སྨན་རྩིས་དྲ་བ། - མདུན་ངོས།

རྒྱ་གར་གཞུང་ནས་གསོ་རིག་སྨན་པར་དེབ་སྐྱེལ་ལག་འཁྱེར་སྤྲོད་འགོ་བཙུགས།

རྒྱ་གར་དབུས་ཨཱཡུཥ་ལྷན་ཁང་གི་རྒྱལ་ཡོངས་རྒྱ་གར་སྨན་གྱི་ལམ་ལུགས་ལྷན་ཚོགས་(National Commission for Indian System of Medicine)ཀྱི་ཚོགས་གཙོ་མཆོག་ནས་སྨན་རྩིས་ཁང་གི་སྨན་པ་ ༥༤ ལ་དེབ་སྐྱེལ་གྱིས་ལག་འཁྱེར་བསྩལ་རྒྱུའི་ཞལ་བཞེས་གནང་ཡོད་པ་བཞིན། 
རྒྱས་པར་གཟིགས་་

འགྲོ་ཕན་སྨན་རྩིས་ཁང་ཞེས་མཚན་བྱང་སླར་གསོ།

བཙན་བྱོལ་དུ་འབྱོར་རྗེས་མགོན་པོ་གང་ཉིད་ཀྱིས་སྒྲིག་འཛུགས་འདིའི་ཐོག་མའི་མཚན་ལ་འགྲོ་ཕན་སྨན་རྩིས་ཁང་ཞེས་བསྩལ་ཡོད་ཀྱང་བར་སྐབས་ཤིག་ནས་མཚན་བྱང་ལ་བསྒྱུར་བཅོས་རིམ་པ་ཁག་གཅིག་ཕྱིན་ཡོད། ད་ཆ་དགའ་ལྡན་ཕོ་བྲང་གི་ཡིག་ཚང་ནས་དགོངས་འཆར་ཕེབས་པ་བཞིན།
རྒྱས་པར་གཟིགས་་

སྨན་བཅོས་ལོ་རྒྱུས་འགེང་ཤོག་ལེགས་གྲུབ།

བཞུགས་སྒར་དབུས་དང་ཕྱོགས་མཐའ་ནས་ཕེབས་པའི་སྨན་པ་བགྲེས་གཞོན་བར་མ་གྲངས་ ༡༦ ལྷན་འཛོམས་བྱུང་ཐོག བོད་ཀྱི་གསོ་བ་རིག་པའི་སྨན་བཅོས་ལོ་རྒྱུས་འགེངས་ཤོག་ (Hospital / Clinical Management Software in Sowa-Rigpa) རགས་ཟིན་ཞིག་གཏན་འབེབས་བྱས་ཡོད།  རྒྱས་པར་གཟིགས་་

སྐྱབས་རྗེ་བྱ་དོ་རིན་པོ་ཆེས་སངས་རྒྱས་སྨན་བླའི་བཀའ་དབང་བསྩལ།

དྷ་ས་སྨན་རྩིས་མཐོ་སློབ་ཁང་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན་སྐྱབས་རྗེ་བྱ་དོ་རིན་པོ་ཆེ་མཆོག་ནས་ཕྱི་ལོ་ ༢༠༢༢ ཟླ་ ༧ ཚེས་ ༡ དང་ ༢ ཉིན་གཉིས་རིང་སྨན་རྩིས་མཐོ་སློབ་ཚོགས་ཁང་དུ། ཆེད་དུ་བྱ་བའི་གདུལ་བྱ་སྨན་རྩིས་མཐོ་སློབ་ཁང་གི་སློབ་མ་རྣམས་དང་། དེ་བཞིན་སྨན་རྩིས་ཁང་གི་དགེ་ལས་དང་། སྨན་པ་དང་སྐར་རྩིས་པ། ཕྱི་ནས་ཕེབས་པའི་དད་ལྡན་སེར་སྐྱ་མང་ཚོགས་རྣམས་ལ་སངས་རྒྱས་སྨན་བླའི་བཀའ་དབང་བཀའ་དྲིན་བསྩལ། རྒྱས་པར་གཟིགས་་

