སྨན་རྩིས་དྲ་བ། - མདུན་ངོས།

དྷ་ས་སྨན་རྩིས་མཐོ་སློབ་ཁང་ཁྲིམས་མཐུན་ངོས་ལེན་ཐོབ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 09.11.2022
མདུན་ངོས། >>

 

                                               དྷ་ས་སྨན་རྩིས་མཐོ་སློབ་ཁང་ཁྲིམས་མཐུན་ངོས་ལེན་ཐོབ། 

འགྲོ་ཕན་སྨན་རྩིས་ཁང་གི་དྷ་ས་སྨན་རྩིས་མཐོ་སློབ་ཁང་ལ་རྒྱ་གར་དབུས་གཞུང་ཨཱཡུཥ་ལྷན་ཁང་ནས་ཕྱི་ལོ་ ༢༠༢༢-༢༠༢༣ ནང་དུ། ཉེ་བའི་གཙུག་ལག་སློབ་མའི་(སྨན་པ་བཀའ་བཅུ་པ་)སློབ་ཚན་དུ་སློབ་ཕྲུག་བཅོ་ལྔ་བསྡུ་ལེན་བྱེད་ཆོག་པའི་བཀའ་འཁྲོལ་ཐོབ་པའི་གཏམ་བཟང་གི་གནས་ཚུལ་ཞིག་ཐོན་ཡོད།

དེ་ཡང་ཕྱི་ལོ་ ༢༠༢༢ ཟླ་ ༧ ཚེས་ ༡༩ ཉིན་ཧི་མཱ་ཅལ་མངའ་སྡེ་གཞུང་གི་ཨཱཡུཥ་སྡེ་ཚན་ནས་འགག་བྱ་མེད་པའི་ལག་འཁྱེར་ (NOC-No Objection Certificate) གནང་བ་དང་།

དེ་བཞིན་ཟླ་ ༨ ཚེས་ ༡ ཉིན་ཧི་མཱ་ཅལ་མངའ་སྡེའི་ཁྱབ་ཁོངས་མཎ་ཌི་རྗོང་དུ་རྟེན་གཞི་བྱས་པའི་ Atal Medical & Research University (AMRU) ཨཊལ་སྨན་བཅོས་དང་ཉམས་ཞིབ་གཙུག་ལག་སློབ་གཉེར་ཁང་གི་གཙོ་སྐྱོང་འོག་དེབ་སྐྱེལ་ཟིན་ཅིང་། དྷ་ས་སྨན་རྩིས་མཐོ་སློབ་ཁང་འདི་བཞིན་གཙུག་ལག་སློབ་གཉེར་ཁང་གི་འབྲེལ་ཁོངས་ངོས་ལེན་གྱིས་ཕྱག་ཡིག་གནང་ཡོད།

དེ་ནས་འདི་ལོའི་ཟླ་ ༡༠ ཚེས་ ༡༧ ཉིན་ National Commission for Indian System of Medicine (NCISM) རྒྱ་གར་རྒྱལ་ཡོངས་སྨན་གྱི་ལྷན་ཚོགས་ནས་རང་རེའི་མཐོ་སློབ་ཁང་གིས་ཉེ་བའི་གཙུག་ལག་སློབ་མའི་སློབ་ཚན་ཆེད་དུ། སློབ་ཕྲུག་བཅོ་ལྔ་ཕྱི་ལོ་ ༢༠༢༢ - ༢༠༢༣ སློབ་དུས་ནང་དུ་བསྡུ་ལེན་བྱེད་ཆོག་པའི་ཆ་རྐྱེན་ལྡན་པའི་བཀའ་འཁྲོལ་སྩལ་ཐོབ་བྱུང་ཡོད། དེ་ཡང་བཀའ་ཁྲོལ་དེ་བཞིན་ཟླ་ཤས་སྔོན་དུ་འབྲེལ་ཡོད་སྡེ་ཚན་ནས་བསྐོ་བཞག་ལྟར་རྟོག་ཞིབ་ཚོགས་ཆུང་ཁག་སྨན་རྩིས་མཐོ་སློབ་ཁང་དུ་ཕེབས་ཏེ་ཞིབ་ནན་གྱིས་རྟོག་ཞིབ་རིམ་པ་ཁག་གྲུབ་རྗེས་ཆོག་མཆན་གནང་བ་ཞིག་ཡིན། རིང་མིན་དྷ་ས་སྨན་རྩིས་མཐོ་སློབ་ཁང་དུ་འདི་ལོའི་ཡིག་རྒྱུགས་ཐབས་ལམ་ (NCISM -NEET SR UG 2022-2023) བརྒྱུད་ནས་རྒྱུགས་འཕྲོད་པའི་སྨན་གྱི་སློབ་མ་གྲངས་ངེས་བཅོ་ལྔ་འབྱོར་མཚམས་སློབ་ཁྲིད་འགོ་འཛུགས་བྱ་རྒྱུ་རེད་འདུག











































མཐའ་མའི་འདོན་ཐེངས་།: 31.03.2023 ཉིན། 10:25 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།