སྨན་རྩིས་དྲ་བ། - སྨན་འབུམ་དཀར་པོ།

ལེའུ་ཉེར་གསུམ་པ། དུགས་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 04.08.2023
སྨན་འབུམ་དཀར་པོ། >>



ལེའུ་ཉེར་གསུམ་པ། དུགས་བསྟན་པ།

དེ་ནས་ཡང་གསོའ་(གསོ་)བ་རིག་པ་འཛིན་པ་དཔྱད་བུ་ཁྲི་ཤེས་ཀྱི་གསོལ་པ། ཀྱེེ་འཚོ་མཛད་སྨན་གྱི་རྒྱལ་པོ་ཆེན་པོ་ལགས། དཔྱད་ལ་དུགས་བཅོས་གསུངས་པ་གང་ལྟར་ལགས།། བདག་ཅག་ལས་(ལ་)སོགས་འཁོར་ལ་བསྟན་དུ་གསོལ།། དེ་སྐད་ཞུས་ཏེ་སྟོན་པས་བཀའ་སྩལ་(བསྩལ་)པ།། དཔྱད་བུ་ལས་(ལ་)སོགས་གསོ་བ་འཛིན་པ་ཀུན།། གསུམ་པ་དུགས་བཅོས་དཔྱད་ལ་རྣམ་པ་གསུམ།། ནད་གཞི་བརྟག་དང་བྱ་བའི་ཐབས།། དུགས་ཆོས་ཡོན་ཏན་བསྟན་པ་སྟེ།། དང་པོ་བརྟག་པ་དུགས་ཆོས་འགྲོ་མི་འགྲོ།། བད་རླུང་མ་ཞུ་ཕོ་བ་ལོག་པ་དང་།། གྲང་ནད་ཆུ་སེར་ཁྲག་འཁྱགས་ནད་ལ་བསྟན།། མི་འགྲོ་བ་ནི་གཤའ་ལ་(ཀྵ་ཡ་)ནག་པོ་དང་།། མཛེ་དང་འབྲུམ་ཐོར་རྗེས་ལ་སྤང་བར་བྱ།། གཉིས་པ་བྱ་ཐབས་ལག་ལེན་གཉིས་ཡོད་དེ།། ཚ་བ་སེལ་ལ་དྲོད་(གྲང་)དུགས་གྲང་(བར་དྲོད་)བདུགས་ཏེ།། དང་པོ་ཚ་བ་སེལ་བའི་གྲང་དུགས་ནི།། འགྲམས་འཁྲུགས་ཚ་བས་གཟེར་ཅིང་ན་བ་ལ།། སྐར་ཆུ་དྲོད་(གྲོད་)པར་བླུག་ལ་གང་ནར་བཏུག(དུགས)།། ཚ་བ་བྱེར་དང་རིམས་ཚད་རྙིངས་པ་ལ།། སྐར་ཆུ་བུམ་པར་བླུག་ལ་སྦྲིང་(སྒྲུང་)ཆུ་བྱ།། མཚོན་ཕོག་བཙན་ཐབས་སྐྲགས་ན་ཆུ་དྲོད་བདུག། ཤ་དུག་གྲེ་བ་འགག་ཅིང་ཚ་བ་སྐྱེས།། གང་(གངས་)ཆུ་བོང་ང་དཀར་བཏབ་ཆུ་དྲོད་བདུག། རྒྱུ་གཟེར་བོང་ང་ཞུན་མཁན་ཆུ་གྲོད་བཏུག(བདུག)། ཁྲག་མཁྲིས་ཚ་གླང་ཆུ་རྡོ་གྲང་མོས་བཏུག(བདུག)། ཚད་གཟེར་བྱང་ལྕགས་མེ་དྲེག་མེད་པས་བདུག། ཡང་ན་ཚན་དང་ཞོ་སྦྱར་གྲང་མོས་བདུག། སྣ་ཁྲག་མ་ཆད་སྐར་ཆུའི་དག་(འདག་)པས་བདུག། སོ་ཡི་ཁྲག་ཚད་རླུང་སྐྲངས་འདག་པས་བདུག། དྲེག་ནད་ཚ་འབྲབ་སླེ་ཁྲེ་(ཏྲེས་)བ་ལྕིས་བདུག། གཉིས་པ་གྲང་བ་སེལ་བའི་དྲོད་དུགས་ནི།། མ་ཞུ་གུ་ཁུལ་(གུལ་)ཆུ་ཚན་གླང་ཐབས་བསྲོལ་ལ་བདུག། བད་སྨུག་ཁྲག་སྐྲན་ཕུག་རོན་བྲུས་(བྲུན་)བསྲོས་བདུག། གྲང་ནད་འབུ་འཁྲོས་རྫ་བསྲེག་ལོང་མོས་བདུག། ཆུ་ལོ་ཞུན་མཁན་ཆུར་སྦང་(སྦངས་)བསྲོས་ནས་བདུག། བད་རླུང་འཁྲུག་པ་གླང་ཐབ་(ཐབས་)ཨ་བོ་དང་།། དུག་དང་ཁྲག་རྒན་ཕོ་བར་ལྷུང་པ་འཛོམས།། བུ་བཙས་རྒྱུ་ཞབས་ཚང་ར་མཁལ་རྐེད་ན།། བྱི་བའི་སྒོ་པ་(ས་)ཤར་བལྟས་ཆང་བཏབ་ན།། བསྲོས་པའི་དུག་(དུགས་)ཀྱིས་བདུག་ན་ཕན་པ་ཡིན།། མཁལ་མ་གྲང་གཟེར་ཆུ་སྲི་སྦང་(སྦངས་)སྐམ་བདུག། གྲང་མཁྲིས་གྲང་འཁྱགས་གྲོ་(གྲོག་)ཞིང་ཡོས་ཀྱིས་བདུག། མཚོན་ཁྲག་འཁྱགས་ལ་ཆུ་རྡོ་སྣུམ་བསྲོས་བདུག། གྲང་སྲིན་སྤྲུ་མའི་རྩ་ལོ་བསྲོས་ལ་བདུག། གཞང་སྲིན་ཕུར་མང་(མོང་)རྟ་རྦང་(སྦངས་)བསྲོས་པས་བདུག། གྲང་བས་འབྱམས་(པ་)གཞང་ལུགས་(ལུག་)རྐོང་བུ་སྣུམ་བསྲོས་བདུག། རླུང་གཟེར་ཕྱིང་པ་སྣུམ་ཅན་ཚན་མོས་བདུག། མཁལ་མ་གྲང་ནད་ཅན་ལ་དབྱི་སྤྱང་སྤུ་དུག་(དུགས་)སྐྲིས(དཀྲིས)།། ཡན་ལག་ཆུ་སེར་ལུག་རིལ་ཆང་བྲན་བདུག། མཁར་གོང་སྲིན་ཅན་སྟོངས་ཚད་རླུང་གཟེར་རྒྱས་པ་ལ།། རུས་རྙིང་ཆང་གིས་ངར་བླུད་བསྲོས་ལ་བདུག། གྲང་བ་ཆུ་འགགས་མར་ནག་རོ་མས་བདུག། ཚིགས་སུལ་ཆུ་སེར་ཤག་མ་ཆང་བྲན་བདུག། ཕོ་བ་རྒྱུ་ལོང་གྲང་བ་ཕག་བྲུན་བདུག། གསུམ་པ་བདུག་པ་དུག་གི་(དུགས་ཀྱི་)ཡོན་ཏན་བསྟན་པ་ནི།། ནད་ཟུག་འཕྲལ་དུ་ཐུག་འཕྲད་ཞི་བར་བྱེད།། ཅེས་གསུངས་སོ།།

སྡུག་བསྔལ་ཞི་བྱེད་གསོའ་(གསོ་)བ་སྨན་འབུམ་དཀར་པོ་ལས་དཔྱད་མཆོག་དུགས་ཀྱི་སྡེ་ཚན་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་གསུམ་པའོ།། །།




མཐའ་མའི་འདོན་ཐེངས་།: 05.08.2023 ཉིན། 10:26 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།