སྨན་དགེ་བསྟན་པ་ཆོས་འཕེལ་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ། |
26.12.2023, 12:19 AM |
བཞུགས་སྒར་སྨན་རྩིས་མཐོ་སློབ་ཁང་གི་སློབ་སྤྱི་ཟུར་པ་སྨན་དགེ་སྨན་རམས་པ་བསྟན་པ་ཆོས་འཕེལ་མཆོག་ཕྱི་ལོ་ ༢༠༢༣ ཟླ་ ༡༢ ཚེས་ ༢༣ སྔ་དྲོ་ཆུ་ཚོད་ ༡༠: ༥༠ ཙམ་ལ་བདེ་ལེགས་སྨན་ཁང་དུ་སྐུ་ཚེའི་འཕེན་པ་རྫོགས་པའི་ཤིན་ཏུ་ཡིད་སྐྱོའི་གནས་ཚུལ་ཐོན་ཡོད། དམ་པ་དེ་འགྲོ་ཕན་སྨན་རྩིས་མཐོ་སློབ་ཁང་དུ་སློབ་གཉེར་བ་རྣམས་ལ་སློབ་ཁྲིད་སོགས་ཀྱི་སྒོ་ནས་གསོ་རིག་བསྟན་པ། རྒྱས་པར་གཟིགས་་ | |
ཏོག་དབྱིབས་གཉན་རིམས་རྣམ་པ་གསར་པར་གཟབ་ནན་བཀོད་ཁྱབ། |
22.12.2023, 12:31 AM |
ཕྱི་ལོ་ ༢༠༢༣ ཟླ་ ༡༢ ཚེས་ ༢༡ འཁོད་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ནས་དམིགས་བསལ་ལྷོ་སྤྱི་གཙོས་ས་གནས་འགོ་འཛིན་དང་། སྨན་ཁང་ཁག་གི་འགན་འཛིན་རྣམ་པར་དེང་སྐབས་རྒྱ་གར་ལྷོ་ཕྱོགས་ཁུལ་དུ་ཁྱབ་གདལ་འགྲོ་བཞིན་པའི་ཏོག་དབྱིབས་གཉན་རིམས་༡༩ ཡི་རྣམ་པ་གསར་པའི་ཐད་གཟབ་ནན་ཐུགས་སྣང་དགོས་པའི་ལམ་སྟོན་བཀོད་ཁྱབ་ཅིག་ཕེབས་ཡོད། རྒྱས་པར་གཟིགས་་ | |
སེམས་ཀྱི་བདེ་སྐྱིད་སྐྲུན་ཐབས་སྐོར། |
24.11.2023, 2:50 AM |
ཕྱི་ལོ་ ༢༠༢༣ ཟླ་ ༡༡ ཚེས་ ༢༣ སྔ་དྲོ་འགྲོ་ཕན་སྨན་རྩིས་ཁང་གི་མཐོ་སློབ་ཚོགས་ཁང་དུ། ཇི་ལྟར་འཛིན་སྐྱོང་ནས་གསོལ་འདེབས་ཞུས་པ་བཞིན། གསང་ཆེན་སྨད་རྒྱུད་གྲྭ་ཚང་གི་མཁན་རིན་པོ་ཆེ་དགེ་བཤེས་ངག་དབང་སངས་རྒྱས་ལགས་ནས་<<ནང་སེམས་ཀྱི་བདེ་སྐྱིད་སྐྲུན་ཐབས་དང་བཟང་སྤྱོད་ཀྱི་གལ་གནད་སྐོར་>>ཞེས་པའི་བརྗོད་གཞི་ཐོག་ལ་གསུང་བཤད་གནད་སྨིན་ཞིག་གནང་ཡོད། རྒྱས་པར་གཟིགས་་ | |
ལྷོ་ཀོ་རི་ཡར་ཤེས་ཡོན་ལྟ་སྐོར་ཕེབས་པ། |
23.11.2023, 3:27 AM |
ཕྱི་ལོ་ ༢༠༢༣ ཟླ་ ༡༠ ཚེས་ ༢༩ ནས་ཟླ་ ༡༡ ཚེས་ ༣ བར་ཉིན་གྲངས་དྲུག་རིང་འགྲོ་ཕན་སྨན་རྩིས་ཁང་ནས་སྨན་པ་དང་ཚན་རིག་པ་བཅས་མི་སྣ་བཞི་ལས་གྲུབ་པའི་རུ་ཁག་ཅིག་ལྷོ་ཀོ་རི་ཡ་རུ། ཀོ་རི་ཡ་སྲོལ་རྒྱུན་སྨན་གྱི་ཤེས་ཡོན་ལྟེ་གནས་ཁང་དང་། ས་ཞིང་འདེབས་ལས་ཉམས་ཞིབ་ཁང་། སྨན་ཁང་བཅས་སུ་མགྲོན་འབོད་ཞུས་པ་བཞིན་ཕེབས་ཏེ་ཤེས་ཡོན་ལྟ་སྐོར་ལེགས་གྲུབ་བྱུང་ཡོད། རྒྱས་པར་གཟིགས་་ | |
