སྨན་རྩིས་དྲ་བ། - མདུན་ངོས།

སྨན་རྩིས་གློག་རྡུལ་འཕྲུལ་དེབ་ཚོང་སྒྱུར་བྱ་རྒྱུ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 03.04.2023
མདུན་ངོས། >>


སྨན་རྩིས་རིག་པའི་གློག་རྡུལ་འཕྲུལ་དེབ་ཚོང་སྒྱུར་མཐུན་རྐྱེན་སྐྲུན་པ།

འགྲོ་ཕན་སྨན་རྩིས་ཁང་ནས་པར་སྐྲུན་ཞུས་པའི་བོད་ཀྱི་སྨན་རྩིས་རིག་པའི་དཔེ་དེབ་བརྒྱ་ཕྲག་ལྷག་ཡོད་པའི་ནང་དུ་སྔོན་བྱོན་སྨན་རྩིས་རིག་པའི་མཁས་དབང་རྣམས་ཀྱིས་བརྩམས་པའི་གཞུང་ཆེན་ཁག་དང་། དེ་བཞིན་འདི་གའི་སྨན་རྩིས་པ་རྣམས་ནས་གསར་དུ་བརྩམས་པའི་དེབ་རྣམས་བཞུགས་ཡོད་པ། ད་ཆ་དེང་རབས་སྤྱི་ཚོགས་ཀྱི་ཀློག་པ་པོ་ལ་མཁོ་བའི་གློག་རྡུལ་འཕྲུལ་དེབ་ངོ་བོར་ཚོང་སྒྱུར་གྱི་མཐུན་རྐྱེན་སྐྲུན་ཡོད་ན། དོན་གཉེར་ཅན་རྣམས་ནས་གཤམ་གྱི་སྦྱར་རིས་ལ་ཐུགས་ཞིབ་ཡོང་བར་ཞུ།

ད་ལྟ་གློག་རྡུལ་འཕྲུལ་དེབ་ནང་དུ། <<གསོ་རིག་རྒྱུད་བཞི། >> <<དཔལ་ལྡན་རྒྱུད་བཞིའི་སྡོང་འགྲེམས་ཕྱོགས་བསྡུས།>> <<བོད་གཞུང་སྨན་རྩིས་ཁང་གི་བྱུང་རབས། >> <<སྨན་རྩིས་ཁང་གི་སྨན་སྦྱོར་ནུས་པ་ཕྱོགས་བསྡུས།>> <<སྨན་རྩིས་དུས་དེབ།>> གཞན་ཡང་རིན་མེད་ཐོག་ཕབ་ལེན་བྱེད་ཆོག་པ་ནད་རིགས་སྔོན་འགོག་ཤེས་བྱའི་དེབ་ཕྲེང་ཁག་གཅིག་ཡོད་པ་བཅས་ཡར་འཇུག་ཟིན་པ་ཡིན། ད་དུང་ཡང་སྨན་རྩིས་ཁང་གི་དཔེ་དེབ་མུ་མཐུད་ཡར་འཇུག་བཞིན་ཡོད་ན་བོད་ཀྱི་སྨན་རྩིས་རིག་པར་དོན་གཉེར་ཡོད་པ་རྣམས་ཀྱིས་དུས་རྒྱུན་དུ་ཐུགས་སྣང་གནང་ཞིང་། གཞན་ལའང་བརྡ་སྤྲོད་གནང་རོགས་ཞུ།

























མཐའ་མའི་འདོན་ཐེངས་།: 03.04.2023 ཉིན། 11:07 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།