སྨན་རྩིས་དྲ་བ། - མདུན་ངོས།

སྨན་པ་དཀའ་བཅུ་པའི་བསླབ་གཞི་རྩ་འཛིན་གསར་པ་གཏན་འབེབས་གསལ་བསྒྲགས།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 19.11.2022
མདུན་ངོས། >>



སྨན་པ་དཀའ་བཅུ་པའི་བསླབ་གཞི་རྩ་འཛིན་གསར་པ་གཏན་འབེབས་གསལ་བསྒྲགས།

རྒྱ་གར་རྒྱལ་ཡོངས་སྨན་གྱི་ལྷན་ཚོགས་ཀྱིས་ངོས་འཛིན་ཡོད་པའི་ད་ལྟའི་ཆར་གསོ་བ་རིག་པའི་མཐོ་རིམ་སློབ་གཉེར་ཁང་བདུན་ཡོད། དེ་ཀུན་ལ་ཐུན་མོང་དུ་ཁྱབ་པའི་ National Commission for Indian System of Medicine (Minimum standard of Undergraduate Sowa-Rigpa Education) Regulations, 2022 རྒྱ་གར་རྒྱལ་ཡོངས་སྨན་གྱི་ལྷན་ཚོགས་(ཉེ་བའི་གཙུག་ལག་སློབ་མའི་གསོ་བ་རིག་པའི་ཤེས་ཡོན་གྱི་ཉུང་མཐའི་ཚད་གཞི་) སྒྲིག་ཁྲིམས། ༢༠༢༢ ཞེས་པ་ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༡༧ འཁོད་པའི་རྒྱ་གར་གྱི་གཞུང་འབྲེལ་གསར་ཤོག་ भारत का राजपत्र The Gazette of India ཞེས་པའི་ནང་དུ་ཐུན་མོང་མ་ཡིན་པའི་སྡེ་ཚན་ཁོངས་སུ་འདོན་སྤེལ་གནང་ཡོད།

            སྒྲིག་ཁྲིམས་ཀྱི་ཡིག་ཆ་དེའི་ནང་གསོ་བ་རིག་པའི་མཐོ་རིམ་སློབ་གཉེར་ཁང་སོ་སོས་ད་ནས་བཟུང་བྱེད་སྒོ་རྣམ་གྲངས་གང་ཞིག་ཇི་ལྟར་ཕྱག་བསྟར་དགོས་པའི་ལམ་སྟོན་ཁ་གསལ་བསྟན་གནང་ཡོད། དེ་ཡང་དོན་ཚན་གཙོ་བོ་བཅུ་དྲུག་དང་དེ་དག་ལའང་ནང་གསེས་མང་པོར་ཕྱེ་ནས་བསྟན་ཡོད་པའི་དོན་ཚན་རྣམས་ཀྱི་ངོ་བོ་ཙམ་སྨྲོས་ན་འདི་ལྟ་སྟེ། ༡། འགོ་འཛུགས་དང་མིང་བྱང་ཐུང་ངུ་། ༢། ཐ་སྙད་ཀྱི་ངེས་ཚིག ༣། གསོ་བ་རིག་པའི་སྨན་དཔྱད་རབ་འབྱམས་པའི་ལས་འཆར། ༤། སློབ་མ་འཛུལ་ཞུགས་ཆེད་དུ་ཚང་དགོས་པའི་འོས་ཆོས། ༥། ལས་འཆར་འདིའི་དུས་ཡུན། ༦། བསླབ་པ་མཐར་སོན་སྐབས་ལག་ཁྱེར་བྱ་དགའ་སྤྲད་ཕྱོགས། ༧། སློབ་ཁྲིད་བརྒྱུད་ལམ་སྐད་ཡིག ༨། སློབ་གཉེར་བྱ་ཕྱོགས། ༩། རྒྱ་གར་སྨན་གྱི་ལམ་ལུགས་སུ་དེང་རབས་མདུན་སྐྱོད་དང་། ཚན་རིག འཕྲུལ་ལས་ཡར་རྒྱས་ཀྱི་ཁ་སྣོན་ཆེད་དུ་ཐབས་ཚུལ་གྱི་རིམ་པ། ༡༠། རྒྱུགས་སྤྲོད། ༡༡། དཔྱད་ཞིབ། ༡༢། སློབ་ཐུན་སོ་སོའི་སློབ་ཚན་དང་། དྲི་ཤོག་གི་ཁ་གྲངས། སློབ་ཁྲིད་ཀྱི་དུས་ཡུན། ཨང་ཐོབ་བགོ་འགྲེམས། ༡༣། སློབ་མ་རྣམས་སློབ་ཁྲིད་དུས་ཡུན་ནང་མཐོ་སློབ་གཞན་ལ་གནས་སྤོས་བྱ་ཕྱོགས། ༡༤། རྒྱས་བཅད་ཀྱི་ཉམས་གསོག་ལས་རིམ། ༡༥། དཔེ་ཁྲིད་སྐུ་ཡོན། ༡༦། དགེ་རྒན་གྱི་ཉམས་མྱོང་དང་ཤེས་ཚད་སྐོར་བཅས་ཡིན།

