སྨན་རྩིས་དྲ་བ། - ལོ་རྒྱུས།

༄༅། །གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས། པར་གཞི་དང་པོ།
(གསོ་རིག་མཁས་དབང་རིམ་བྱོན་གྱི་དཀར་ཆག)

1
2
3
4
5
6
7
8
9
10
11
12
13
14
15
16
17
18
19
20
21
22
23
24
25
26
27
28
29
30
31
32
33
34
35
36
37
38
39
40
41
42
43
44
45
46
47
48
49
50
51
52
53
54
55
56
57
58
59
60
61
62
63
64
65
66
67
68
69
70
71
72
73
74
75
76
77
78
79
80
81
82
83
84
85
86
87
88
89
90
91
92
93
94
95
96
97
98
99
100
101
102
103
104
105
106
107
108
109
110
111
112
113
114
115
116
117
118
119
120
121
122
123
124

ྋརྒྱལ་དབང་ལྔ་པ་ཆེན་མོ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 28.02.2013
ལོ་རྒྱུས། >>

ྋགོང་ས་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོ་ནི།

སྤྱི་ལོ་༼༡༦༡༧-༡༦༨༢༽ལོར་ལྷོ་ཁ་འཕྱོང་རྒྱས་སུ་སྐུ་འཁྲུངས་ཤིང༌། ཁོང་གི་མཚན་གཞན་ལ་རྒྱལ་བ་ལྔ་བ་ཆེན་པོ་ཡང་ཟེར། ཁོང་གིས་བོད་གཞུང་དགའ་ལྡན་ཕོ་བྲང་གི་ཆོས་སྲིད་ཀྱི་སྲིད་དབང་མངའ་བརྙེས་པར་མཛད། བོད་གཞུང་དགའ་ལྡན་ཕོ་བྲང་བའི་ཆབ་སྲིད་ནི་བོད་ཀྱི་བཙན་པོའི་རྒྱལ་རབས་དང༌། བོད་སིལ་བུའི་དུས་རབས་དང༌། ས་སྐྱ་བ་དང༌། ཕག་གྲུ་པ། རིན་སྤུངས་པ། སྡེ་བ་གཙང་པ་སོགས་ཁྲི་རབས་དེ་རྣམས་ཀྱི་ཆེས་རྗེས་མའི་ཆབ་སྲིད་ཀྱི་དུས་སྐབས་ཀྱང་ཡིན་ལ་མཛད་རྗེས་ཀྱང་དེ་དག་ལས་ལྷག་པར་ཆེ་བ་ཡིན། གང་ཞེ་ན། གཅིག་ཏུ་ན་རྒྱལ་བ་ལྔ་བ་ཆེན་མོ་ལ་མཁས་པའི་མཁྱེན་དཔྱོད་ཀྱི་ཡོན་ཏན་ཕུན་སུམ་ཚོགས་པ་འཛོམས་པ་དང༌། གཉིས་སུ་ན་རྒྱལ་སྲིད་གོང་མ་དེ་རྣམས་ལས་ཉམས་མྱོང་མང་པོ་ཞིག་ལེན་རྒྱུ་ཡོད་པས་རེད། དེ་ལྟར་རྒྱལ་བ་ལྔ་བ་ཆེན་མོས་བོད་མི་རིགས་ཀྱི་དོན་དུ་ཆོས་སྲིད་ཀྱི་ཐུགས་འགན་བཞེས་ཏེ་མཛད་རྗེས་རླབས་ཆེན་བཞག་གནང་མཛད་ཡོད་པ་དང༌། དེའི་སྐོར་གྱི་ལོ་རྒྱུས་ཞིབ་ཕྲ་བོད་ཀྱི་རྒྱལ་རབས་དེབ་ཐེར་ཁག་ཏུ་གསལ་ཡོད་པ་རེད། ལྷག་པར་དུ་བོད་ཀྱི་གསོ་བ་རིག་པ་འཕེལ་རྒྱས་ཀྱི་ཐད་དུ་མཛད་རྗེས་བཞག་པ་ནས་ཅུང་ཟད་ཅིག་ཟུར་དུ་བརྗོད་ན། དར་མོ་སྨན་རམས་པ་ལ་སོགས་པའི་ཚད་ཐུབ་ཀྱི་མཁས་པ་མང་པོ་ལ་བདག་རྐྱེན་ཚད་མེད་གནང་བ་མ་ཟད། གྲ་ཐང་རྒྱུད་བཞི་ཞེས་པའི་རྒྱུད་བཞིའི་པར་མ་གྲགས་ཅན་དེ་ལ་ཞུས་དག་ཞིབ་ནན་བྱེད་དུ་བཅུག་སྟེ་སླར་ཡང་དཔར་གཞི་གསར་བསྐྲུན་མཛད་པ་དང༌། དེ་མིན་པའི་སྨན་གཞུང་ཁག་ཅིག་ཀྱང་བསྡུ་བསྒྲིགས་དང་པར་གཞི་གསར་བརྐོས་ཀྱང་མཛད། ད་དུང་སྨན་གྱི་སྐོར་ལའང་ཐུགས་གཙིགས་ཆེ་ཙམ་གནང་སྟེ་གསན་བསམ་ཡང་མཛད་པའི་ལོ་རྒྱུས་ཀྱང་རྣམ་ཐར་དུ་གསལ་བ་དང༌། སྨན་གྱི་སྐོར་ལ་དམིགས་སུ་གསུང་རྩོམ་མཛད་མེད་ཀྱང༌། སྨན་བླའི་ཆོ་གའི་སྐོར་ལ་སྨན་བླ་མདོ་ཆོག་ཡིད་བཞིན་དབང་རྒྱལ་གྱི་ཆོག་བསྒྲིགས་མཛད་དེ་བོད་ཁམས་ཡོངས་སུ་སྨན་བླའི་བསྒྲུབ་ཆོད་ཀྱི་རྒྱུན་ད་དུང་ཡང་དར་ཁྱབ་དུ་གནས་ཡོད། དེ་ལྟ་བུའི་ཆོས་རྒྱུན་བཙུགས་པ་དེ་ཡང་གཅིག་ཏུ་ན་སྨན་བླའི་རྒྱ་ཆེ་བའི་ཐུགས་བསྐྱེད་སྨོན་ལམ་དང་བསྟུན་པ་དང༌། གཉིས་སུ་ན་བོད་ཀྱི་ཆོས་རྒྱལ་རིམ་བྱོན་རྣམས་ཀྱི་ཐུགས་དམ་གྱི་རྟེན་ཡང་སྨན་གྱི་མདོ་བརྒྱད་བརྒྱ་བ་ཞེས་པ་དེ་ཡིན་པའི་རྐྱེན་གྱིས་རེད།

