སྨན་རྩིས་དྲ་བ། - མདུན་ངོས།

དཔལ་ལྡན་སྲིད་སྐྱོང་མཆོག་སྨན་རྩིས་ཁང་དུ་འཚམས་གཟིགས་གནང་།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 08.09.2023
མདུན་ངོས། >>


དཔལ་ལྡན་སྲིད་སྐྱོང་མཆོག་སྨན་རྩིས་ཁང་དུ་འཚམས་གཟིགས་གནང་།

ཕྱི་ལོ་ ༢༠༢༣ ཟླ་ ༩ ཚེས་ ༧ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་མཆོག་བཞུགས་སྒར་ཁུལ་གྱི་བོད་མིའི་སྡོད་གནས་ཁག་དང་། མགོན་སྡེ་གྲྭ་ཚང་། ཤེས་ཡོན་བསྟི་གནས་ཁང་སོགས་སུ་ཉིན་བཞིའི་རིང་འཚམས་གཟིགས་ལ་ཕེབས་པའི་མཛད་འཆར་བཞིན། འདི་ག་འགྲོ་ཕན་སྨན་རྩིས་ཁང་དུ་ཕེབས་ཏེ་སྨན་ཁང་དབུ་འབྱེད་དང་རིག་གཞུང་སྡེ་ཚན་ཁག་ལ་འཚམས་གཟིགས་གནང་ཡོད།

དེ་ཉིན་སྔ་དྲོ་ཕྱག་ཚོད་ ༩ ཐོག་བཞུགས་སྒར་འགྲོ་ཕན་སྨན་རྩིས་ཁང་གི་དཀྱིལ་འཁོར་དུ་ཆགས་པའི་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་རྣམ་པའི་གཟིམ་ཤག་རྒྱལ་སྒོ་ནས་འགྲོ་ཕན་སྨན་རྩིས་ཁང་གི་ལས་ཁུངས་ཨ་མའི་རྒྱ་སྒོ་བར་སྨན་རྩིས་པ་གཙོས་དགེ་སློབ་ལས་བྱེད་རྣམས་ཀྱིས་ཕེབས་བསུ་ཞུས། དེ་ཡང་ཐོག་མར་འགྲོ་ཕན་སྨན་རྩིས་ཁང་གི་མཆོད་ཁང་དུ་ཕེབས་ཏེ་མཆོག་གསུམ་སྐུ་རྟེན་རིན་པོ་ཆེ་དྲུང་དུ་མཎྜལ་རྟེན་གསུམ་འདེགས་འབུལ་གྲུབ་ནས་རིམ་བཞིན་འགྲོ་ཕན་སྨན་རྩིས་ཁང་གི་སྐར་དཔྱད་རྩིས་རིག་སྡེ་ཚན་དང་། སྨན་སྦྱོར་ཁང་སྡེ་ཚན། སྔོ་སྦྱོར་སྡེ་ཚན། ཉམས་ཞིབ་སྡེ་ཚན། སྨན་རྫས་ཉམས་ཞིབ་སྡེ་ཚན། དཔེ་ཐོག་ཞིབ་འཇུག་དང་པར་སྐྲུན་སྡེ་ཚན། སྨན་རྩིས་མཐོ་སློབ་སྡེ་ཚན་དང་འཛིན་ཁང་། བུ་བཅོལ་ཁང་བཅས་རིག་གཞུང་སྡེ་ཚན་ཁག་ཏུ་འཚམས་གཟིགས་གནང་། ལྷག་པར་ད་ལྟའི་གངས་སྐྱིད་ཡན་ལག་སྨན་ཁང་དེ་བཞིན་སྨན་རྩིས་ཐོན་དངོས་ཚོང་ཁང་གི་ཁ་སྤྲོད་དུ་གནས་སྤོས་ཤིང་བསྐྱར་བཟོ་བྱས་པ་དེ་ཉིད་དབུ་འབྱེད་ཀྱང་གནང་ཡོད།

