སྨན་རྩིས་དྲ་བ། - མདུན་ངོས།

སྨན་རྩིས་ཐོན་རྒྱུགས་ཆེན་མོ་གཏོང་བཞིན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 28.10.2022
མདུན་ངོས། >>



སྨན་རྩིས་ཐོན་རྒྱུགས་ཆེན་མོ་གཏོང་བཞིན་པ།


ཕྱི་ལོ་ ༢༠༢༢ ཟླ་ ༡༠ ཚེས་ ༡༠ ནས་ཟླ་ ༡༡ ཚེས་ ༡༤ བར་སྨན་རྩིས་མཐོ་སློབ་ཁང་གི་སྐབས་ ༢༡  ནང་སྨན་སློབ་གྲངས་ཉེར་བདུན་དང་། སྐབས་ ༡༡ པའི་རྩིས་སློབ་བརྒྱད་ཡོད་པ་རྣམས་ཀྱི་ཐོན་རྒྱུགས་ཆེན་མོའི་དུས་ཚོད་གཏན་འབེབས་ལྟར་ད་ལྟ་རྒྱུགས་སྤྲོད་ལས་རིམ་འགྲོ་བཞིན་ཡོད། འདི་ནི་དམིགས་བསལ་དྷ་ས་སྨན་རྩིས་མཐོ་སློབ་ཁང་དུ་གཙོ་ཆེར་རང་རིགས་སྨན་སློབ་སྲོལ་རྒྱུན་གྱི་ལམ་ནས་འདེམས་སྒྲུག་གིས་འཛུལ་ཞུགས་བྱེད་མཁན་མཐའ་མའི་གྲས་ཀྱི་ཐོན་རྒྱུགས་ཆེན་མོ་ཞིག་ཆགས་ཡོད།

དེ་ཡང་སྨན་རྩིས་སློབ་མ་དེ་དག་ལོ་ལྔའི་རིང་སྨན་རྩིས་རིག་པའི་གཞུང་ལུགས་ཆ་ལག་ཁ་སྐོང་དང་བཅས་པར་ཐོས་བསམ་སློབ་གཉེར་གྲུབ་རྗེས་ད་ཆ་ཡིག་ངག་ལག་ལེན་བརྒྱུད་ནས་ཐོན་རྒྱུགས་ཆེན་མོ་འབུལ་བཞིན་ཡོད། རྒྱུགས་སྤྲོད་ཀྱི་དུས་ཚེས་དང་། རྒྱུགས་གཞི་སོགས་གཤམ་གྱི་རེའུ་མིག་ཏུ་གསལ་པོར་བཀོད་ཡོད།

འགྲོ་ཕན་སྨན་རྩིས་ཁང་ལ་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་དང་། བཞུགས་སྒར་དྷ་ས་སྨན་རྩིས་མཐོ་སློབ་ཁང་གཉིས་ཡོད་པ་ལས་དམིགས་བསལ་དྷ་ས་སྨན་རྩིས་ཁང་དུ། ད་ལྟ་རྒྱལ་སྤྱིའི་གསོ་རིག་སྨན་སློབ་སྐབས་༢༤ པ་སློབ་གཉེར་བྱེད་བཞིན་པ་ཕུད། སྨན་སློབ་སྐབས་ ༢༡ སློབ་མཐར་ཕྱིན་མཚམས། རང་རིགས་སློབ་མ་རྣམས་སྨན་རྩིས་མཐོ་སློབ་ཁང་དུ་སྔར་སྲོལ་གྱི་འདེམ་སྒྲུག་དང་འཛུལ་ཞུགས་བྱེད་སྲོལ་ཐབས་ལམ་དེ་མཇུག་སྒྲིལ་བ་དང་། ད་ནི་རྒྱ་གར་དབུས་གཞུང་གིས་རང་རེ་སྨན་རྩིས་མཐོ་སློབ་ཁང་འདི་ངོས་ལེན་གནང་བའི་ཐོག་ནས་དེང་རབས་སྨན་གྱི་སློབ་མ་འདེམ་སྒྲུག་ཡིག་རྒྱུགས་ཐབས་ལམ་ (NCISM -NEET SR UG) བརྒྱུད་ནས་འཛུལ་ཞུགས་བྱེད་འགོ་འཛུགས་དགོས་ཆགས་ཡོད།













མཐའ་མའི་འདོན་ཐེངས་།: 31.03.2023 ཉིན། 10:14 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།