ད་དུང་བོད་ཀྱི་གསོ་བ་རིག་པའི་བྱ་བཞག་གོང་འཕེལ་གཏོང་ཆེད་དུ་ཐོག་མར་འབྲས་སྤུངས་སུ་གསོ་རིག་སློབ་གྲྭ་འགྲོ་ཕན་གླིང་བྱ་བ་ཞིག་གསར་ཏུ་བཙུགས་པ་དང༌། དེ་བཞིན་གཞིས་ཀ་རྩེ་བསམ་འགྲུབ་རྩེར་གསོ་རིག་སློབ་གྲྭ་དྲང་སྲོང་འདུས་པའི་གླིང་ཞེས་པ་བཙུགས་པ་དང༌། དེ་རྗེས་རྩེ་ཕོ་བྲང་གི་ཤར་ཆེན་ལྕོག་དང༌། གཡུལ་རྒྱལ་ལྕོག གསང་ཕུ་ཉི་མ་ཐང་སོགས་ལའང་གསོ་རིག་སློབ་གྲྭ་རེ་རེ་བཙུགས་ཏེ་གསོ་བ་རིག་པ་གོང་འཕེལ་གྱི་བྱ་བཞག་ལ་ཚད་མཐོའི་བདག་རྐྱེན་བླ་མེད་མཛད་ཅིང་། དེ་དག་ལས་ཀྱང་མཛད་ཆེན་གལ་འགངས་ཆེ་བ་ཞིག་བཞག་ཡོད་པ་ནི་མི་དབང་སྡེ་སྲིད་སངས་རྒྱས་རྒྱ་མཚོ་གསོ་སྐྱོང་མཛད་པ་དེ་རེད། དེའི་སྐོར་ནི་གཤམ་དུ་སྡེ་སྲིད་ཀྱི་སྐབས་སུ་གཟིགས་པར་འཚལ།

 

མཐའ་མའི་འདོན་ཐེངས་།: 27.01.2014 ཉིན། 12:50 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

རྒྱལ་སྤྱིའི་ཨྰརོགྱ་2017ཚོགས་ཆེན་དང་པོ།

ཕྱི་བཅོས་གསོ་ཐབས་ཀྱི་ཟབ་སྦྱོང་དམར་ཁྲིད།

སྨན་རྩིས་ཁང་ལ་འབུལ་བ་གསོལ་རས་བསྩལ།

ཨ་གར་སོ་ལྔ་འམ་ཚངས་ལྷའི་གཏམ་རྒྱུད།

མཇུག་དོན།

སྨན་པ་མཁས་ཆེན་དབྱངས་ཅན་ལྷ་མོ།

མཁས་དབང་ངག་དབང་ཆོས་གྲགས།

ལྕགས་པོ་རིའི་དགེ་རྒན་སྐལ་བཟང་ལེགས་བཤད།

ཐུགས་སྲས་ཐུབ་བསྟན་ལྷུན་གྲུབ།

མཁས་དབང་མཁྱེན་རབ་ནོར་བུ།

བཀྲས་ཁང་བྱམས་པ་ཐུབ་དབང་།

འཚོ་བྱེད་རྡོ་རྗེ་རྒྱལ་མཚན།

ཀརྨ་འཇིགས་མེད་ཆོས་ཀྱི་སེངྒེ།

བླ་སྨན་བྱ་སྦུག་པ་དམ་ཆོས་དཔལ་ལྡན།

སློབ་ཐོན་པ་རྣམས་ལ་སྩལ་བའི་བཀའ་སློབ།