དེ་ནས་སྨན་རྩིས་མཐོ་སློབ་ཚོགས་ཁང་དུ་དགེ་སློབ་ལས་བྱེད་ལྷན་འཛོམས་སྟེང་ཕེབས་ཏེ། ཐོག་མར་ྋརྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་དྲུང་དུ་སྣང་གསལ་མར་མེ་ཞལ་འབྱེད་གནང་། དེ་རྗེས་འགྲོ་ཕན་སྨན་རྩིས་ཁང་ནས་དཔལ་ལྡན་སྲིད་སྐྱོང་མཆོག་ལ་སྨན་བླ་བདེ་གཤེགས་བརྒྱད་ཀྱི་སྐུ་ཐང་ཞིག་དྲན་རྟེན་ཚུལ་དུ་འབུལ་ནས་སྤྱི་ཁྱབ་འགན་འཛིན་ཐུབ་བསྟན་ཚེ་རིང་མཆོག་ནས་སྨན་རྩིས་ཁང་གི་སྨན་རྩིས་ལས་བྱེད་ཀྱི་གྲངས་འབོར་སོགས་ད་ལྟའི་གནས་སྟངས་སྐོར་ངོ་སྤྲོད་སྙན་གསང་མདོར་བསྡུས་ཤིག་ཞུས། དེ་ནས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་མང་ཚོགས་ལ་གཏམ་བཤད་རྒྱས་པ་ཞིག་གནང་བའི་ཐོག་མར། ཉེ་སྔོན་ད་ལྟའི་བཀའ་ཤག་སྐབས་བཅུ་དྲུག་པས་བོད་ཀྱི་མ་འོངས་འགན་སྲུང་ཞེས་པའི་དེབ་ཆུང་འགྲེམས་སྤེལ་བྱས་པ་དེ་ཉིད་ལ་ངེས་པར་དོ་སྣང་གིས་ཀློག་དགོས་པ་བཀའ་ནན་གནང་བ་བཞིན་སྤྱོད་བདེའི་ཡིག་སྒྲོམ་གཉིས་པོ་དེ་བོད་མིའི་སྒྲིག་འཛུགས་དྲ་རྒྱ་ནས་དྲངས་ཏེ་གཤམ་དུ་ཟུར་འདོན་ཞུས་ཡོད། དེབ་དེའི་ནང་འཁོད་པ་བཞིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ད་ལྟའི་བཀའ་ཤག་ལ་ལས་འགན་ཆེན་པོ་གསུམ་ཡོད་པ་ནི་བོད་དོན་བདེན་མཐའ་གསལ་ཐབས་དང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་བདེ་དོན། བོད་མིའི་སྒྲིག་འཛུགས་ཀྱི་ནུས་ཤུགས་གོང་སྤེལ་བཅས་དང་། བོད་ཀྱི་གལ་གནད་དང་། སྨན་རྩིས་ཁང་གི་སྐོར་སོགས་ལ་གཏམ་བཤད་གནང་། མཐར་འགྲོ་ཕན་སྨན་རྩིས་ཁང་གི་རིག་གཞུང་འགན་འཛིན་སྨན་རམས་པ་ཚེ་རིང་ནོར་བུ་མཆོག་ནས་མ་འོངས་ཟབ་སྦྱོང་གི་ལས་གཞི་སྤེལ་སྐབས་དཔལ་འབྱོར་གྱི་མཐུན་རྐྱེན་མཁོ་སྤྲོད་རེ་སྐུལ་ཞུས་པ་དང་སྦྲགས་ཐུགས་རྗེ་ཆེ་ཞུས་གནང་སོང་། དེ་ལྟར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་འགྲོ་ཕན་སྨན་རྩིས་ཁང་དུ་ད་ཐེངས་ཀྱི་མཚམས་གཟིགས་དེ་ལེགས་གྲུབ་བྱུང་ཡོད།

ད་ཐེངས་ཀྱི་འཚམས་གཟིགས་སྐབས་སྤྱི་ཁྱབ་འགན་འཛིན་ཐུབ་བསྟན་ཚེ་རིང་མཆོག་དང་། རིག་གཞུང་འགན་འཛིན་སྨན་རམས་པ་ཚེ་རིང་ནོར་བུ་མཆོག་གཉིས་ཀྱིས་སྣེ་ཁྲིད་གནང་ཡོད། དཔལ་ལྡན་སྲིད་སྐྱོང་མཆོག་གི་སྐུ་འཁོར་དུ་ནང་སྲིད་དྲུང་འཕར་བསྟན་འཛིན་ནོར་བུ་ལགས་དང་། དྷ་ས་ས་གནས་འགོ་འཛིན་དཀོན་མཆོག་མིག་དམར་ལགས། རང་བདེན་ཚོགས་ཆུང་གི་ཚོགས་མི་ལྷན་དབྱིངས་ལགས་བཅས་མཉམ་བཅར་ཞུས་འདུག

 

འདིར་ནོན།   སྤྱི་ཁྱབ་འགན་འཛིན་ཐུབ་བསྟན་ཚེ་རིང་མཆོག་གིས་ངོ་སྤྲོད་སྙན་གསང་གནང་བ་དེ་གསན།

འདིར་ནོན།   དཔལ་ལྡན་སྲིད་སྐྱོང་མཆོག་གིས་གཏམ་བཤད་རྒྱས་པ་དེ་གསན།

འདིར་ནོན།   བོད་ཀྱི་མ་འོངས་འགན་སྲུང་། ཕུགས་དམིགས་ཡིག་ཆ། (ཁོལ་ཕྱུང་།) སྤྱོད་བདེའི་ཡིག་སྒྲོམ།

འདིར་ནོན།   བོད་ཀྱི་མ་འོངས་འགན་སྲུང་། ཕུགས་དམིགས་ཡིག་ཆ། སྤྱོད་བདེའི་ཡིག་སྒྲོམ།






















མཐའ་མའི་འདོན་ཐེངས་།: 08.09.2023 ཉིན། 12:23 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།