སྨན་རྩིས་དྲ་བ། - མདུན་ངོས།

སྐབས་ ༢༠ སློབ་ཐོན་སྨན་པ་རྣམས་ལ་ལས་བཀོད་བརྒྱབ་ཡོད།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 25.07.2023
མདུན་ངོས། >>


སྐབས་ ༢༠ སློབ་ཐོན་སྨན་པ་རྣམས་ལ་ལས་བཀོད་བརྒྱབ་ཡོད།

བཞུགས་སྒར་སྨན་རྩིས་མཐོ་སློབ་ཁང་ནས་སློབ་ཐོན་སྨན་སློབ་སྐབས་ ༢༠ པ་རྣམས་ལ། འགྲོ་ཕན་སྨན་རྩིས་ཁང་འཛིན་སྐྱོང་ནས་ལོ་གཅིག་རིང་ཡན་ལག་སྨན་ཁང་ཁག་ཏུ་ཉམས་གསོག་གོ་སྒྲིག་ཞུས་རྗེས། འཇམ་དཔྱད་དང་སྐམ་ཁབ་ལག་ལེན་གྱི་ཟབ་སྦྱོང་སྤྲད་ཡོད། དེ་ནས་རང་མོས་ཕྱིར་ཐོན་པ་ཕུད་ལྷག་མ་སྐབས་ ༢༠ སྨན་པ་གསར་པ་རྣམས་ལ་འཛིན་སྐྱོང་ནས་དགོས་མཁོ་ལྟར་ལས་ཀ་བསྐོ་བཞག་བྱས་ཡོད།

དེ་ཡང་འགྲོ་ཕན་སྨན་རྩིས་ཁང་གི་ཕྱི་ནང་གི་གནས་སྟངས་དབང་གིས་གནས་སྐབས་ལས་བྱེད་ས་མིག་གསར་སྐྲུན་བྱེད་ཐབས་མེད་ཀྱང་། ད་རེས་སྨན་སློབ་སྐབས་ ༢༠ སྨན་པ་གསར་པ་རྣམས་ལ་རྒྱུགས་སྤྲོད་ལམ་ནས་སྨན་པ་གྲངས་བཞི་ལ་ཡན་ལག་སྨན་ཁང་ཁག་ཏུ་བརྟག་དཔྱད་སྨན་པའི་ས་མིག་ཏུ་བསྐོ་བཞག་གནང་ཡོད་པ་དང་། དེ་བཞིན་དམིགས་བསལ་བུད་མེད་སྨན་པ་གསུམ་ལ་སྦེང་ལོར་སྨན་རྩིས་མཐོ་སློབ་ཁང་དང་དེ་གའི་ཡན་ལག་སྨན་ཁང་གཉིས་སུ་འཇམ་དཔྱད་པར་བཀོད་སྒྲིག་བྱུང་ཡོད། དེ་ནས་ཡན་ལག་སྨན་ཁང་ཁག་ཏུ་སྨན་པ་བཅུ་གཅིག་ལ་སྨན་རྩིས་ལས་སྣེ་བའི་ས་མིག་ཏུ་ལས་བཀོད་གནང་ཡོད། ཁོང་ཚོ་ལོ་ངོ་གཉིས་རིང་ཆོད་གན་གྱི་ཚུལ་དུ་གནས་ཡོད།




མཐའ་མའི་འདོན་ཐེངས་།: 26.07.2023 ཉིན། 9:52 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།