སྨན་རྩིས་དྲ་བ། - མདུན་ངོས།

རིག་གཞུང་འགན་འཛིན་གསར་རྙིང་འཕོ་འགྱུར།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 03.05.2023
མདུན་ངོས། >>


རིག་གཞུང་འགན་འཛིན་གསར་རྙིང་འཕོ་འགྱུར།

ཕྱི་ལོ་ ༢༠༢༣ ཟླ་ ༥ ཚེས་ ༣ སྔ་དྲོ་ཆུ་ཚོད་དགུ་དང་ཕྱེད་ཀའི་ཐོག་འགྲོ་ཕན་སྨན་རྩིས་ཁང་གི་རིག་གཞུང་འགན་འཛིན་ལས་ཁུངས་སུ། རིག་གཞུང་འགན་འཛིན་གསར་རྙིང་འཕོ་འགྱུར་གྱིས་སྨན་རམས་པ་བློ་བཟང་བཟོད་པ་མཆོག་དེ་རིང་དོངས་སུ་ལས་གནས་གསར་པར་ཐུགས་འགན་བཞེས་གནང་བར་སྤྱི་ཁྱབ་འགན་འཛིན་གཙོས་སྡེ་ཚན་ཁག་གི་འགན་འཛིན་ཡོངས་ནས་དགའ་བསུའི་འཚམས་འདྲི་ཞུས་གནང་སོང་།

དེ་ཡང་འགྲོ་ཕན་སྨན་རྩིས་ཁང་གི་སྤྱི་ཁྱབ་འགན་འཛིན་ཐུབ་བསྟན་ཚེ་རིང་མཆོག་དང་། དྲུང་ཆེ་ཚེ་རིང་ཕུན་ཚོགས་མཆོག རིག་གཞུང་འགན་འཛིན་རྙིང་པ་རྒྱལ་བའི་སྐུ་བཅར་སྨན་རམས་པ་ཚེ་དབང་རྟ་མགྲིན་མཆོག་གི་གཙོས། སྨན་རྩིས་ཁང་གི་རིག་གཞུང་དང་འཛིན་སྐྱོང་སྡེ་ཚན་ཁག་གི་འགན་འཛིན་རྣམས་ལྷན་འཛོམས་ཀྱིས་ཐོག་མར་གཡུ་ཐོག་གསོལ་འདེབས་འདོན་ཞིང་། གསོལ་ཇ་དང་གྲོ་མ་འབྲས་སིལ་འདེགས་འབུལ་ཞུས་རྗེས་ཚང་མས་སྨན་རམས་པ་བློ་བཟང་བཟོད་པ་ཁོང་ཧ་ཅང་གི་གལ་གནད་རང་བཞིན་ལྡན་པའི་ལས་གནས་སུ་འཁོད་པར་འཚམ་འདྲི་དང་བཅས་དགའ་བསུའི་རྟེན་འབྲེལ་མཇལ་དར་བསྒྲོན་གནང་།

སྐབས་དེར་སྤྱི་ཁྱབ་འགན་འཛིན་མཆོག་གིས་དགའ་བསུའི་གསུང་བཤད་ནང་དུ་སྤྱིར་རིག་གཞུང་འགན་འཛིན་གསར་རྙིང་གཉིས་ཀྱི་རྩིས་སྤྲོད་རྩིས་ལེན་དང་། དེ་བཞིན་རིག་གཞུང་འགན་འཛིན་གྱི་ལས་འགན་སྐོར། འདས་པའི་ལོ་གཅིག་ལྷག་རིང་སྤྱི་ཁྱབ་འགན་འཛིན་ཐུགས་འགན་བཞེས་མུས་སྐབས་རིག་གཞུང་འགན་འཛིན་གཙོས་ཚང་མས་ཕྱར་གྲུ་མཉམ་འདེགས་གནང་ཡོད་པ་དང་། ད་ལྟའི་ཆར་འགྲོ་ཕན་སྨན་རྩིས་ཁང་གི་དཔལ་འབྱོར་གནས་སྟངས་སྔ་ལོ་ལས་བཟང་ཕྱོགས་སུ་སྐྱོད་བཞིན་ཡོད་པ་སོགས་གསུངས། དེ་ནས་སྐུ་བཅར་སྨན་རམས་པ་མཆོག་གིས་འདས་པའི་ལོ་ཤས་ནང་སྐུ་ཉིད་ནས་རིག་གཞུང་འགན་འཛིན་ཐུགས་འགན་བཞེས་སྐབས་སྤྱི་ཡོངས་ཀྱི་ཉམས་མྱོང་སྙིང་བསྡུས་དང་། ཐུགས་རེ་ཇི་བཞིན་གྲུབ་ཡོད་མིན་སྐོར། སྤྱིར་བོད་ཀྱི་རིག་གཞུང་དང་ཡང་སྒོས་བོད་ཀྱི་སྨན་རྩིས་རིག་གཞུང་གཉིས་པོ་དེ་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་དགོས་པ་ཇི་ཙམ་གལ་ཆེན་ཡིན་སྐོར། དེ་བཞིན་རིག་གཞུང་འགན་འཛིན་གསར་པས་ྋགོང་ས་སྐྱབས་མགོན་ཆེན་པོའི་ཐུགས་དགོངས་ཇི་བཞིན་ལས་གཞི་གསར་པ་གང་དང་གང་སྤེལ་བའམ། ཁོང་གི་ལམ་སྟོན་དང་བཀའ་སློབ་ཇི་ལྟར་ཕེབས་པ་བཞིན་ཚང་མས་ཕྱར་བ་གྲུ་འདེགས་གནང་དགོས་པ་རེ་སྐུལ་ཡང་ཞུས་གནང་སོང་།

