སྨན་རྩིས་དྲ་བ། - མདུན་ངོས།

སེམས་ཀྱི་བདེ་སྐྱིད་སྐྲུན་ཐབས་སྐོར།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 24.11.2023
མདུན་ངོས། >>


སེམས་ཀྱི་བདེ་སྐྱིད་སྐྲུན་ཐབས་སྐོར།

ཕྱི་ལོ་ ༢༠༢༣ ཟླ་ ༡༡ ཚེས་ ༢༣ སྔ་དྲོ་འགྲོ་ཕན་སྨན་རྩིས་ཁང་གི་མཐོ་སློབ་ཚོགས་ཁང་དུ། ཇི་ལྟར་འཛིན་སྐྱོང་ནས་གསོལ་འདེབས་ཞུས་པ་བཞིན། གསང་ཆེན་སྨད་རྒྱུད་གྲྭ་ཚང་གི་མཁན་རིན་པོ་ཆེ་དགེ་བཤེས་ངག་དབང་སངས་རྒྱས་ལགས་ནས་<<ནང་སེམས་ཀྱི་བདེ་སྐྱིད་སྐྲུན་ཐབས་དང་བཟང་སྤྱོད་ཀྱི་གལ་གནད་སྐོར་>>ཞེས་པའི་བརྗོད་གཞི་ཐོག་དགེ་སློབ་དང་སྨན་རྩིས་ལས་བྱེད་རྣམས་ལ་གསུང་བཤད་གནད་སྨིན་ཞིག་གནང་ཡོད།

དེ་ཡང་མཁན་རིན་པོ་ཆེ་མཆོག་གིས་ཐོག་མར་གསོ་རིག་སློབ་མ་རྣམས་ལ་དམིགས་ཏེ་སྨན་གྱི་སློབ་སྦྱོང་བྱེད་པའི་ཕན་ཡོན་ཤེས་པར་བྱ་རྒྱུ་གལ་ཆེན་ཡིན་ཏེ། འཐོབ་བྱའི་འབྲས་བུ་ཤེས་པའི་སྤྲོ་བ་ལྡན་ན་འདུན་པ་སྐྱེས་ཤིང་དེའི་རྗེས་སུ་བརྩོན་འགྲུས་འབྲང་རྒྱུ་ཡིན་པ་དང་། ནང་ཆོས་དང་སྨན་གྱི་བར་འབྲེལ་བ་ཆེན་པོ་ཡོད་པ་ནི་མིའི་སྡུག་བསྔལ་གསུམ་ལས་ཟག་བཅས་ཉེར་ལེན་གྱི་ཕུང་པོའི་ནད་ནི་སྡུག་བསྔལ་གྱི་སྡུག་བསྔལ་ཡིན་པ་འདི་སྨན་པ་དང་སྨན་ཁོ་ནས་སྐྱབས་ཐུབ་པ་ཡིན། དེ་ནི་སྦྱིན་པ་བཞི་ལས་མི་འཇིགས་པ་སྐྱབས་ཀྱི་སྦྱིན་པ་ཡིན་པ་གནས་སྐབས་འདི་ཉིད་གཙོ་ཆེ་ཚུལ་སྐོར་དང་། གཞན་ཡང་ནང་ཆོས་དང་སྦྱར་ནས་འཆད་པར་ལས་རྒྱུ་འབྲས་ལ་ཐུགས་བསམ་དགོས་པ་དང་། རྐྱེན་ངན་བྱང་ཆུབ་ཀྱི་ལམ་དུ་འཁྱེར་ཚུལ་སྐབས། ནང་སེམས་ཀྱི་བདེ་སྐྱིད་ལ་གནོད་པ་བྱེད་པའི་རྒྱུའི་ནང་ནས་གཞན་གྱིས་རང་ཉིད་ལ་གཤེ་སྐུར་བྱེད་སྐབས་བློ་སྦྱོང་གི་སྒོ་ནས་འདུ་ཤེས་འཛིན་སྟངས་རྒྱས་པར་གསུངས་པ་དང་། ལྷག་པར་དལ་འབྱོར་མི་ལུས་ཀྱི་རྟེན་འདི་ལ་མི་བཟང་པོ་ཞིག་བྱེད་པར་བཟང་པོའི་ངོས་འཛིན་དང་ཁྱད་ཆོས་སྐོར་གསུངས། རང་རྒྱུད་ལ་བྱམས་སྙིང་རྗེ་ལྡན་ན་གང་ཟག་དེ་མི་བཟང་པོ་ཞིག་ཆགས་རྒྱུ་ཡིན་པ་དང་དེས་རང་ཤུགས་ཀྱིས་མི་དགེ་བ་བཅུའི་ལས་དགག་རྒྱུ་ཡིན་ཚུལ། ལྷག་པར་སེམས་ཀྱི་འཕྲོད་བསྟེན་ལ་གནོད་པའི་སེམས་མ་སྐྱིད་པ་བཟོ་མཁན་གཙོ་བོ་དེ་བདག་འཛིན་མ་རིག་པ་ཡིན་པ་དང་། དེའི་ངན་པའི་རྒྱབ་ལངས་སུ་རྩ་ཉོན་དྲུག་དང་ཉེ་ཉོན་ཉི་ཤུ་ལ་སོགས་པའི་སེམས་བྱུང་རྣམས་ཡིན། དེ་དག་སློང་རྐྱེན་ནི་ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་གིས་བྱེད་པ་ནི་རྒྱ་མཚོར་རླུང་གིས་རྦ་རླབས་རྒྱུན་ཆད་མེད་པར་འབྱུང་ཚུལ་སོགས་སེམས་རྒྱུད་ལ་ཕན་པའི་ནང་ཆོས་ཀྱི་གདམས་ངག་གསུངས་གནང་སོང་། མཇུག་ཏུ་ཚོགས་བཅར་བའི་དོགས་འདྲི་ལ་ལན་འདེབས་ཀྱང་གནང་ཡོད།

 

འདིར་ནོན།   གསང་ཆེན་རྒྱུད་སྨད་མཁན་ཆེན་དགེ་བཤེས་ངག་དབང་སངས་རྒྱས་ལགས་ཀྱི་གསུང་བཤད་གསན།

འདིར་ནོན།   དྲི་བ་དྲིས་ལན་གསན།








མཐའ་མའི་འདོན་ཐེངས་།: 30.11.2023 ཉིན། 4:47 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།