སྨན་རྩིས་དྲ་བ། - མདུན་ངོས།

བློ་གཡེང་པ་དེ་བློ་མི་སྐྱིད་པ་རེད་གསུངས།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 25.10.2022
མདུན་ངོས། >>



                                                         བློ་གཡེང་པ་དེ་བློ་མི་སྐྱིད་པ་རེད་གསུངས།

ཕྱི་ལོ་ ༢༠༢༢ ཟླ་ ༡༠ ཚེས་ ༢༤ ཉིན་རྒྱབ་སྨན་རྩིས་ཚོགས་ཁང་དུ་འཛམ་གླིང་ནང་གི་སྙན་གྲགས་ཆེ་བའི་དབང་རྩའི་ཚན་རིག་པ་ Prof. Richard Davidson ལགས་ནས་ཁོང་རང་གི་གསར་འཛུགས་གནང་བའི་ Centre for healthy minds, University of  Wisconsin-Madison ལྟེ་གནས་ཁང་གི་འགྲོ་བ་མིའི་བདེ་ཐབས་བྱ་གཞག་དང་། དེ་བཞིན་ཐུགས་དམ་ལས་གཞི་སྐོར་གཏམ་བཤད་གནང་ཡོད།

            དེ་ཡང་འགྲོ་ཕན་སྨན་རྩིས་ཁང་གི་འགན་འཛིན་ཐུབ་བསྟན་ཚེ་རིང་མཆོག་ནས་རེ་འདུན་གནང་བ་ལྟར། སློབ་དཔོན་ཆེན་པོ་ Prof. Richard Davidson རི་ཅཌ་ཌེ་ཝིཌ་སན་ལགས་ཀྱིས་དེ་ཉིན་སྨན་རྩིས་མཐོ་སློབ་ཚོགས་ཁང་དུ། སྤྱི་ཁྱབ་འགན་འཛིན་གཙོས་དོན་གཉེར་ཅན་སྨན་རྩིས་པ་དང་། དགེ་ལས་བཅས་གདན་འཛོམས་པའི་སྟེང་གཏམ་བཤད་ཅིག་གནང་ཡོད། དེ་ཡང་དུམ་བུ་གཉིས་སུ་འབྱེད་དེ་གནང་དོན། ཁོང་གིས་ཐོག་མར་སྨན་རྩིས་ཁང་འགོ་ལས་ཡོངས་ཀྱིས་སྒྲུབ་བཞིན་པའི་བྱ་གཞག་དང་། ལྷག་པར་འགྲོ་ཕན་སྨན་རྩིས་ཁང་ནས་ཐུགས་དམ་ལས་གཞིར་མཐུན་འགྱུར་གནང་བར་ཡི་རངས་ཞུས་སོང་།  དེ་ནས་ཁོང་ཚོའི་ལྟེ་གནས་སུ་འགྲོ་བ་མིའི་སྤྱི་ཡོངས་ཀྱི་བདེ་ཐབས་(Well-being)སམ་ཐ་སྙད་གཞན་དུ་དར་ཞིང་རྒྱས་(Flourish)པར་དོ་སྣང་གཙོ་ཆེར་གནང་གི་ཡོད་པ་དང་། དེ་ལྟར་གནང་དགོས་པའི་རྒྱུ་མཚན་སྐོར། བདེ་ཐབས་ཀྱི་ཀ་བ་གཙོ་བོ་བཞི་ཡོད་པར་གསུངས་ཏེ། Awareness(དྲན་ཤེས།) Connection(སྦྲེལ་མཐུད།) Insight(ངེས་ཤེས།) Purpose(དགོས་དོན།) བཅས་ཀྱི་སྐོར་རྒྱས་ཤིང་གསལ་བ་གསུངས་གནང་བ་མ་ཟད། དེ་དག་དང་འབྲེལ་བའི་ཉམས་ཞིབ་བྱས་པ་དང་གྲུབ་འབྲས་གསར་རྙེད་བྱུང་བའི་སྐོར་གསུངས་སོང་།

            དེ་ནས་དུམ་བུ་གཉིས་པ་དེ་ཐུགས་དམ་ཉམས་ཞིབ་སྐོར་གསུངས་དོན། ལས་གཞི་འདི་དང་ཐོག་ྋགོང་ས་མཆོག་གིས་ཐུགས་རེ་གནང་བ་ལྟར་ལོ་མང་སྔོན་ནས་འགོ་འཛུགས་ཞུས་པ་ཞིག་ཡིན་པ་དང་། འདས་པའི་ལོ་བཅུ་ཕྲག་ལྷག་རིང་དམིགས་བསལ་རྒྱ་གར་ནང་དུ་ཐུགས་དམ་བཞུགས་མཁན་གནད་དོན་ཉི་ཤུ་ལྷག་ཙམ་བྱུང་ཡོད་པ་རྣམས་ལ་ཉམས་ཞིབ་བྱས་ཡོད་ཀྱང་ད་ལྟའི་ཆར་དེ་ཙམ་ལས་བཤད་མི་ཐུབ་པ་དང་། འོན་ཀྱང་གནས་ཚུལ་ཤེས་རྟོགས་བྱུང་བ་ཞིག་ལ་ཐུགས་དམ་དུ་བཞུགས་ཡོད་མཁན་ཚོའི་ལུས་ཀྱི་འབྱུང་བ་ཞིག་རུལ་འགྱུར་སྟངས་དེ་ཐུགས་དམ་དུ་མེད་མཁན་གང་ཟག་ཕལ་པའི་ཕུང་པོའི་ཞིག་སྟངས་དང་གཅིག་མཚུངས་མེད་པ་ཞིག་མངོན་བཞིན་ཡོད་ཚུལ་དང་། དེ་བཞིན་ཐུགས་དམ་དུ་བཞུགས་ཡུན་དུས་ཚོད་དང་།  འབྱུང་འགྱུར་ཐུགས་དམ་དུ་བཞུགས་མཁན་ཚོའི་སྐུ་གཟུགས་ཀྱི་འབྱུང་བ་ཞིག་རུལ་ཚད་གཞི་དལ་བུ་ཡོད་པའི་ཐོག་མའི་གསར་རྙེད་གནས་ཚུལ་སྐོར་པར་འགྲེམས་ཞུ་སྐབས་ཚན་རིག་པའི་སྤྱི་ཚོགས་ཨ་མའི་ནང་དུ་དེ་ཉིད་འགྲན་བསྡུར་དང་གོ་སྐབས་གལ་ཆེན་ཞིག་ཏུ་གཟུང་རྒྱུ་ཡིན་པ་ང་ཚོས་ཡིད་ཆེས་བྱེད་བཞིན་ཡོད་སྐོར་དང་། གཞན་ཡང་ནང་ཆོས་དང་ནུབ་ཕྱོགས་གཉིས་ཀྱི་འཆི་རིམ་ལྟ་སྟངས་ཁྱད་པར་སྐོར་ལ་སོགས་པ་རྒྱས་པར་གསུངས་གནང་སོང་།

 

འདིར་ནོན།     Prof. Richard Davidson གྱི་གཏམ་བཤད་(ཨིན་སྐད་དུ་)གནང་བ་གསན།

འདིར་ནོན།     ཚོགས་བཅར་བའི་དོགས་འདྲི་དང་དེར་ལན་འདེབས་གནང་བ་གསན།
































མཐའ་མའི་འདོན་ཐེངས་།: 31.03.2023 ཉིན། 10:03 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།