སྨན་རྩིས་ལས་སྣེ་བའི་ས་མིག་གསལ་བསྒྲགས། |
21.11.2023, 10:29 PM |
འགྲོ་ཕན་སྨན་རྩིས་ཁང་གི་ནབཱི་མུམ་བ་ཡི་ཡན་ལག་སྨན་ཁང་ཆེད་དུ་སྨན་རྩིས་ལས་སྣེ་བ་གཅིག་གི་ས་མིག་ཐོན་པར། ཆ་རྐྱེན་ལྡན་ཞིང་འཛུལ་འདོད་ཡོད་པའི་བོད་རིགས་སུ་རུང་ནས་འགེངས་ཤོག་འཐུས་ཚང་བཀང་སྟེ་ཡིག་ཆ་རྣམས་གློག་འཕྲིན་ hc@mentseekhang.org བརྒྱུད་འདི་ལོའི་ཟླ་ ༡༢ ཚེས་ ༢༡ མ་འགྱངས་བར་འབུལ་དགོས་པའི་གསལ་བརྡར། རྒྱས་པར་གཟིགས་་ | |
གཞུང་བསྟེན་དགྲ་ལྷའི་གཙོ་བོ་གནས་ཆུང་ཆོས་རྒྱལ་ཆེན་པོའི་བཀའ་ལུང་ཕེབས་པ། |
27.10.2023, 6:48 AM |
ཕྱི་ལོ་ ༢༠༢༣ ཟླ་ ༡༠ ཚེས་ ༢༧ སྔ་དྲོ་དྷ་ས་གནས་ཆུང་གྲྭ་ཚང་དུ། རྗེས་ལོ་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་མཁན་འགྲོ་ཕན་སྨན་རྩིས་ཁང་དང་། བོད་མིའི་སྒྲིག་འཛུགས་ཀྱི་གཞུང་ཞབས་ཟུར་པ། སྐུ་སྲུང་ཟུར་པའི་མཐུན་ཚོགས་ནས་སྐུ་གསོལ་ཞུས་སྐབས། གཞུང་བསྟེན་དགྲ་ལྷའི་གཙོ་བོ་གནས་ཆུང་ཆོས་རྒྱལ་ཆེན་པོས་བཀའ་ལུང་འདི་ལྟར་ཕེབས་ཡོད། རྒྱས་པར་གཟིགས་་ | |
སྐབས་༡༧ རྗེས་ཀྱི་སྨན་པ་རྣམས་ལ་དེབ་སྐྱེལ་ལག་ཁྱེར་གནང་གཏན་འཁེལ་ཡོད། |
26.10.2023, 6:17 AM |
ཕྱི་ལོ་ ༢༠༢༣ ཟླ་ ༡༠ ཚེས་ ༢༤ ཉིན་འགྲོ་ཕན་སྨན་རྩིས་ཁང་གི་སྤྱི་ཁྱབ་འགན་འཛིན་ཐུབ་བསྟན་ཚེ་རིང་མཆོག་གིས་བསྲིངས་པའི་རིག་གསལ་ཨང་ ༢༧༩ ནང་གསལ་ལྟར། རྒྱ་གར་སྲོལ་རྒྱུན་སྨན་གྱི་ལྷན་ཚོགས་ཀྱི་ཁྱབ་ཁོངས་ BUSS ཚོགས་ཆུང་ནས་ཕྱི་ལོ་༢༠༡༨ སྐབས་ ༡༧ རྗེས་ཀྱི་སློབ་ཐོན་སྨན་པ་རྣམས་ལ་དེབ་སྐྱེལ་ལག་འཁྱེར་གནང་གཏན་འཁེལ་ཡོད་པའི་གཏམ་བཟང་གི་གནས་ཚུལ་ཞིག་ཐོན་ཡོད། རྒྱས་པར་གཟིགས་་ | |
ཅན་ཌི་སྒར་ཡན་ལག་སྨན་ཁང་གནས་སྤོས་ཀྱིས་དབུ་འབྱེད་མཛད་སྒོ། |
05.10.2023, 12:15 AM |