ཡུ་རོབ་ཁུལ་དུ་སྨན་རྩིས་སྐོར་སྐྱོད།

སྨན་རྩིས་ཁང་གི་ཡུ་རོབ་ཁུལ་དུ་སྨན་རྩིས་སྐོར་སྐྱོད་ཀྱི་ལས་རིམ་འདི་ནི་ཕྱི་ལོ་ ༢༠༢༢ ཟླ་ ༥ ཚེས་ ༡༨ ནས་ཟླ་ ༦ ཚེས་ ༦ བར་ཉིན་ཉི་ཤུའི་རིང་སྒང་ཏོག་ཡན་ལག་སྨན་ཁང་གི་སྨན་པ་ཡེ་ཤེས་ཚེ་རིང་ལགས་དང་། སྐར་དཔྱད་རྩིས་རིག་པ་བསོད་ནམས་མཚམས་གཅོད་ལགས། དི་ལླི་ཕྱིར་ཚོང་ལྡེ་ཚན་ལས་བྱེད་སྤེན་པ་ལགས་དང་། དྷ་ས་ནས་སྒྲོལ་མ་ལྷ་མོ་ལགས་བཅས་མི་སྣ་བཞི་མཉམ་དུ་ཕེབས་ཡོད། རྒྱས་པར་གཟིགས་་

ལིཐུ་ཨནིཡ་དང་པོ་ལེནྜ་ཡུལ་དུ་སྐོར་སྐྱོད།

འདི་ལོའི་ཟླ་ ༤ ཚེས་ ༢༡ ནས་ཟླ་ ༥ ཚེས་ ༢༣ བར་ཡུ་རོབ་རྒྱལ་ཁབ་ལིཐུ་ཨནིཡ་དང་། པོ་ལེནྜ་གཉིས་སུ་སྨན་རྩིས་ཁང་ནས་སྨན་རྩིས་སྐོར་སྐྱོད་ལས་འཆར་ཞིག་གོ་སྒྲིག་ལེགས་གྲུབ་ཞུས་ཡོད། སྐོར་སྐྱོད་འདི་ལ་སྨན་རྩིས་ཁང་གི་མེཀ་ལོཌ་འཇམ་དཔྱད་སྨན་པ་མིག་དམར་ལགས་དང་། སྐར་དཔྱད་རྩིས་རིག་པ་ཚེ་རིང་དབྱངས་ཅན་ལགས་གཉིས་ཀྱི་གཙོས། རྒྱས་པར་གཟིགས་་

ཕ་མ་དམ་པའི་ཆེད་དུ་སྨན་སྦྱིན་བཏང་།

ཕྱི་ལོ་ ༢༠༢༢ ཟླ་ ༥ ཚེས་ ༡༦ ཉིན་སྨན་རྩིས་ཁང་ལ་དྭགས་རིག་གཞུང་བསྟི་གནས་ཁང་དང་ཅོག་ལམ་སར་ཡན་ལག་སྨན་ཁང་། དེ་བཞིན་ཉིན་དེ་རང་ཨོ་ཌི་ཤ་མངའ་སྡེ་ཕུན་ཚོགས་གླིང་གཞིས་ཆགས་ཡན་ལག་སྨན་རྩིས་ཁང་བཅས་ས་གནས་ཁག་གཉིས་སུ། ཉིན་གཅིག་རིང་སྨན་རྩིས་ཁང་ནས་རིས་མེད་ནད་པར་སྨན་སྦྱིན་ལས་གཞི་ཞིག་གོ་སྒྲིག་ཞུས་གནང་བ་རེད། རྒྱས་པར་གཟིགས་་

སྣེ་ཤན་སྐུ་ཚབ་གསར་པ་ལྟ་སྐོར་དུ་ཕེབས་པ།

ཕྱི་ལོ་ ༢༠༢༢ ཟླ་ ༦ ཚེས་ ༧ ཉིན་བཞུགས་སྒར་བོད་ཀྱི་སྨན་རྩིས་ཁང་ནས་དྷ་སར་རྟེན་གཞི་རྒྱ་གར་གཞུང་གི་ཕྱི་དྲིལ་ལས་ཁུངས་ཀྱི་སྣེ་ཤན་སྐུ་ཚབ་གསར་པ་སྐུ་ཞབས་དིཔཀ་པདྨ་ཀུམཱར་ (Mr. Deepak Padmakumar) ལགས་དང་། སྐུ་ཚབ་རྙིང་པ་ཨབྷིམནྱུ་གཧལོཏ་ (Mr. Abhimanyu Gahlaut ) ལགས་རྣམ་གཉིས་ལ་གུང་ཚིགས་སྣེ་ལེན་ཞུས་ཡོད། རྒྱས་པར་གཟིགས་་

