སྨན་རྩིས་དྲ་བ། - མདུན་ངོས།

ྋསྐྱབས་རྗེ་ཀིརྟི་རིན་པོ་ཆེའི་འཁྲུངས་སྐར་ཉིན་སྨན་སྦྱིན་གནང་།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 11.08.2023
མདུན་ངོས། >>



ྋསྐྱབས་རྗེ་ཀིརྟི་རིན་པོ་ཆེའི་འཁྲུངས་སྐར་ཉིན་སྨན་སྦྱིན་གནང་།

ཕྱི་ལོ་ ༢༠༢༣ ཟླ་ ༨ ཚེས་ ༨ ཉིན་ྋསྐྱབས་རྗེ་ཀིརྟི་རིན་པོ་ཆེ་བློ་བཟང་བསྟན་འཛིན་འཇིགས་མེད་ཡེ་ཤེས་ཕུན་ཚོགས་མཆོག་དགུང་གྲངས་གྱ་གཅིག་ལ་ཕེབས་པའི་སྐུའི་འཁྲུངས་ཚེས་ཉིན། ཀིརྟིའི་དགེ་རྩ་ཚོགས་པ་དང་། ཀིརྟི་བྱེས་པ་གྲྭ་ཚང་གི་བླ་སྤྲུལ་བཅས་ཐུན་མོང་ནས་ཉིན་བདུན་གྱི་སྨན་སྦྱིན་བཏང་གནང་ཡོད།

དེ་ཡང་ལོ་སྟར་ཆགས་སུ་ྋསྐྱབས་རྗེ་ཀིརྟི་རིན་པོ་ཆེའི་སྐུའི་འཁྲུངས་སྐར་ཉིན་འགྲོ་ཕན་སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་བརྒྱུད་རིས་མེད་ནད་པ་རྣམས་ལ་སྨན་སྦྱིན་གྱི་ཞབས་འདེགས་ཞུ་སྲོལ་ཡོད་པ་བཞིན། འདི་ལོའང་ཕྱི་ཟླ་ ༨ ཚེས་ ༨ ཉིན་དེར་དྷ་སྟེང་ཡན་ལག་སྨན་ཁང་དང་། དེ་བཞིན་གངས་སྐྱིད་ཡན་ལག་སྨན་ཁང་དང་འཛིན་སྐྱོང་ལས་ཁུངས་གཤམ་གྱི་སྨན་ཁང་བཅས་སུ་སྨན་པ་བསྟེན་གཏུགས་སུ་བཅར་མཁན་ནད་པ་ཡོད་དོ་ཅོག་ལ་དེའི་ཉིན་ནས་ཞག་པོ་བདུན་གྱི་རིང་སྨན་སྦྱིན་གནང་ཡོད། བཞུགས་སྒར་ཁུལ་གྱི་ཡན་ལག་སྨན་ཁང་དེ་དག་ཏུ་ཉིན་གཅིག་ལ་ནད་པ་ཁྱོན་ ༤༤༠ བྱུང་བ་རྣམས་ཀྱི་ཉིན་བདུན་གྱི་སྨན་རིན་ཁྱོན་བསྡོམས་ཧིན་སྒོར་ ༡༡༩༥༣༤།༠༠  ཆིག་འབུམ་ཆིག་ཁྲི་དགུ་སྟོང་ལྔ་བརྒྱ་སོ་བཞི་གནས་ཡོད་པ་ཡོངས་རྫོགས་ཀིརྟི་དགེ་རྩ་ཚོགས་པ་དང་། ཀིརྟི་བྱེས་པ་གྲྭ་ཚང་ཐུན་མོང་ནས་ནར་གཏོང་གནང་བ་རེད།

དེ་ལྟར་རིས་མེད་ནད་པ་རྣམས་ལ་སྨན་སྦྱིན་གནང་བར་འགྲོ་ཕན་སྨན་རྩིས་ཁང་གིས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་དང་སྦྲགས་རྗེས་སུ་ཡི་རངས་ཀྱིས། ྋསྐྱབས་རྗེ་ཀིརྟི་རིན་པོ་ཆེ་སྐུ་ཚེ་མི་འཇིག་རྡོ་རྗེའི་ཁམས་སུ་བརྟན་ཞིང་འཕྲིན་ལས་ཕྱོགས་བཅུར་རྒྱས་པར་སྨོན།།




མཐའ་མའི་འདོན་ཐེངས་།: 11.08.2023 ཉིན། 3:38 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཁྲིམས་རྩོད་པ་ཞིག་གི་ས་མིག་གསལ་བསྒྲགས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།