སྨན་རྩིས་དྲ་བ། - མདུན་ངོས།

སྨན་རྩིས་དྲ་བ་ལེགས་འགྲུབ་བྱུང་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 29.03.2011
མདུན་ངོས། >> གསར་འགྱུར།


བོད་གངས་ཅན་གྱི་ལྗོངས་སུ་གཞན་དྲིང་མི་འཇོག་པའི་གཅེས་ནོར་ཏེ་ཕ་ཤུལ་བུ་ལ་བཞག་ཅིང་ཀུན་ལ་ངོམ་རན་ཆོག་པ་ཞིག་ཡོད་པ་ནི་སྔོན་བྱོན་མེས་པོ་དམ་པ་རྣམས་དང་ཁྱད་པར་དུ་ཆོས་རྒྱལ་ལོ་པཎ་བཀའ་དྲིན་ཅན་དག་གི་རྣམ་དཔྱོད་ཕུན་སུམ་ཚོགས་པ་ལས་འཁྲུངས་པའི་ཁྱད་ནོར་ཏེ། རིག་པའི་གནས་ཆེན་བཅུ་ཞེས་སྙན་པའི་གྲགས་པ་འཇིག་རྟེན་ཀུན་ལ་མངོན་པར་གྲགས་ཤིང་བསྟོད་པའི་མེ་ཏོག་ས་འཛིན་ཕང་བར་གཏོར་བ་འདི་ཉིད་ཡིན།

རིག་པའི་གནས་ཆེན་འདི་དག་གིས་བོད་སྲིད་པ་ས་ལ་ཆགས་པ་ནས་ད་ལྟའི་བར་གྱི་བོད་མི་རིགས་འདིའི་བླ་སྲོག་གི་རྒྱུན་རྩ་དམ་པོར་བཟུང་ཡོད་ལ་མ་འོངས་པའི་མི་རིགས་འདིའི་ཆགས་འཇིག་གི་གཞི་རྩའི་གནད་འགག་ཀྱང་འདི་ལ་ཐུག་ཡོད། དེའི་རྐྱེན་གྱིས་བོད་གངས་ཅན་ལྗོངས་སུ་སྔར་རྒྱུན་གྱི་ལམ་སྲོལ་བཟང་པོ་ཞིག་དར་ཁྱབ་བྱུང་ཡོད་པ་ནི་རིག་གནས་འདི་དག་གི་འཛིན་སྐྱོང་སྤེལ་གསུམ་ཆེད་སྡེ་ཚན་ཁག་བགོས་ཀྱིས་རིག་པའི་བསྟི་གནས་རེ་རེ་གསར་འཛུགས་བྱས་ཡོད་ཅིང་། དེ་ཁོངས་ནས་རིག་པའི་གནས་ཆེན་བཅུའི་ཡ་གྱལ་གཞན་རྗེས་སུ་འཛིན་པའི་རིག་པ་སྟེ་གསོ་བ་རིག་པ་དང་། ལེགས་ཉེས་བླང་དོར་རྣམ་འབྱེད་ཀྱི་རྩིས་རིག་པ་གཉིས་ནི་ལོ་རྒྱུས་ཀྱི་བྱུང་རབས་ནང་སྨན་རྩིས་ཁང་འདི་ཉིད་ནས་ལོ་ངོ་བརྒྱ་ཕྲག་རིང་གཞི་རྐང་དམ་པོར་བཟུང་ནས་འཛིན་སྐྱོང་སྤེལ་གསུམ་བྱེད་བཞིན་པ་ཞིག་ཡིན།

དེ་ཡང་བོད་གཞུང་སྨན་རྩིས་ཁང་འདི་ལའང་དུས་རབས་ཀྱི་འགྱུར་མཚམས་དང་ལོ་རྒྱུས་ཀྱི་འཕེལ་འགྲིབ་ནང་གཞིས་བྱེས་གཉིས་སུ་གྱེས་ཤིང་འཛིན་སྐྱོང་གི་གཞི་རྐང་ཡང་སོ་སོར་གནས་ཡོད་ཀྱང་སྨན་རྩིས་བསྟན་པའི་བྱ་བཞག་ལ་ལང་ཕྱོགས་གཅིག་ཏུ་གནས་ཡོད་པ་རེད། བཙན་བྱོལ་ནང་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་ཀྱི་གྲིབ་བསིལ་འོག་སྨན་རྩིས་ཁང་འདི་ཉིད་སྔར་མེད་པ་ནས་ཡོད་པ་དང་། ཡོད་པ་ནས་ཤེས་ཡོན་དང་དཔལ་འབྱོར་གཉིས་ཀ་རང་སྐྱ་འཕེར་བའི་ཚོགས་སྡེ་འདི་འདྲ་ཞིག་ལ་འཕེལ་རྒྱས་བྱུང་ཡོད་པ་ཀུན་ལ་སྙོན་དུ་མེད། ལྷག་པར་དུ་སྤྱི་ལོ་༢༠༡༡ལོ་འདི་ནི་བཙན་བྱོལ་དུ་བོད་གཞུང་སྨན་རྩིས་ཁང་བཙུགས་ནས་མི་ལོ་ལྔ་བཅུ་ཧྲིལ་པོར་འཁོར་གྱི་ཡོད་པའི་ལོ་རྒྱུས་ཀྱི་གལ་ཆེའི་ལོ་ཚིགས་ཀྱི་དུས་མཚམས་ཤིག་ཆགས་ཡོད།

དེ་ལ་བསྟུན་ནས་སྨན་རྩིས་ཁང་འཛིན་སྐྱོང་གི་སློབ་སྟོན་དང་ཐུགས་ཁུར་རྒྱབ་སྐྱོར་འོག་སྨན་རྩིས་རིག་གཞུང་ཞིབ་འཇུག་སྡེ་ཚན་ནས་<<སྨན་རྩིས་དྲ་བ་>>ཞེས་པའི་དྲ་ཚིགས་འདི་སྤྱིར་སྨན་རྩིས་རིག་པའི་བསྟན་པ་འཛིན་སྐྱོང་གོང་འཕེལ་གཏོང་ཐབས་ཀྱི་ཆེད་དང་། ཁྱད་པར་དུ་སྨན་རྩིས་རིག་པའི་གཞུང་ལུགས་ལ་དོན་གཉེར་ཅན་རྣམས་ཀྱིས་དེང་དུས་ཀྱི་འགྲོ་ལུགས་དང་མཐུན་པར་ཐད་ཀར་དྲ་ལམ་ནས་གཟིགས་བདེ་ཡོང་སླད་དང་། སྒོས་སུ་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྨན་རྩིས་ཁང་འདི་ཉིད་ལ་ཐོག་མར་མགོ་བཙུགས་པ་ནས་ད་ལྟའི་བར་དུ་ཐུགས་རྗེས་བཀའ་དྲིན་དུས་ནས་དུས་སུ་གནང་བའི་བཀའ་དྲིན་གྱི་ཆ་ཤས་ཕྲ་མོ་ཙམ་ཞིག་གསབ་པའི་ཆེད་དུ་ལས་གཞི་འདི་ཉིད་གསར་དུ་སྤེལ་བའོ།།

 

མཐའ་མའི་འདོན་ཐེངས་།: 22.03.2014 ཉིན། 2:25 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།