སྨན་རྩིས་དྲ་བ། - མདུན་ངོས།

བཞུགས་སྒར་ཁུལ་གྱི་གསོ་རིག་སྨན་པར་དེབ་སྐྱེལ་ལག་འཁྱེར་བསྩལ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 07.12.2022
མདུན་ངོས། >>


                                               བཞུགས་སྒར་ཁུལ་གྱི་གསོ་རིག་སྨན་པར་དེབ་སྐྱེལ་ལག་འཁྱེར་བསྩལ།

ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༢༡ ཉིན་དྷ་ས་འགྲོ་ཕན་སྨན་རྩིས་ཁང་གི་ཚོགས་ཁང་དུ་རྒྱ་གར་དབུས་གཞུང་ཨཱཡུཥ་ལྷན་ཁང་གི་སྨན་པ་དེབ་སྐྱེལ་དང་བཟང་སྤྱོད་ཚོགས་ཆུང་གི་གཙོ་འཛིན་བཻདྱ་རཱཀེཤ་ཤརྨཱ་མཆོག་གིས་དྷ་ས་ཁུལ་གྱི་གསོ་རིག་སྨན་པ་ལྔ་བཅུ་བརྒལ་བར་དེབ་སྐྱེལ་ཟིན་པའི་ལག་ཁྱེར་བསྩལ་ཐོབ་བྱུང་བའི་གནས་ཚུལ་བཟང་པོ་ཞིག་ཐོན་ཡོད།

                དེའི་ཉིན་སྨན་རྩིས་ཁང་གི་ཚོགས་ཁང་དུ་ Prof. (Vaidya) Rakesh Sharma བཻདྱ་རཱཀེཤ་ཤརྨཱ་མཆོག་གི་སྣེ་ཁྲིད་ཐོག་དབུས་གཞུང་ཨཱཡུཥ་ལྷན་ཁང་གི་རྒྱལ་ཡོངས་སྨན་གྱི་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་ཆེད་མངགས་ཕེབས་ཏེ་དྷ་ས་སྨན་རྩིས་ཁང་གི་དབུས་ས་དང་ཉེ་འཁོར་ས་གནས་ཅོང་ཏ་ར་དང་སིམ་ལ་ཡན་ལག་སྨན་ཁང་སོགས་སུ་ཞབས་འདེགས་ཞུ་བཞིན་པའི་ལས་ཐོག་སྨན་པ་བཞི་བཅུ་དང་། དེ་བཞིན་སྨན་རྩིས་ཁང་གི་སྨན་པ་ཟུར་པ་བཅུ་གཅིག་བཅས་ཀྱི་དགོས་ངེས་ཡིག་ཆ་ཁག་ལ་སྐུ་ཚབ་ཚོགས་ཆུང་གིས་རྟོག་ཞིབ་ནན་ཏན་གནང་བའི་ཐོག་སྨན་པ་དེབ་སྐྱེལ་དང་བཟང་སྤྱོད་ཚོགས་ཆུང་གི་གཙོ་འཛིན་བཻདྱ་རཱཀེཤ་ཤརྨཱ་མཆོག་གིས་དེབ་སྐྱེལ་ལག་འཁྱེར་སྨན་པ་སོ་སོར་བསྩལ་ཐོབ་བྱུང་ཡོད། ལག་འཁྱེར་གྱི་ཁྲིམས་མཐུན་དུས་ཡུན་ལོ་ལྔ་ཡིན་པ་དང་། དེ་རྗེས་བསྐྱར་གསོ་གནང་དགོས་ཀྱང་གསོ་རིག་སྨན་པ་ཞིག་ལ་མཚོན་ན་དེབ་སྐྱེལ་ལག་འཁྱེར་ཐོབ་པ་འདི་སྨན་གྱི་མཐོ་སློབ་ཚད་ལྡན་ཞིག་ནས་བོད་ཀྱི་གསོ་བ་རིག་པར་བསླབ་པ་སློབ་གཉེར་གནང་བའི་དན་རྟགས་རྒྱ་གར་རྒྱལ་ཡོངས་སྨན་གྱི་ལྷན་ཚོགས་ཀྱིས་ཁྲིམས་ཐོག་ནས་ངོས་ལེན་གནང་བའི་གནད་དོན་གལ་ཆེན་ཞིག་ཆགས་ཡོད།