འགན་འཛིན་མཆོག་གིས་གསོ་རིག་རྒྱལ་ཡོངས་ཟབ་སྦྱོང་དུ་གཏམ་བཤད་གནང་།

ཕྱི་ལོ་ ༢༠༢༢ ཟླ་ ༥ ཚེས་ ༡༩ ནས་ ༢༧ བར་སྨན་རྩིས་ཁང་གི་སྐོུ་འགན་འཛིན་ཐུབ་བསྟན་ཚེ་རིང་མཆོག་ཀ་རྡོར་སྒང་གསུམ་ཁུལ་གྱི་སྨན་རྩིས་ཡན་ལག་སྨན་ཁང་ཁག་ཏུ་འཚམས་གཟིགས་དང་སྦྲགས་སྒང་ཏོག་ཏུ་རྒྱལ་ཡོངས་གསོ་རིག་ཟབ་སྦྱོང་ཐེངས་དང་པོའི་སྟེང་གཏམ་བཤད་གལ་ཆེན་ཞིག་ཀྱང་གནང་ཡོད།  རྒྱས་པར་གཟིགས་་

སྤྲེལ་འབྲུམ་ནད་དུག་ངོ་སྤྲོད་མདོ་ཙམ།

ཕྱི་ལོ་ ༢༠༡༩ ནས་ཏོག་དབྱིབས་གཉན་རིམས་ ༡༩ ཞེས་པའི་ནད་དུག་གསར་པ་འགོས་ཁྱབ་བྱུང་ཏེ་འགྲོ་བ་མིའི་བདེ་ཐང་དང་སྤྱི་ཚོགས་ཁྱོན་ཡོངས་ཀྱི་སྲིད་འབྱོར་རིག་གསུམ་ཡར་རྒྱས་ལ་བར་བགེགས་བཟོས་དང་བཟོ་མུས་སུ་མཆིས་པའི་གནས་ཚུལ་འདི་མཚམས་མ་ཆད་གོང་ནས་ནད་དུག་གཞན་ཞིག་ཨ་ཧྥེ་རི་ཀ་དང་ཡོ་རོབ་གླིང་ནས་འགོ་ཚུགས་སྟེ་འགོས་ཁྱབ་འབྱུང་བཞིན་པ་སྟེ། རྒྱས་པར་གཟིགས་་

མངའ་སྡེ་ཨཱཡུཥ་སྡེ་འགན་གཞོན་པ་ལྟ་སྐོར་དུ་ཕེབས།

སྨན་རྩིས་ཁང་གི་ཐད་སྤྱོད་སྨན་གྱི་སྡེ་ཚན་དང་སྨན་སྦྱོར་ཁང་གཉིས་ནས་དྷ་ས་སྨན་རྩིས་ཁང་དང་ཅོན་ཏ་ར་སྨན་སྦྱོར་ཁང་དུ་ལྟ་སྐོར་ཆེད་ཧི་མཱ་ཅལ་མངའ་སྡེའི་རྒྱལ་ས་སིམ་ལར་རྟེན་གཞི་ཨཱཡུཥ་སྡེ་ཚན་གྱི་འགན་འཛིན་གཞོན་པ་ Dr. Surender Sharma མཆོག་དམིགས་བསལ་གདན་འདྲེན་ཞུས་པ་ལྟར། འདི་ལོའི་ཟླ་ ༤ ཚེས་ ༢༩ དང་ ༣༠ ཉིན་གཉིས་རིང་ཆེད་ཕེབས་གནང་ཡོད།  རྒྱས་པར་གཟིགས་་

