སྨན་རྩིས་དྲ་བ། - མདུན་ངོས།

ཧིན་སྒོར་འབུམ་ ༢༥ ཞལ་འདེབས་གནང་།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 21.09.2023
མདུན་ངོས། >>


ཧིན་སྒོར་འབུམ་ ༢༥ ཞལ་འདེབས་གནང་།

འགྲོ་ཕན་སྨན་རྩིས་ཁང་གི་སྨན་པ་ཟུར་པ་ཡར་འབྲོག་གམ་པ་སྤྲུལ་འཁོར་སྨན་པ་སྐལ་བཟང་དོན་ལྡན་ལགས་ཀྱིས་འདི་ལོའི་ཟླ་ ༩ པའི་བདུན་ཕྲག་གསུམ་པའི་ནང་། འགྲོ་ཕན་སྨན་རྩིས་ཁང་གི་མ་དངུལ་ཆེད་དུ་ཧིན་སྒོར་འབུམ་ཉི་ཤུ་རྩ་ལྔ་(༢,༥༠,༠༠༠༠)ཞལ་འདེབས་གནང་བར་འགྲོ་ཕན་སྨན་རྩིས་ཁང་གི་ལས་བྱེད་ཡོངས་ཀྱི་ཚབ་ཞུས་ཏེ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ།

སྨན་པ་སྐལ་བཟང་དོན་ལྡན་ལགས་ནི་བཞུགས་སྒར་སྨན་རྩིས་མཐོ་སློབ་ཁང་གི་སྐབས་བཅུ་གསུམ་པའི་སྨན་པ་ཡིན་ཞིང་། ཁོང་ཕྱི་ལོ་ ༢༠༠༢ ནས་ ༢༠༠༦ བར་ལོ་ངོ་ལྔའི་རིང་སྨན་རྩིས་མཐོ་སློབ་ཁང་དུ་དཔལ་ལྡན་རྒྱུད་བཞི་གཙོས་བོད་ཀྱི་གསོ་བ་རིག་པར་སྦྱངས་བརྩོན་མཐར་ཕྱིན་ནས་སྨན་པ་དཀའ་བཅུ་པའི་ལག་འཁྱེར་ཐོབ། དེ་ནས་འགྲོ་ཕན་སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་ཁག་ཏུ་ལོ་གཅིག་གི་ཉམས་མྱོང་གསོག་སྒྲུབ་ཞུས་རྗེས་འགྲོ་ཕན་སྨན་རྩིས་ཁང་གི་གསོ་རིག་ཞིབ་འཇུག་སྡེ་ཚན་དུ་ཡུན་རིང་ཕྱག་ལས་གནང་མྱོང་ཡོད།

ཡར་འབྲོག་གམ་པ་སྤྲུལ་འཁོར་སྨན་པ་སྐལ་བཟང་དོན་ལྡན་ལགས་ཀྱིས་ལོ་ཤས་ནས་འགྲོ་ཕན་སྨན་རྩིས་ཁང་གི་མ་དངུལ་སྤྱི་དང་ལྷག་པར་དངུལ་རྐྱང་གི་གནས་སྟངས་ཞན་པོ་ཡོད་པའི་གནས་ཚུལ་རྒྱུས་ལོན་འབྱུང་མ་ཐག་སྨན་རྩིས་ཁང་ལ་འཆང་བའི་ཐུགས་བརྩེས་མ་བཟོད་པར་ཉིད་ཀྱི་འཁོས་ཀ་ཇི་བཞིན་གཏོང་ཕོད་ཆེན་པོས་ཧིན་སྒོར་ས་ཡ་གཉིས་དང་འབུམ་ལྔ་ཐམ་པ་སྨན་རྩིས་ཁང་གི་མ་དངུལ་ཆེད་དུ་ཞལ་འདེབས་གནང་བར་འགྲོ་ཕན་སྨན་རྩིས་ཁང་གི་འགོ་ལས་ཡོངས་ཀྱི་ཚབ་ཞུས་ཏེ་རྗེས་སུ་ཡི་རང་དང་སྦྲགས་སྙིང་ཐག་པ་ནས་ཐུགས་རྗེ་བླ་ལྷག་ཏུ་ཆེ་ཞུ། སྨན་པ་ལགས་ཀྱི་གམ་དུ་ལྷགས་པའི་འགྲོ་བ་ནད་པ་ཡོངས་ལ་དངོས་ཤུགས་བརྒྱུད་གསུམ་གྱི་སྒོ་ནས་ཕན་འདོགས་སྔར་ལྟར་མུ་མཐུད་གནང་ཐུབ་པའི་ལྷག་བསམ་དཀར་པོས་སྨོན་འདུན་གྲངས་མེད་ཞུ།།





མཐའ་མའི་འདོན་ཐེངས་།: 21.09.2023 ཉིན། 11:19 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།