                སྨན་པ་དེབ་སྐྱེལ་བྱས་པའི་ལག་འཁྱེར་འདི་སྨན་པ་གང་ཞིག་སྨན་གྱི་མཐོ་སློབ་ཚད་ལྡན་ཞིག་ནས་ཕྱི་ལོ་ ༢༠༡༧ སྔོན་ལ་སྨན་པ་དཀའ་བཅུ་པ་བསླབ་པ་ཐར་སོན་པ་རྣམས་ལ་ངོས་ལེན་གནང་ཡོད་པ་དང་། དེ་བཞིན་ཕྱི་ལོ་ ༢༠༡༤ བར་སྨན་རམས་པ་ཆུང་བའི་ཤེས་ཚད་ཐོན་ཟིན་པ་རྣམས་དེབ་སྐྱེལ་ལག་འཁྱེར་འདིའི་ནང་གི་དོན་ཚན་བདུན་པ་ Additional Qualification/Year ཁ་སྣོན་གྱི་ཤེས་ཚད་དང་ཕྱི་ལོའི་ནང་དུ་སྨན་རམས་པ་ཆུང་བ་ཞེས་འཁོད་གནང་ཡོད། དེས་ན་སྨན་རྩིས་མཐོ་སློབ་ཁང་ནས་སྐབས་ ༡༦ བར་གྱི་སློབ་ཐོན་ཟིན་པའི་སྨན་པ་དཀའ་བཅུ་པ་རྣམས་དང་། དེ་བཞིན་སྨན་པ་སྐབས་ ༡༢ བར་གྱི་སྨན་རམས་པ་ཆུང་བའི་ལག་འཁྱེར་ལ་ད་ཐེངས་ངོས་འཛིན་གནང་ཡོད། སྨན་པ་སྐབས་ཕྱི་མ་རྣམས་ད་ལྟའི་ཆར་དེབ་སྐྱེལ་མ་ཐུབ་པ་ནི་རྒྱ་གར་རྒྱལ་ཡོངས་སྨན་གྱི་ལྷན་ཚོགས་ཀྱིས་དེ་སྔ་ཁྲིམས་ཡིག་གཏན་འབེབས་བྱས་ཡོད་པའི་གནད་དོན་ཞིག་ལ་ཐུག་ཡོད་པར་གསུངས།

                ད་རེས་ཨཱཡུཥ་ལྷན་ཁང་གི་གསོ་བ་རིག་པའི་ཁོངས་སུ་གསོ་རིག་སྨན་པའི་དེབ་སྐྱེལ་ལག་འཁྱེར་ཐོབ་པའི་ལས་གཞི་ལམ་ལྷོང་བྱུང་བ་འདི་ལོ་ཤས་ནས་གནད་ཡོད་མང་པོས་སྐུ་ལས་ཆེན་པོ་བསྐྱོན་ཡོད་པ་དང་། ལྷག་པར་ད་ལྟའི་འགྲོ་ཕན་སྨན་རྩིས་ཁང་གི་སྤྱི་ཁྱབ་འགན་འཛིན་ཐུབ་བསྟན་ཚེ་རིང་མཆོག་གིས་ཐུགས་ཁུར་ཆེ་བཞེས་གནང་ཞིང་། འགྲོ་ཕན་སྨན་རྩིས་ཁང་གི་འཛིན་སྐྱོང་ལམ་སྟོན་བཞིན་དིལླི་ནི་ཛ་མུ་དིན་སྨན་རམས་པ་འཆི་མེད་སྒྲོལ་དཀར་ལགས་ཀྱིས་དུས་ཐོག་རྒྱ་གར་དབུས་གཞུང་གི་འབྲེལ་ཡོད་སྡེ་ཚན་གྱི་གནས་ཡོད་མི་སྣ་ཁག་དང་འབྲེལ་བ་འཐུས་གཙང་གནང་ཞིང་འབྲེལ་ཡོད་སྡེ་ཚན་དང་། སྨན་རྩིས་ཁང་གི་སྨན་པ་རྣམས་ཀྱི་བར་འབྲེལ་མཐུད་གནང་། གཞན་ཡང་སྐུ་ཚབ་ཚོགས་ཆུང་གིས་དངོས་སུ་ཡིག་ཆ་རྟོག་ཞིབ་གནང་སྐབས་དྷ་ས་སྨན་རྩིས་མཐོ་སློབ་ཁང་གི་སློབ་སྤྱི་གཙོས་སྨན་ལས་རྣམས་ཀྱིས་མཐུན་འགྱུར་ཕྱར་གྲུ་མཉམ་འདེགས་གནང་བ་ལ་བརྟེན་ནས་ལས་དོན་ཚགས་ཚུད་གྲུབ་ཐུབ་ཡོད།

མཐར་སྨན་པ་སོ་སོར་དེབ་སྐྱེལ་ལག་འཁྱེར་བསྩལ་ཟིན་རྗེས་བཻདྱ་རཱཀེཤ་ཤརྨཱ་མཆོག་དང་། དྲུང་ཆེ་ཌོཀ་ཊར་བི་ཨེལ་མེཧརཱ་མཆོག དེ་བཞིན་སློབ་སྟོན་པ་ཌོཀ་ཊར་རཱཇཱིབ་བྷཱརདྭཇ་ལགས་དང་། ཚོགས་མི་ཌོཀ་ཊར་རཇནཱི་ཨེ་ནཡར་ལགས་དང་། གཞན་ཡང་ལས་རོགས་རྣམས་ལ་འགྲོ་ཕན་སྨན་རྩིས་ཁང་གི་འགན་འཛིན་མཆོག་དང་། རིག་གཞུང་འགན་འཛིན་སྐུ་བཅར་བླ་སྨན་པ་མཆོག་གཉིས་ནས་སྨན་བླའི་སྐུ་ཐང་ཞིག་དང་། འགྲོ་ཕན་སྨན་རྩིས་ཁང་གི་གསོ་རིག་ཐོན་དངོས་ཐུགས་རྗེ་ལེགས་གསོལ་མཚོན་དོན་འབུལ་གནང་ཡོད།།

 











མཐའ་མའི་འདོན་ཐེངས་།: 30.03.2023 ཉིན། 4:40 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།