ཕྱི་ལོ་ ༢༠༢༣ ཟླ་ ༩ ཚེས་ ༣༠ ཉིན་པན་ཇཱཔ་དང་ཧརཡཱཎཱ་མངའ་སྡེ་གཉིས་ཀྱི་ཟུང་སྦྲེལ་རྒྱལ་ས་ཅཎྜཱི་གཌྷ་(Chandigarh)རུ་འགྲོ་ཕན་སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་དེ་བཞིན་ས་གནས་གསར་པ་ཞིག་ཏུ་གནས་སྤོས་ཀྱིས་དབུ་འབྱེད་མཛད་སྒོ་སྟབས་བདེ་ཞིག་ཚོགས་གནང་ཡོད། དེ་ཡང་ས་གནས་ཡུལ་མི་སྐུ་ཞབས་དྷརྨ་པཱལ་གུཔྟཱ་ལགས་དང་། ཁོང་གི་ནང་མི་རྣམས་ནས་་ རྒྱས་པར་གཟིགས་་ | |
འཕྲོད་བསྟེན་བལྟ་སྐྱོང་ཆེད་ལས་ཀྱི་དེབ་སྐྱེལ་ལས་གཞི་དབུ་འཛུགས་ཞུས། |
29.09.2023, 4:13 AM |
ཕྱི་ལོ་ ༢༠༢༣ ཟླ་ ༩ ཚེས་ ༢༨ རེས་གཟའ་ཕུར་བུའི་ཉིན་འགྲོ་ཕན་སྨན་རྩིས་ཁང་གི་ཚོགས་ཁང་དུ། རྒྱ་གར་སྲོལ་རྒྱུན་སྨན་ལུགས་ཀྱི་བཟང་སྤྱོད་དང་དེབ་སྐྱེལ་ལྷན་ཚོགས་ནས་ཨཱཡུཥམཱན་བྷཱརཏ་ཌིཇིཊལ་མིཤན་འོག་ཏུ་བོད་ཀྱི་གསོ་རིག་སྨན་པ་རྣམས་ལ་འཕྲོད་བསྟེན་བལྟ་སྐྱོང་ཆེད་ལས་དེབ་སྐྱེལ་གྱི་ལས་གཞི་ཞིག་དབུ་འཛུགས་ཞུས་གནང་སོང་། རྒྱས་པར་གཟིགས་་ | |
ཧིན་སྒོར་འབུམ་ ༢༥ ཞལ་འདེབས་གནང་། |
21.09.2023, 12:47 AM |
འགྲོ་ཕན་སྨན་རྩིས་ཁང་གི་སྨན་པ་ཟུར་པ་ཡར་འབྲོག་གམ་པ་སྤྲུལ་འཁོར་སྨན་པ་སྐལ་བཟང་དོན་ལྡན་ལགས་ཀྱིས་འདི་ལོའི་ཟླ་ ༩ པའི་བདུན་ཕྲག་གསུམ་པའི་ནང་། འགྲོ་ཕན་སྨན་རྩིས་ཁང་གི་མ་དངུལ་ཆེད་དུ་ཧིན་སྒོར་འབུམ་ཉི་ཤུ་རྩ་ལྔ་(༢,༥༠,༠༠༠༠)ཞལ་འདེབས་གནང་བར་འགྲོ་ཕན་སྨན་རྩིས་ཁང་གི་ལས་བྱེད་ཡོངས་ཀྱི་ཚབ་ཞུས་ཏེ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ། རྒྱས་པར་གཟིགས་་ | |
ལས་བྱེད་འདེམས་བསྐོ་སྲིད་བྱུས་ལ་འགྱུར་བ་བཏང་། |
18.09.2023, 4:10 AM |
འགྲོ་ཕན་སྨན་རྩིས་ཁང་དུ་དེ་སྔ་ལས་བྱེད་ཐོག་མར་འདེམས་བསྐོ་བྱེད་སྐབས། གལ་ཏེ་མཆིན་ནད་དུག་ཐབས་སོགས་འགོས་ནད་རིགས་ཡོད་ན། ལས་ངོར་བསྐོ་གཞག་མ་བྱས་པར་ཆོད་གན་དུ་འཇོག་སྲོལ་སྲིད་བྱུས་ཡོད་པ་དེར་བསྐྱར་ཞིབ་ཀྱིས། ད་ཆ་སྨན་སྦྱོར་ཁང་སོགས་བཟོ་སྐྲུན་སྡེ་ཚན་རིགས་འགའ་ཞིག་མ་གཏོགས་གཞན་ལས་རིགས་ཁག་ཏུ་ལས་ངོར་བསྐོ་གཞག་བྱ་རྒྱུ་སྲིད་བྱུས་གཏན་འབེབས་ཟིན་སྐོར་སྤྱི་ཁྱབ་འགན་འཛིན་མཆོག་གིས་གསལ་བསྒྲགས་སྤེལ། རྒྱས་པར་གཟིགས་་ | |
ཉམས་ཞིབ་ལས་རོགས་ཤིག་གི་ས་མིག་གསལ་བསྒྲགས། |
13.09.2023, 4:57 AM |
