང་[རྙིང་]ནས་སྤང་།   །ཞེས་གསུངས་སོ།།

གསོའ་[གསོ་]བྱའི་ནད་འབུམ་ནག་པོ་ལས་སྟོད་ནད་རྣ་བ་བཅོས་པའི་ལེའུ་སྟེ་སུམ་བཅུ་[ཅུ་]པའོ།། །།




མཐའ་མའི་འདོན་ཐེངས་།: 03.01.2024 ཉིན། 4:30 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།