            དེ་ཡང་སྨན་པ་དཀའ་བཅུ་པའི་ལས་འཆར་འདིའི་དུས་ཡུན་ནི་ལོ་ངོ་ལྔ་དང་ཕྱེད་ཀ་ཡིན་ལ། དེ་ཡང་སློབ་ཐུན་གསུམ་དང་ཉམས་གསོག་དུས་ཡུན་གཅིག་སྟེ། ཆེད་ལས་སློབ་ཐུན་དང་པོ་དང་། གཉིས་པ། གསུམ་པའམ་མཐའ་མ་རེ་རེ་ལ་ཟླ་གྲངས་བཅོ་བརྒྱད་རེ་ཆ་བགོས་ཀྱིས་ལོ་བཞི་དང་ཕྱེད་ཀ དེ་ནས་རྒྱས་བཅད་ཉམས་གསོག་ལ་དུས་ཡུན་ལོ་གཅིག་བཞག་ཡོད་པས་ཁྱོན་ལོ་ལྔ་དང་ཕྱེད་ཀ་ཡིན། སློབ་ཁྲིད་ཀྱི་བརྒྱུད་ལམ་སྐད་ཡིག་ནི་བྷོ་ཊི་སྟེ་བོད་སྐད་རང་ཡིན། ཆེད་ལས་སློབ་ཐུན་གསུམ་གྱི་བསླབ་གཞི་རྩ་འཛིན་གཏན་འབེབས་ཟིན་པ་ལྟ་བདེ་ཆེད་དུ་རེའུ་མིག་ནང་བཀོད་པ་འདི་ལྟར།

 

ཆེད་ལས་སློབ་ཐུན་དང་པོའི་སློབ་ཚན།

ཆེད་ལས་སློབ་ཐུན་གཉིས་པའི་སློབ་ཚན།

ཆེད་ལས་སློབ་ཐུན་མཐའ་མའི་སློབ་ཚན།

གསོ་རིག་ལོ་རྒྱུས་དང་གཞི་རྩའི་ལྟ་གྲུབ།

སྨན་རྫས། ༢

རྨ་གསོ་བ།

གྲུབ་པ་ལུས།

ཞི་བྱེད་སྨན་གྱི་སྦྱར་ཐབས།

དཔྱད་ཀྱི་བཅོས་ཐབས།

ནད་བརྟག་ཐབས། ༡

ངོས་འཛིན་རྟགས། ༢

སྦྱོང་བྱེད་ལས་ལྔ།

ཐ་མལ་ནད་མེད།

གསོ་བྱེད་ཐབས།

བྱིས་ནད་གསོ་བ།

སྨན་རྫས། ༡

ཚད་པ་གསོ་བ།

མོ་ནད་གསོ་བ།

སྐད་ཡིག

ལུས་སྟོད་དང་དོན་སྣོད་གསོ་བ།

གདོན་ནད་གསོ་བ།

གསོ་དཔྱད་རྩིས་རིག

ཐོར་ནད་དང་གསང་ནད་གསོ་བ།

དུག་ནད་གསོ་བ།

བློ་རྒྱུགས།

བློ་རྒྱུགས།

ཞིབ་འཇུག་ཐབས་ལམ་དང་བསྡུར་རྩིས།

རྩ་རྒྱུད་ཡང་ན་བཤད་རྒྱུད་སྡོང་འགྲེམས།

མན་རྒྱུད་སྡོང་འགྲེམས།

བློ་རྒྱུགས།

༡༠

རང་མོས་སློབ་ཚན། (ཉུང་མཐར་ )

རང་མོས་སློབ་ཚན། (ཉུང་མཐར་ )

ཕྱི་རྒྱུད་སྡོང་འགྲེམས།

༡༡

 

རང་མོས་སློབ་ཚན། (ཉུང་མཐར་ )

དེ་ལྟར་གནས་ཚུལ་རྒྱས་པར་ཤེས་འདོད་ན་གཤམ་གྱི་སྦྲེལ་ཐག་ལ་ནོན་ནས་སྤྱོད་བདེའི་ཡིག་སྒྲོམ་ལ་གཟིགས་པར་ཞུ།

 

འདིར་ནོན། भारतीय चिकित्सा पद्धति राष्ट्रीय आयोग (स्नातकीय सोवा-रिग्पा शिक्षा का न्यूनतम मानक) विनियम, 2022     

National Commission for Indian System of Medicine (Minimum standard of Undergraduate Sowa-
Rigpa Education) Regulations, 2022








མཐའ་མའི་འདོན་ཐེངས་།: 30.03.2023 ཉིན། 4:33 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།