སྨན་རྩིས་དྲ་བ། - ནད་འབུམ་ནག་པོ།

ལེའུ་རེ་ལྔ་པ། ཕྲན་བུའི་ནད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 03.01.2024
ནད་འབུམ་ནག་པོ། >>

ལེའུ་རེ་ལྔ་པ། ཕྲན་བུའི་ནད་གསོ་བ། 

དེ་ནས་ཡང་འཚོ་མཛད་སྨན་པའི་རྒྱལ་པོས་བཀའ་སྩལ་[བསྩལ་]པ། དཔྱད་བུ་ལས་[ལ་]སོགས་གསོ་བ་འཛིན་པ་ཀུན། །འཕྲན་[ཕྲན་]བུ་བཅོས་ཐབས་བསྟན་གྱིས་རིམ་[རིག་]པས་ཟུངས། །ཉྭ་ལོགས་[ལོག་]ཉ་[ཉྭ་]འགྱུར་འཁྲུག་བྱེད་མིག་ཁུང་བསྲོས། །ཤ་དྲོད་འཆོར་ནས་བྲག་བཞི་ལྷུང་བ་ནི། །འཁྲུ་སྐྱུགས་བྱུང་ན་ཐེབ་[མཐེབ་]སྲིན་མེ་ཡིས་བསྲེག །སྲིད་པའི་འདོད་ཆགས་རྕེ་མོ་དང་། །ཞེ་སྡང་ལྕུག་མའི་ཚིལ་བུ་དང༌། །གཏི་མུག་ནག་པོའི་འཁོར་ལོ་དང་། །བད་དྷེ་[བན་དེ་]བསད་པའི་མཁྲིས་པ་དང་། །བོན་པོ་བསྲེགས་ཐལ་ཐང་ཆུང་[ཆུ་]དང་། །བརྟེན་པའི་[བརྟན་པོའི་]དྲེག་པ་དྲི་ཆེན་ལྟེ་བ་རྣམས། །དྲི་ཆུ་སྦྱར་ནས་བྱུག་དང་ཁོང་དུ་བཏང༌། །ཡང་ན་བྱ་ཟེ་ཕག་སྣ་ངུར་པའི་ཤ །རྡོ་དྲེག་གླ་རྩི་བུལ་ཏོག་ཆུ་དག་དང༌། །སུག་སྨེ་[སྨེལ་]ཆུ་གྲང་ཕུལ་ལ་རྔུལ་འབྱུང་བྱ། །ཡང་ན་སྦལ་པ་སྡིག་པ་བྱང་པ་ཁྲ་བོ་དང་། །གླ་རྩི་དོམ་མཁྲིས་གྷྲི་[གི་]ཝཾ་དྲི་ཆུར་སྦྱར། །ཞག་གྲངས་ཅི་རིགས་བསྟེན་ན་འཁྲུ་སྐྱུག་གཅོད། །གུར་གུམ་ཐང་བཏང་ཉ་[ཉྭ་]སུལ་ལྕགས་ཀྱིས་བསྲེག །སྐྱུག་ན་ཀེ་[སྐེ་]སྟོང་དྲུག་པ་ལྷེན་གསང་བསྲེག །སྲེ་ལོང་ཐང་བཏང་འཁྲུ་ན་ལྟེ་འོག་བསྲེག །ཟས་སྐམ་[སྐོམ་]བསལ་[བསིལ་]བཅུད་ནད་ཀྱི་བབས་དང་སྦྱར། །མེས་ཚིག་རྨ་ལ་ཉ་ཡི་མཁྲིས་པ་དང༌། །དོམ་མཁྲིས་སྦལ་པའི་ཁྲག་དང་སྦྱར་ལ་བཏབ། །ཡང་ན་བུལ་ཏོག་བྲག་སྤོས་ཕྱེ་མ་བཏབ། །ཚབས་ཚེ་[ཆེ་]བ་ལ་ཁོང་དུ་ག་བུར་དང༌། །ཙནྡ་[ཙན་དན་]གུར་གུམ་གྷི་ཝང་མཁྲིས་སྣ་དང༌། །ཆུ་རུག་ཤོང་དང་[ཤོ་མང་]ཞོ་བཙགས་རྨ་འཇིབ་དང་། །ཆུ་ལ་གནས་པའི་འཁྲིས་[མཁྲིས་]སྣ་ཐ་[མཐའ་]དག་དང༌། །ག་བུར་ཅུ་གང་གུར་གུམ་ཧོང་ལེན་དང༌། །བུལ་ཏོག་བྲག་སྤོས་ཆུ་རྩ་རྨ་བཙིར་བཏབ། །ཁབ་བམ་མདེལ་བུ་ཁོང་དུ་ཤོར་བ་ལ། །ཨ་རུ་བ་སྐྱུར་གོང་མས་ཆ་བསྐྱེད་ལ། །ཁབ་ལེན་ཕྱེ་མ་སྲིན་བལ་ཆུ་སྦྱར་བཏང༌། །འགུལ་དུ་མི་འཛུད་གན་སྐྱལ་[རྐྱལ་]ཉལ་ནས་བསྡད། །སྲིན་གྱིས་དྲིལ་ནས་གཤང་[བཤང་]སྒོར་འགྲིམ་[འབྱིན་]པར་འགྱུར། །ཤ་འམ་ཟན་ལས་[ལ་]་སོགས་པས་གནང་[བརྣངས་]པ་ནས[ན]། །རྐང་པའི་ཁྲིག་པ་[མཁྲིག་མ་]གཉིས་ནས་ལག་པས་བཟུང༌། །རྒྱབས་[རྒྱབ་]ཏུ་ཁ་སྦུབ་ཁུར་ལ་ཅུང་ཟད་སྒུར། །སྐེ་རག་[རགས་]རྡོ་ཡིས་རྐང་མཐིལ་རྟགས་[གཉིས་]ལ་བརྡེག །དེ་ནས་རོ་སྟོད་རྒྱབ་པས་[ཅུར་]གྱིས་འབྱིན། །གྲེ་བར་གྲ་མ་ཟུག་ནས་[ན་]སྦྲུལ་ཚིལ་བྱུག །ནས་ཕུབ་ཐང་བཏང་བ་ཁ་[ཤ་]ཁམ་ཆེ་ཟ། །གྲེ་བར་རུས་པ་ཟུག་ན་གོ་བོ་ཡི། །གྲེ་བ་གྲོ་ཆང་ནང་དུ་སྦངས་ལ་བཏང་། །ཉ་རུས་ཟུག་ན་སོ་བྱའི་ཤ་ཁུ་བཏང་། །ཡང་ན་སམ་[སྲམ་]གྱི་སྣ་དང་མཆེ་བ་ཕྱེ་མ་བཏང་། །རྣ་བའི་ར་[རྭ་]རུ་དུམ་བུ་མུར་བར་བྱ། །སྡོམ་དང་སྡིག་པ་ཁོང་དུ་སོང་བ་ན། །སྲད་དཀར་རམ་པ་ཆང་སྦྱར་ཁོང་དུ་བཏང༌། །ཆང་ནད་ལྒ་གཡེར་ཚ་བཏག་[ཚྭ་བཏགས་]ཆང་སྦྱར་བཏང༌། །ཕྱི་མཁྲིས་དྲོན་མོར་མིད་ན་ཆང་ནད་འབྱང༌། །ཤ་བ་རྣ་བའི་ཁྲག་ནི་དྲོན་མོ་ལ། །ཚྭ་བཏབ་བཏང་ན་ཆང་ནད་རྟག་ཏུ་འབྱང༌། །སྔོ་ལྒའི་ཚ་བ་སྨན་ཆུ་བསྟེན་པར་བྱ། །རྣེའུ་[སྣེའུ་]ལྷག་ན་རང་གི་དྲི་ཆུ་བྱུག །འཕྱིང་[ཕྱིང་]པ་ཚ་[ཚྭ་]ཆུར་བཅོས་[བཙོས་]པས་སྐྲངས་གནན་ནོ། །མཐེབ་པོའི་[མཐེ་བོའི་]སེན་མོ་སེར་ཙམ་བསྲེག་པར་བྱ། །གཉའ་རིངས་[རེངས་]ལྟག་དགྱེ་ཚྭ་མར་བྱུག་ལ་མཉེ། །སྲེབ་[བསེ་]དྲི་ཏི་ཚ་ཤུག་ཐལ་རྔུལ་སར་མར་དང་བྱུག །རྐང་ལག་ཁ་བས་ཕྱིད་ན་ཆུ་ཡིས་སྦྱང་[བསྒྲང་]། །རྣ་བར་སོག་[སྲོག་]ཆགས་ཤོར་ན་རྒྱ་ཚྭ་དང༌། །ཤིང་ཀུན་མར་ནག་དུག་[དུགས་]བསྲོས་ཚུག་ཙམ་[ཚུགས་ཚད་]བླུག །ནུ་མ་སྐྲངས་ན་ལྟོ་ཀུག་[བཀུག་]ཐང་གིས་སྦྱང༌། །སྤེན་ཐལ་རྣ་བའི་ཐག་[གཞུག་]སྤུ་རྒྱ་ཚྭ་རྣམས། །བྱིས་སྦའི་[པའི་]ཆུ་ལ་སྦྱར་ནས་ཐེ་རང་[ཐོ་རངས་]བཏང༌། །ཕིག་[ཕིགས་]ན་དཔྱི་རུས་བསྲེགས་ཐང་སྦྲག་ནས་བཏང་། །ཟུག་ཆེ་སྤང་རྒྱན་དྲོད་སྨན་ཤིང་མངར་ལྕག །བཤལ་རྗེས་ནུས་[ནུ་]མའི་ཚབས་དང་སྤུ་འགག་སྦྱང་ས། །ཞེས་གསུངས་སོ།།

གསོ་བྱའི་ནད་འབུམ་ནག་པོ་ལས་འཕྲན་[ཕྲན་]བུའི་ནད་གསོ་བའི་ལེའུ་སྟེ་རེ་ལྔ་པའོ།། །།


 

མཐའ་མའི་འདོན་ཐེངས་།: 03.01.2024 ཉིན། 4:01 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།