འགྲོ་ཕན་སྨན་རྩིས་ཁང་གི་ནད་བཅོས་ཉམས་ཞིབ་སྡེ་ཚན་དུ་ཉམས་ཞིབ་ལས་རོགས་ཀྱི་ས་མིག་སྟོང་པ་གཅིག་འཐོན་ཡོད། དེར་ཆ་རྐྱེན་ལྡན་པའི་བོད་རིགས་རང་ལོ་ ༡༨ ནས་ ༤༥ བར་འཛུལ་ཞུགས་བྱ་འདོད་ཡོད་པ་ཕོ་མོ་གང་རུང་ནས་ཕྱི་ལོ་ ༢༠༢༣ ཟླ་ ༡༠ ཚེས་ ༡༡ འགྱངས་མེད་འགེང་ཤོག་དག་འཐུས་ཚང་བཀང་ནས་དུས་ཐོག་འབུལ་དགོས་པའི་གསལ་བསྒྲགས་སུ། རྒྱས་པར་གཟིགས་་ | |
དཔལ་ལྡན་སྲིད་སྐྱོང་མཆོག་སྨན་རྩིས་ཁང་དུ་འཚམས་གཟིགས་གནང་། |
08.09.2023, 1:36 AM |
ཕྱི་ལོ་ ༢༠༢༣ ཟླ་ ༩ ཚེས་ ༧ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་མཆོག་བཞུགས་སྒར་ཁུལ་གྱི་བོད་མིའི་སྡོད་གནས་ཁག་དང་། མགོན་སྡེ་གྲྭ་ཚང་། ཤེས་ཡོན་བསྟི་གནས་ཁང་སོགས་སུ་ཉིན་བཞིའི་རིང་འཚམས་གཟིགས་ལ་ཕེབས་པའི་མཛད་འཆར་བཞིན། འདི་ག་འགྲོ་ཕན་སྨན་རྩིས་ཁང་དུ་ཕེབས་ཏེ་སྨན་ཁང་དབུ་འབྱེད་དང་རིག་གཞུང་སྡེ་ཚན་ཁག་ལ་འཚམས་གཟིགས་གནང་ཡོད། རྒྱས་པར་གཟིགས་་ | |
ཡུ་རོབ་རྒྱལ་ཁབ་བཞི་རུ་སྨན་རྩིས་སྐོར་སྐྱོད་ལེགས་གྲུབ། |
14.08.2023, 2:13 AM |
ཕྱི་ལོ་ ༢༠༢༣ ཟླ་ ༥ ཚེས་ ༢༤ ནས་ཟླ་ ༦ ཚེས་ ༢༧ བར་ཉིན་གྲངས་སོ་ལྔའི་རིང་འགྲོ་ཕན་སྨན་རྩིས་ཁང་གི་སྨན་རམས་པ་པ་སངས་དོན་གྲུབ་ལགས་དང་། སྐར་རྩིས་པ་བསྟན་འཛིན་བློ་ལྡན་ལགས། སྣེ་ཁྲིད་པ་བསམ་མཁར་བསོད་ནམས་སྟོབས་རྒྱལ་ལགས་བཅས་མི་སྣ་གསུམ་ཡུ་རོབ་རྒྱལ་ཁབ་བཞིའི་ནང་གི་གྲོང་ཁྱེར་བརྒྱད་དུ་སྨན་རྩིས་སྐོར་སྐྱོད་ལ་ཕེབས་ཡོད། རྒྱས་པར་གཟིགས་་ | |
ྋསྐྱབས་རྗེ་ཀིརྟི་རིན་པོ་ཆེའི་འཁྲུངས་སྐར་ཉིན་སྨན་སྦྱིན་གནང་། |
11.08.2023, 5:04 AM |
ཕྱི་ལོ་ ༢༠༢༣ ཟླ་ ༨ ཚེས་ ༨ ཉིན་ྋསྐྱབས་རྗེ་ཀིརྟི་རིན་པོ་ཆེ་བློ་བཟང་བསྟན་འཛིན་འཇིགས་མེད་ཡེ་ཤེས་ཕུན་ཚོགས་མཆོག་དགུང་གྲངས་གྱ་གཅིག་ལ་ཕེབས་པའི་སྐུའི་འཁྲུངས་ཚེས་ཉིན། ཀིརྟིའི་དགེ་རྩ་ཚོགས་པ་དང་། ཀིརྟི་བྱེས་པ་གྲྭ་ཚང་གི་བླ་སྤྲུལ་བཅས་ཐུན་མོང་ནས་ཉིན་བདུན་གྱི་སྨན་སྦྱིན་བཏང་གནང་ཡོད། རྒྱས་པར་གཟིགས་་ |
<< པར་ངོས་སྟེང་མ། | ཤོག་ངོས། 16-30 བར། སྡོམས་ཤོག་ངོས། 252 | པར་ངོས་འོག་མ། >> |