སྨན་རྩིས་དྲ་བ། - མདུན་ངོས།

བོད་ཀྱི་ཐེབས་རྩ་ཁང་ལ་ཐུགས་རྗེ་ཆེ་ཞུ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 25.04.2023
མདུན་ངོས། >>

བོད་ཀྱི་ཐེབས་རྩ་ཁང་ལ་ཐུགས་རྗེ་ཆེ་ཞུ།

འགྲོ་ཕན་སྨན་རྩིས་ཁང་གི་སྨན་སྦྱོར་སྡེ་ཚན་ནས་དུས་རབས་དང་མཐུན་པའི་གོམ་པ་མདུན་སྐྱོད་ཀྱིས་དགོས་མཁོ་གཞིར་བཟུང་ཐུམ་སྒྲིལ་འཕྲུལ་འཁོར་ Miniblis Packaging machine གསར་པ་ཞིག་མངགས་ཆ་ཞུས་པ་དེ་ཉེ་ཆར་ལག་སོན་བྱུང་ཡོད། དེ་བཞིན་ས་གནས་ཅོན་ཏ་ར་དང་ལ་དྭགས་སུ་སྔོ་སྨན་འདེབས་ལས་ཀྱི་ལས་གཞི་དང་། འགྲོ་ཕན་སྨན་རྩིས་ཁང་གི་སྤུས་ཚད་བརྟག་དཔྱད་སྡེ་ཚན་གྱི་ཚོད་ལྟ་ཁང་ཆེད་དུ་ Refractometer ལག་ཅ་དེ་ཉོ་ཆ་ཞུས་ཡོད་པའི་འགྲོ་གྲོན་རྣམས་ཨ་རི་བོད་ཀྱི་ཐེབས་རྩ་ཁང་ནས་བཏང་གནང་ཡོད། གཞན་ཡང་འགྲོ་ཕན་སྨན་རྩིས་ཁང་གི་བུ་བཅོལ་ཁང་བཟོ་བཅོས་དང་མཁོ་ཆས་གསར་ཉོ་ཆེད་ཀྱི་འགྲོ་གྲོན་ཐད་ལའང་བོད་ཀྱི་ཐེབས་རྩ་ནས་མཐུན་འགྱུར་གནང་ཡོད།

བོད་ཀྱི་ཐེབས་རྩ་ནས་གོང་གསལ་ལས་གཞི་རྣམས་ཀྱི་ཆེད་དུ་རྩིས་ལོ་ ༢༠༢༢-༢༠༢༣ ནང་དུ་ཨ་སྒོར་ 1,30,285.00 ཆིག་འབུམ་སུམ་ཁྲི་སྟོང་མེད་ཉིས་བརྒྱ་གྱ་ལྔ་རོགས་དངུལ་བཀའ་འཁྲོལ་གནང་ཡོད། ཞལ་འདེབས་གྱ་ནོམ་པ་འདི་ལྟར་གསོལ་བསྩལ་གནང་བར་འགྲོ་ཕན་སྨན་རྩིས་ཁང་ནས་ཐུགས་རྗེ་ཆེ་ཞེས་ཞུ།།










































མཐའ་མའི་འདོན་ཐེངས་།: 25.04.2023 ཉིན། 4:16 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།