སྨན་རྩིས་དྲ་བ། - མདུན་ངོས།

རིག་གཞུང་འགན་འཛིན་གསར་པར་འཚམ་འདྲི་ཞུས།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 09.08.2023
མདུན་ངོས། >>


རིག་གཞུང་འགན་འཛིན་གསར་པར་འཚམ་འདྲི་ཞུས་པ།

ཕྱི་ལོ་ ༢༠༢༣ ཟླ་ ༨ ཚེས་ ༧ གཟའ་སྐར་འཕྲོད་སྦྱོར་དགེ་བའི་ཉིན་འགྲོ་ཕན་སྨན་རྩིས་ཁང་གི་མཆོད་ཁང་དུ། སྨན་རམས་པ་ཚེ་རིང་ནོར་བུ་མཆོག་རིག་གཞུང་འགན་འཛིན་དང་། དེ་བཞིན་རྩིས་རམས་པ་ཚེ་རིང་ཆོས་འཛོམས་མཆོག་རིག་གཞུང་འགན་འཛིན་གཞོན་པར་བསྐོ་གཞག་གིས་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོ་སྟབས་བདེ་ཞིག་འཚོགས་གནང་སོང་།
དེ་ཉིན་རིག་གཞུང་འགན་འཛིན་གསར་པ་སྨན་རམས་པ་ཚེ་རིང་ནོར་བུ་མཆོག་དང་། རྩིས་རམས་པ་ཚེ་རིང་ཆོས་འཛོམས་མཆོག་གཉིས་ལ་འགྲོ་ཕན་སྨན་རྩིས་ཁང་གི་འཛིན་སྐྱོང་ལས་ཁུངས་ཡང་ཐོག་མཆོད་ཁང་ནང་དུ། སྤྱི་ཁྱབ་འགན་འཛིན་ཐུབ་བསྟན་ཚེ་རིང་མཆོག་དང་། དྲུང་ཆེ་ཚེ་རིང་ཕུན་ཚོགས་གཙོས། སྨན་རྩིས་ཁང་གི་རིག་གཞུང་དང་འཛིན་སྐྱོང་སྡེ་ཚན་ཁག་དང་། དེ་བཞིན་ཚན་པ་ཁག་གི་འགན་འཛིན་རྣམས་པས་རྟེན་འབྲེལ་བཀྲ་ཤིས་སྨོན་ཚིག་དང་བཅས་འཚམས་འདྲི་མཇལ་དར་འབུལ་བཞེས་གནང་ཡོད།

དེ་ཡང་བོད་ཀྱི་སྨན་རྩིས་རིག་གཞུང་གི་ལས་དོན་མཐའ་དག་བགེགས་མེད་ལྷུན་གྱིས་གྲུབ་པའི་སླད་དུ་ཐོག་མར་སྲུང་མར་བསྐང་གསོལ་རྒྱས་པ་ཞིག་གནང་། དེ་ནས་སྤྱི་ཁྱབ་འགན་འཛིན་མཆོག་གིས་དེ་སྔ་རིག་གཞུང་འགན་འཛིན་སྨན་རམས་པ་བློ་བཟང་བཟོད་པ་ལས་ཁུར་ནས་དགོངས་པ་ཞུ་དགོས་དོན་སྐོར་དང་། དེ་ནས་བར་སྐབས་རིག་གཞུང་འགན་འཛིན་གསར་པ་བསྐོ་མི་ཐུབ་པའི་རྒྱུ་མཚན།  ད་ཆ་འགྲོ་ཕན་སྨན་རྩིས་ཁང་གི་རྩ་འཛིན་སྒྲིག་གཞིར་བསྐྱར་བཅོས་ཀྱིས་དོན་ཚན་སོ་གཉིས་པའི་ནང་གསེས་དང་པོར། རིག་གཞུང་འགན་འཛིན་བསྐོ་གཞག་ཐད། “སྨན་རྩིས་རིག་གཞུང་ལྷན་ཚོགས་ཀྱི་འགན་འཛིན་དང་འགན་འཛིན་གཞོན་པ་གཉིས་དོན་ཚན་ཉེར་གཅིག་པའི་ནང་གསལ་སྨན་རྩིས་རིག་གཞུང་ལྷན་ཚོགས་ཀྱི་ཚོགས་མིས་ནང་ཁུལ་གསང་བའི་འོས་ཤོག་འཕེན་ཏེ་འོས་འདེམས་བྱ་རྒྱུ།” ཞེས་འཁོད་པ་ལྟར། ཚོགས་མི་ནང་ཁུལ་འོས་བླུགས་ནས་ད་ཐེངས་ཁོང་གཉིས་ལ་འོས་གྲངས་མཐོ་བོར་འདེམས་ཐོན་བྱུང་ཡོད་སྐོར་གསུངས།  དེ་ནས་རིག་གཞུང་འགན་འཛིན་གསར་པས་ལྷག་བསམ་ཆེན་པོས་ལས་ཁུར་ཞུ་དགོས་དོན་སྐོར་གསལ་བཤད་གནང་བ་དང་། སྤྱི་ཁྱབ་འགན་འཛིན་མཆོག་ནས་རིག་གཞུང་ལྷན་ཚོགས་ཀྱི་ལས་དམ་བཅས་རྩིས་སྤྲོད་རྩིས་ལེན་གནང་སྟེ་མཛད་སྒོ་མཇུག་སྒྲིལ་ཡོད།













མཐའ་མའི་འདོན་ཐེངས་།: 10.08.2023 ཉིན། 9:47 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།