སྨན་རྩིས་དྲ་བ། - མདུན་ངོས།

རྡོ་རྗེ་གདན་དུ་ཡན་ལག་སྨན་ཁང་སྒོ་འབྱེད་རྒྱུ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 29.10.2022
མདུན་ངོས། >>


                                                     རྡོ་རྗེ་གདན་དུ་ཡན་ལག་སྨན་ཁང་སྒོ་འབྱེད་རྒྱུ།
བདག་ཅག་གི་སྟོན་པ་རྣམ་འདྲེན་བཞི་པ་ཤཱཀྱའི་དབང་པོ་དེ་ཉིད་ས་ག་ཟླ་བའི་ཚེས་བཅོ་ལྔའི་དགོང་མོའི་སྲོད་ལ་བདུད་བཏུལ། གུང་ལ་མཉམ་པར་བཞག ཐོ་རེངས་མངོན་པར་རྫོགས་པ་སངས་རྒྱས་པའི་མཛད་པ་གང་དུ་བསྟན་པའི་གནས་མཆོག་རྡོ་རྗེ་གདན་དུ། འདི་ལོའི་དགུན་དུས་སུ་འགྲོ་ཕན་སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་འདི་བཞིན། ༢༠༢༢ ཟླ་ ༡༡ ཚེས་ ༡ ནས་ ༢༠༢༣ ཟླ་ ༣ ཚེས་ ༤ བར་ཁྱོན་ཟླ་བ་བཞི་ལྷག་རིང་སྒོ་འབྱེད་ཞུ་རྒྱུའི་གསལ་བསྒྲགས་སྤེལ་ཡོད།

གནས་མཆོག་རྡོ་རྗེ་གདན་དུ་དམིགས་བསལ་དགུན་དུས་འཛམ་གླིང་ཁྱོན་ཡོངས་ནས་ནང་པ་སངས་རྒྱས་པའི་རྗེས་འབྲང་གནས་སྐོར་དང་མཆོད་མཇལ་དུ་ཕེབས་མཁན་ཁྲི་ཚོ་བརྒལ་བ་ཡོད་སྟབས། འགྲོ་ཕན་སྨན་རྩིས་ཁང་གིས་འདས་པའི་ལོ་མང་རིང་ནས་དད་ལྡན་རྣམས་ཀྱི་འཕྲོད་བསྟེན་ལ་དམིགས་པ་གང་ཞིག འདི་དུས་ལྷག་པར་ནད་པའང་མང་དུ་ཡོད་པས་དགུན་དུས་རིང་ཡན་ལག་སྨན་ཁང་གི་མཐུན་རྐྱེན་སྐྲུན་བཞིན་ཡོད་པ་དང་། དེ་ཡང་ས་གནས་སུ་སྨན་པ་གཉིས་དང་སྨན་སྤྲོད་རྩིས་པ་བཅས་ཀྱིས་རིས་མེད་ནད་པ་རྣམས་ལ་འཕྲོད་བསྟེན་ཞབས་འདེགས་ཀྱིས་ཁ་ཡོད་ལག་ཡོད་ཕན་ཐོགས་བྱུང་དང་འབྱུང་བཞིན་ཡོད།

ལྷག་པར་འདི་ལོ་ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཐམས་ཅད་མཁྱེན་པ་ཆེན་པོ་མཆོག་གིས་ཟླ་ ༡༢ ཚེས་ ༢༩ ནས་ ༣༡ བར་ཉིན་གསུམ་རིང་རྡོ་རྗེ་གདན་གྱི་དུས་དབང་གསུང་ཆོས་ར་བར་བྱང་ཆུབ་སེམས་འགྲེལ་གྱི་བཀའ་ཆོས་དང་། སྒྲོལ་མ་ཉེར་གཅིག་གི་རྗེས་གནང་ཆོས་འབྲེལ་བཀའ་དྲིན་སྩལ་རྒྱུ་ངེས་པ་མ་ཟད། ༢༠༢༣ ཟླ་ ༡ ཚེས་ ༡ སྤྱི་ལོ་གསར་ཚེས་ཉིན་རི་བོ་དགེ་ལྡན་པའི་ཆོས་བརྒྱུད་འཛིན་པ་ཡོངས་ནས་ྋགོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་ན། རིས་མེད་དད་ལྡན་ཁྲི་ཚོ་བརྒལ་བ་ཕེབས་རྒྱུ་ངེས་སྟབས། འཕྲོད་བསྟེན་ལ་གཅེས་སྲུང་གནང་རྒྱུ་གལ་ཆེ་ལ། ལྷག་པར་ད་ལྟའི་ཆར་ཏོག་དབྱིབས་གཉན་རིམས་༡༩ ཛ་དྲག་དུས་སྐབས་ཡོལ་བ་ལྟ་བུ་ཡིན་མོད་ཀྱང་ད་དུང་གཟབ་ནན་མུ་མཐུད་གནང་གལ་ཆེ།

འགྲོ་ཕན་སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་འདི་བཞིན་མཆོད་རྟེན་ཆེན་པོའི་ཉེ་ལོགས་རྣམ་རྒྱལ་གྲྭ་ཚང་དུ་ཆགས་ཡོད་ལ། རེས་གཟའ་ཉི་མ་འཆར་ཅན་གུང་སེང་ཡིན་ན་དེ་བསྟུན་གྱིས་བྱེད་ཕྱོགས་མཁྱེན་པར་མཛོད།།














མཐའ་མའི་འདོན་ཐེངས་།: 31.03.2023 ཉིན། 10:01 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།