མཐར་རིག་གཞུང་འགན་འཛིན་གསར་པ་སྨན་རམས་པ་བློ་བཟང་བཟོད་པ་མཆོག་གིས་གསུངས་དོན། ཁོང་ཉིད་ལས་གནས་གལ་ཆེན་འདི་འདྲར་འཁོད་ཀྱི་ཡོད་པ་བསམ་བློ་དང་དམིགས་ཡུལ་ནང་དུའང་མེད་ཀྱང་འགྲོ་ཕན་སྨན་རྩིས་ཁང་འདི་གལ་ཆེན་པོ་ཡིན་ཞིང་འདི་ལ་ཤ་ཞེན་ཆེན་པོ་ཡོད་ཚུལ་གསུངས་པ་དང་། ད་ལྟའི་ཆར་འབྱུང་འགྱུར་འདི་དང་འདི་བྱ་བསམ་བློར་གང་མེད་ཀྱང་། སྤྱིར་ལས་གཞི་ཆེ་འབྲིང་ཆུང་གསུམ་གང་དང་གང་བྱེད་ཀྱང་མཉམ་རུབ་ཀྱི་ནུས་པ་སྤུངས་དགོས་པ་དེ་གལ་ཆེ་ཤོས་ཡིན་པ་བཞིན་ཚང་མས་མཉམ་རུབ་གནང་རོགས་ཞེས་གསུངས་སོང་།

འགྲོ་ཕན་སྨན་རྩིས་ཁང་གི་རྩ་འཛིན་སྒྲིག་གཞི་གསར་པའི་འབྲུ་དོན་གཞིར་བཟུང་རིག་གཞུང་འགན་འཛིན་གསར་པ་འདེམས་བསྐོ་ཆེད་འོས་བསྡུ་རིམ་པ་གཉིས་འགྲོ་དགོས་པ་བཞིན། འདི་ལོའི་ཟླ་ ༤ ཚེས་ ༧ ཉིན་སྔོན་འགྲོ་དང་། དེ་ནས་ཟླ་ ༤ ཚེས་ ༡༢ ཉིན་དངོས་གཞི་འོས་བསྡུའི་སྐབས་སྨན་རྩིས་པ་ ༡༦༥ འོས་འཕངས་ཏེ་སྨན་རམས་པ་རྡོ་རྗེ་རབ་བརྟན་མཆོག་ལ་འོས་ཤོག་ ༦༠ དང་། སྨན་རམས་པ་བློ་བཟང་བཟོད་པ་མཆོག་ལ་འོས་གྲངས་ ༡༠༥ སྟེ་ཁོང་ལ་རྒྱལ་ཁ་འདི་ཐོབ་ཡོད། སྨན་རྩིས་རིག་གཞུང་ལྷན་ཚོགས་ཀྱི་འགན་འཛིན་ནི་འགྲོ་ཕན་སྨན་རྩིས་ཁང་གི་སྨན་དང་རྩིས་ཀྱི་རིག་གཞུང་ལས་དོན་ཁྱོན་ཡོངས་ལ་ལྟ་རྟོག་སྟངས་འཛིན་བྱེད་མཁན་ཡིན་པ་མ་ཟད། འགྲོ་ཕན་སྨན་རྩིས་ཁང་གི་སྤྱི་ཁྱབ་འགན་འཛིན་མེད་པའམ། དེའི་གོ་ཡུལ་སྟོང་པ་ཐོན་པའི་སྐབས་སྤྱི་ཁྱབ་འགན་འཛིན་གྱི་ལས་འགན་ཡང་བསྒྲུབ་དགོས་པ་ཡིན། སྤྱིར་རིག་གཞུང་འགན་འཛིན་གྱི་ལས་ཡུན་ལོ་ལྔ་ཡིན་ཡང་དེའི་རྗེས་འོས་ཐོབ་ན་ལས་ཡུན་བསྟུད་མར་གཉིས་བྱ་འཐུས་པ་ཡིན།།


























མཐའ་མའི་འདོན་ཐེངས་།: 03.05.2023 ཉིན། 4:09 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།