སྨན་རྩིས་དྲ་བ། - མདུན་ངོས།

སྔོན་འགྲོའི་སློབ་ཚན་ཟབ་ཁྲིད་དབུ་འཛུགས།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 06.03.2023
མདུན་ངོས། >>


སྔོན་འགྲོའི་སློབ་ཚན་ཟབ་ཁྲིད་དབུ་འཛུགས་ཞུས།

ཕྱི་ལོ་ ༢༠༢༣ ཟླ་ ༣ ཚེས་ ༡ ཉིན་དྷ་ས་སྨན་རྩིས་མཐོ་སློབ་ཁང་གི་ཚོམས་ཆེན་དུ་སྔ་དྲོ་ཆུ་ཚོད་༩:༣༠ ཐོག ཕྱི་ལོ་ ༢༠༢༢ - ༢༠༢༣ ཤེས་ཡོན་སློབ་ཐུན་གྱི་གསོ་བ་རིག་པའི་སྨན་པ་དཀའ་བཅུ་པའི་སློབ་གཉེར་བ་གསར་པ་གྲངས་བཅོ་ལྔ་ཡོད་པ་རྣམས་ལ་ཉིན་བཅོ་ལྔའི་རིང་སྔོན་འགྲོའི་སློབ་ཚན་ཟབ་ཁྲིད་དབུ་འཛུགས་ཀྱི་མཛད་སྒོ་ཚོགས་གནང་སོང་། མཛད་སྒོའི་ཐོག་མར་རྟེན་འབྲེལ་གྱི་གྲོ་མ་འབྲས་སིལ་དང་བོད་ཇ་འདེགས་འབུལ་ཞུས་རྗེས་དྷ་ས་སྨན་རྩིས་མཐོ་སློབ་ཁང་གི་སློབ་སྤྱི་སྨན་པ་ངག་དབང་བཟོད་པ་ལགས་ནས་འགྲོ་ཕན་སྨན་རྩིས་ཁང་གི་ལོ་རྒྱུས་མདོར་བསྡུས་དང་དགེ་རྒན་དང་སློབ་གཉེར་བ་རྣམས་ངོ་སྤྲོད་གནང་། དེ་ནས་སྐུ་མགྲོན་གཙོ་བོ་སྨན་རྩིས་ཁང་གི་འགན་འཛིན་ཐུབ་བསྟན་ཚེ་རིང་མཆོག་དང་། ཆེས་མཐོའི་སྨན་རྩིས་རིག་གཞུང་ལྷན་ཚོགས་ཀྱི་ཚོགས་གཙོ་ྋསྐུའི་བླ་སྨན་པ་ཚེ་དབང་རྟ་མགྲིན་མཆོག་རྣམ་གཉིས་ནས་སློབ་མ་རྣམས་ལ་འགྲོ་ཕན་སྨན་རྩིས་མཐོ་སློབ་ཁང་དུ་དགའ་བསུ་དང་འབྲེལ་བོད་ཀྱི་གསོ་བ་རིག་པའི་ཤེས་ཡོན་ལ་ཧུར་སྐྱེད་གནང་དགོས་ཚུལ་སོགས་གསུང་བཤད་བཀྲིན་བསྐྱངས་རྗེས་སློབ་གཉེར་བ་རྣམས་དང་དགེ་ལས་རྣམས་ཕན་ཚུན་དབར་ཆེད་ལས་སློབ་ཐུན་ནམ་ཆེད་སྦྱོང་དང་པོའི་སློབ་ཚན་སྐོར་ལ་གོ་བསྡུར་བྱས་ཡོད། མཐར་སློབ་སྤྱི་གཞོན་པ་སྨན་པ་རྣམ་གྲོལ་ལྷ་མོ་ལགས་ནས་སྔོན་འགྲོའི་སློབ་ཚན་ཟབ་ཁྲིད་ཀྱི་ཉིན་དང་པོའི་ལས་རིམ་ཀྱི་མཇུག་སྡོམ་གཏམ་བཤད་ཐོག་མཉམ་རུབ་འདྲ་པར་བླངས་པ་བཅས་མཛད་སྒོ་རྒྱལ་ཁའི་ངང་གྲོལ།


ཕྱི་ལོ་ ༢༠༢༢ - ༢༠༢༣ ལོའི་ཆེད་སྦྱོང་དང་པོའི་སྔོན་འགྲོའི་སློབ་ཚན་ཟབ་ཁྲིད་འདི་ནི་རྒྱ་གར་རྒྱལ་ཡོངས་སྨན་གྱི་ལྷན་ཚོགས་ཀྱིས་བཀོད་ཁྱབ་གཞིར་བཟུང་སྒྲིག་པ་ཞིག་རེད།

 

དེ་བཞིན་འགྲོ་ཕན་སྨན་རྩིས་ཁང་གི་སྦེང་ལོར་སྨན་རྩིས་མཐོ་སློབ་ཁང་དུའང་འདི་ལོའི་ཟླ་༣ ཚེས་ ༢ ཉིན་ནས་བཟུང་ཉིན་བཅོ་ལྔའི་རིང་སྔོན་འགྲོའི་སློབ་ཚན་ཟབ་ཁྲིད་དབུ་འཛུགས་ཞུས་ཡོད། དེ་ཡང་ཕྱི་ལོ་ ༢༠༢༢ - ༢༠༢༣ ཤེས་ཡོན་སློབ་ཐུན་གྱི་གསོ་བ་རིག་པའི་སྨན་པ་དཀའ་བཅུ་པའི་སློབ་གཉེར་གསར་པ་གྲངས་བཅུ་བཞི་ཡོད་པ་རྣམས་ལ་དེ་གའི་སློབ་སྤྱི་སྨན་པ་རྡོ་རྗེ་རབ་བརྟན་ལགས་ནས་དགེ་ལས་ལྷན་འཛོམས་སྟེང་སྦེང་ལོར་སྨན་རྩིས་མཐོ་སློབ་ཀྱི་ངོ་སྤྲོད་དང་སྦྲགས་དགའ་བསུའི་གསུང་བཤད་གནང་ནས་མཛད་སྒོའི་དྲན་རྟེན་དུ་འདྲ་པར་བླངས་པ་བཅས་མཛད་སྒོ་ཚགས་ཚུད་ངང་གྲོལ།













མཐའ་མའི་འདོན་ཐེངས་།: 28.03.2023 ཉིན། 10:28 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།