སྨན་པ་ཟུར་པ་རྣམས་ཨཡུཥ་ལྷན་ཁང་འོག་དེབ་སྐྱེལ་ཆེད།

སྨན་རྩིས་ཁང་གི་སྨན་པ་ཟུར་པ་རྣམས་ལ་ཞུ་རྒྱུ། རྒྱ་གར་དབུས་སྲོལ་རྒྱུན་སྨན་གྱི་ལྷན་ཚོགས་ཀྱི་ལམ་སྟོན་ལྟར། སྲོལ་རྒྱུན་སྨན་གྱི་བརྟག་དཔྱད་སྨན་པ་རྣམས་ཨཱ་ཡུ་ཥའི་ལྷན་ཁང་འོག་དེབ་སྐྱེལ་ཆེད་རྒྱ་གར་ནང་ཡོད་པ་ཚོས་ Form A དང་། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པ་ཚོས་ Form B བཀང་གནང་ནས་སྨན་རྩིས་ཁང་གི་གློག་འཕྲིན་ཁ་བྱང་ dapa@men-tsee-khang.org དུ་ཟླ་ ༤ ཚེས་ ༡༥ འགྱངས་མེད་བཀུར་གནང་ཡོང་བ་ཞུ། རྒྱས་པར་གཟིགས་་

ཞབས་ལོ་༣༠ དང་༢༠ སོན་པ་ཁག་གི་ངོ་སྤྲོད།

ཕྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༢༣ ཉིན་དྷ་ས་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི་ཞུས་སྐབས། སྨན་རྩིས་ཁང་གི་སྒྲིག་འཛུགས་འདི་ཉིད་ཀྱི་ལས་གནས་འདྲ་མིན་ཐོག་ལས་ཁུར་སྣ་མང་གི་ཞབས་འདེགས་ཞུས་ཏེ་གཟི་བརྗིད་དང་ལྡན་པའི་ཞབས་ལོ་ ༣༠ སོན་པ་བཞི་དང་། ཞབས་ལོ་ ༢༠ ལོན་པའང་བཞི་བྱུང་ཡོད། རྒྱས་པར་གཟིགས་་

སྨན་རྩིས་ཁང་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་བ་ལྷ་དང་བཅས་པའི་སྐྱབས་གནས་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་ྋགོང་ས་སྐྱབས་མགོན་ྋསྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་སྒོ་གསུམ་གུས་ཕྱག་སྔོན་དུ་བཏང་བའི་ཐོག   དེ་རིང་བོད་རྒྱལ་ལོ་ ༢༡༤༩ ཕྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༢༣ ལྷ་དཀར་དགེ་བའི་ཉིན་འདི་ག་བོད་ཀྱི་སྨན་རྩིས་ཁང་གི་མཐོ་སློབ་ཚོགས་ཁང་དུ་བཙན་བྱོལ་ནང་སྨན་རྩིས་ཁང་གི་སྒྲིག་འཛུགས་དབུ་བརྙེས་ནས་་་། རྒྱས་པར་གཟིགས་་

སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ།

ཕྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༢༣ ཉིན་སྨན་རྩིས་མཐོ་སློབ་ཚོགས་ཁང་དུ་བཙན་བྱོལ་དུ་ྋགོང་ས་སྐྱབས་མགོན་ྋསྐུ་ཕྲེང་བཅུ་བཞི་པ་ཆེན་པོས་སྨན་རྩིས་ཁང་བསྐྱར་འཛུགས་གནང་ནས་མི་ལོ་ ༦༡ འཁོར་བ་དང་། དེ་བཞིན་ྋརྒྱལ་དབང་ྋསྐུ་ཕྲེང་ ༡༣ ཆེན་པོས་བོད་ཀྱི་རྒྱལ་ས་ལྷ་སར་ལྷ་ལྡན་སྨན་རྩིས་ཁང་ཕྱག་བཏབ་ནས་མི་ལོ་ ༡༠༦ འཁོར་བའི་དུས་དྲན་མཛད་སྒོ་སྲུང་བརྩི་ཞུས་གནང་སོང་། རྒྱས་པར་གཟིགས་་

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཁྲིམས་རྩོད་པ་ཞིག་གི་ས་མིག་གསལ་བསྒྲགས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།