སྨན་རྩིས་དྲ་བ། - ནད་འབུམ་ནག་པོ།

ལེའུ་ཞེ་གཅིག་པ། ལོང་ནད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 03.01.2024
ནད་འབུམ་ནག་པོ། >>

ལེའུ་ཞེ་གཅིག་པ། ལོང་ནད་གསོ་བ།

དེ་ནས་ཡང་འཚོ་མཛད་སྨན་པའི་རྒྱལ་པོས་བཀའ་སྩལ་[བསྩལ་]པ། །དཔྱད་བུ་ལ་སོགས་གསོ་བ་འཛིན་པ་ཀུན། །འཁོར་འབངས་འདྲ་བའི་ལོང་ནད་བསྟན་གྱིས་ཟུངས། །འདི་ལས་[ལ་]བརྟག་པ་དང་ནི་བཅོས་ཐབས་གཉིས་ཡིན་ཏེ། །དང་པོ་ལོང་ནད་གྲང་སྦོས་གྲང་འགྱིང་དང༌། །ཚ་སྙོང་[རྙོངས་]འཇུ་སྐམས་[སྐེམས་]རླངས་པ་ཅན་དང་ལྔ། །གྲང་སྦོས་རླུང་ཡིན་འུར་འཁྲོག་ལྟེ་ཟུར་ན། །རྐང་པ་ཆུར་བཅུགས་སྦུ་[བཅུག་ལྦུ་]བ་སྐྱ་བོར་འཁྲུ། །རེས་འགའ་དྲི་མ་སྡོམ་ཅིང་སྐམ་པོར་འོང་། །གྲང་འགྱིངས་བད་ཀན་སྦོས་འཁྲོག་དྲི་མ་འགྱིང་། །ལོང་ལྗི་[ལྕི་]སྐབས་སུ་སྐྱ་བོར་འཁྲུ། །ལོང་ནད་ཚ་རྙོང་[རྙོངས་]མཁྲིས་ཡིན་ཁ་སྐམ་སྐོམ། །སྦོས་ཤིང་སྨུག་རྔུལ་བྱེད་ལ་ཕྱི་ས་སྡོམ། །ལོང་ནད་འཇུ་སྐོམ་[སྐེམས་]སྦོས་འཁྲོག་ཅི་ཟོས་ན། །ཉམ་ཆུང་ཁ་སྐམ་མཁལ་རྐེད་འཆད་[ཆད་]སྙམ་བྱེད། །རླངས་ཅན་ཆུ་བྱིད་[བྱེར་]ཡིན་པ་གཞུངས་[གཞུང་]རེངས་ན། །རྐེད་པ་སྒུར་པོར་སོང་ནས་འགྲོ་མི་ཤེས། །གཉིས་པ་བཅོས་ཐབས་གྲང་སྦོས་ཡ་པག་ཤ་[བཀྵ་]ར་དང་། །ཁ་རུ་ཚ་དང་རྒྱམ་ཚ་སྟར་བུ་ཡི། །ཕྱེ་མ་ཞོ་ཁ་ཆུ་ཡིས་ཕུལ་བཏང་བས། །གཟེར་སྦོས་རླུང་གིས་ཕྱི་ས་འགགས་པ་སེལ། །འུ་སུ་སྟར་བུ་ཤིང་མངར་ཡ་བག་ཤ་[བཀྵ]། །ཁྱི་ལྕེ་ཕྱེ་མ་དྲོད་སྨན་ཆུ་བསྐོལ་དབུལ། །སྦོས་འཁྲོག་གཟེར་དང་འཁྲུ་བ་སེལ་བར་བྱེད། །འཇམ་རྩི་རིང་[རེང་]བུ་སྒོག་སྐྱ་ཤིང་ཀུན་དང་། །ཚ་བ་གསུམ་དང་མར་རྙིང་བཏབ་པ་སྨན། །གྲང་འགྱིང་ཤིང་ཀུན་ཆུ་དག་རུ་རྟ་དང༌། །ཚ་ལ་ཁ་རུ་ཚ་རྣམས་གོང་མས་བསྐྱེད། །བསྡུས་ཁུས་སྦོས་འགྱིང་གྲང་བ་སེལ་བར་བྱེད། །སེལ་[སེ་]འབྲུ་ཚ་བ་གསུམ་དང་ཐལ་ཚྭ་[ཚ་]དང་། །རྒྱལ་ཚ་ཁ་རུ་ཚ་དང་ཙན་བས་[ཙབས་]རུ་ཚ། །བུར་དཀར་སྦྱར་བས་སྦོས་པ་འཇོམས་པའི་མཆོག །ཨ་རུ་ཆུ་དག་གླ་ལྒང་[སྒང་]ཙི་ཏྲ་ཀ །པུ་ཤེལ་བ་གཅིན་བླུད་པས་རྟུག་འགགས་སེལ། །ལོང་ནད་ཚ་བསྙོང་[རྙོངས་]འབྲས་བུ་གསུམ་གྱི་ཐང༌། །བ་ལེ་ཀ་ཡི་ཐང་བཏང་ལོང་རྩ་གཏར། །འཇུ་སྐེམ་ད་ལེ་[ལིས་]བདུན་སྦྱར་བཤལ་གྱིས་སྦྱང༌། །རླངས་པ་དྲོད་བསྐྱེད་སེལ་[སེ་]འབྲུ་ཕྱེ་མ་སྦྱར། །བཅུ་གཅིག་པ་དང་ཐར་[ཐེར་]གསང་ལྟེ་འོག་བསྲེག །ཅེས་གསུངས་སོ། །

གསོ་བྱའི་ནད་འབུམ་ནག་པོ་ལས་ལོང་ནད་གསོ་བའི་ལེའུ་སྟེ་བཞི་བཅུ་གཅིག་པའོ།། །།




མཐའ་མའི་འདོན་ཐེངས་།: 03.01.2024 ཉིན། 4:22 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།