སྨན་རྩིས་དྲ་བ། - མདུན་ངོས།

ཅོན་ཏ་རར་སྔོ་སྨན་འདེབས་ལས་སོགས་ཀྱི་ཟབ་སྦྱོང་ལེགས་གྲུབ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 04.07.2023
མདུན་ངོས། >>


ཅོན་ཏ་ར་འགྲོ་ཕན་སྨན་རྩིས་ཁང་དུ་གསོ་རིག་སྔོ་སྨན་དང་ཤིང་སྨན་འདེབས་འཛུགས།
སྟོན་འབྲས་བསྡུ་ཐབས་དང་མཁོ་སྒྲུབ་ཀྱི་ཟབ་སྦྱོང་ཞིག་གོ་སྒྲིག་གནང་བ།


༄༅། །འགྲོ་ཕན་སྨན་རྩིས་ཁང་སྔོ་སྨན་འདེབས་ལས་སྡེ་ཚན་གྱི་གོ་སྒྲིག་དང་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་སོ་ནམ་སྡེ་ཚན་ལམ་སྟོན་བརྒྱུད་ཉིན་གསུམ་རིང་ཅོན་ཏ་ར་འགྲོ་ཕན་སྨན་རྩིས་ཁང་དུ་གསོ་རིག་སྔོ་སྨན་དང་ཤིང་སྨན་འདེབས་འཛུགས། སྟོན་འབྲས་བསྡུ་ཐབས་དང་མཁོ་སྒྲུབ་ཀྱི་ཟབ་སྦྱོང་ཞིག་གོ་སྒྲིག་གནང་ཡོད། སྐབས་དེར་ཟབ་སྦྱོང་དུ་བོད་མིའི་སོ་ནམ་གཞིས་ཆགས་ཁག་ནང་ཡོད་པའི་ཞིང་པ་དང་ས་གནས་ལ་ཡོད་པའི་སོ་ནམ་སློབ་སྟོན་པ་བཅས་ནས་མཉམ་བཞུགས་གནང་ཡོད།

ཟབ་སྦྱོང་དང་སྦྱོང་བརྡར་གྱི་དམིགས་ཡུལ་གཙོ་བོ་ནི། བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ནང་གསོ་རིག་སྔོ་སྨན་དང་ཤིང་སྨན་འདེབས་འཛུགས་མ་ཟད། རང་རེའི་གཞིས་ཆགས་ནས་མཁོ་སྒྲུབ་དང་སྟོན་འབྲས་བསྡུ་ཐབས་བཅས་བོད་མིའི་གཞིས་ཆགས་ཁག་ཡུན་གནས་ཐུབ་པ་དང་གཞིས་ཆགས་ནང་གནས་པའི་བོད་མིའི་འཚོ་ཐབས་གོང་འཕེལ་དང་འགྲོ་ཕན་སྨན་རྩིས་ཁང་གི་བཟོ་སྐྲུན་སྡེ་ཚན་ལ་སྨན་རྩྭའི་མཐུན་རྐྱེན་ཡོང་ཆེད་ཡིན་པ་བཅས།།




 

 གནས་ཚུལ་འདི་ནི་ཕྱི་ལོ་ ༢༠༢༣ ཟླ་ ༦ ཚེས་ ༣༠ འཁོད་བོད་མིའི་སྒྲིག་འཛུགས་ཀྱི་བོད་ཡིག་དྲ་རྒྱ་ནས་ཟུར་འདོན་ཞུས།

འདིར་ནོན། གནས་ཚུལ་ཡོང་ཁུངས་བོད་མིའི་སྒྲིག་འཛུགས་བོད་ཡིག་དྲ་རྒྱ།







མཐའ་མའི་འདོན་ཐེངས་།: 04.07.2023 ཉིན། 2:56 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།