སྨན་རྩིས་དྲ་བ། - མདུན་ངོས།

སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 29.03.2013
མདུན་ངོས། >> གསར་འགྱུར།

 

དབུས་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ།


བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ལྔ་བཅུ་ང་གཉིས་འཁོར་བའི་དུས་དྲན་བསྲུང་བརྩི་དེ་ཕྱི་ལོ་  ༢༠༡༣། ཟླ་ ༣། ཚེས་ ༢༣ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༠།༣༠ སྟེང་། བཞུགས་སྒར་དབུས་སྨན་རྩིས་ཁང་གི་མཐོ་སློབ་ཚོཊ་ཁང་དུ་ཚོགས་པ་དང་ཉིན་དེར་མཛད་སྒོའི་སྐུ་མགྲོན་གཙོ་བོ་མཆོག་ནི་རྒྱ་གར་ཚེ་ཡི་རིག་བྱེད་ཀྱི་སློབ་སྟོན་པ་སྐུ་ཞབས་ཨེས་ཀེ་ཤརྨྰ་མཆོག་གཙོས་ས་གནས་འབྲེལ་ཡོད་རྒྱ་གར་བའི་གནད་ཡོད་མི་སྣ་ཁག་ཅིག་དང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་དྲུང་ཆེ། བོད་ཀྱི་གསོ་བ་རིག་པའི་ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་ཚོགས་གཙོ། སྐུ་བཅར་སྨན་པ་རྣམ་པ།  བདེ་ལེགས་ཁང་སྨན་དང་། གཞུང་འབྲེལ་མིན་པའི་ཚོཊ་པ་ཁག་གི་སྐུ་ཚབ་དང་སྨན་རྩིས་ཁང་གི་སྨན་པ། ལས་བྱེད་པ། གསར་འགོད་པ། དེ་བཞིན་སློབ་ཕྲུག་བཅས་ཁྱོན་མི་གྲངས་ ༢༠༠ ལྷག་ཙམ་འདུ་འཛོམས་གནང་ཡོད།

སྨན་རྩིས་ཁང་ནི་ཕྱི་ལོ་ ༡༩༡༦ ལོར་བོད་ཀྱི་རྒྱལ་ས་ལྷ་སར་ྋརྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་ཐུབ་བསྟན་རྒྱ་མཚོ་མཆོག་གིས་ཐུགས་བསྐྱེད་བླ་ན་མེད་པའི་འོག་ྋརྒྱལ་བའི་ྋབླ་སྨན་མཁས་དབང་མཁྱེན་རབ་ནོར་བུ་མཆོག་གིས་དེ་སྔ་ྋརྒྱལ་མཆོག་ལྔ་པ་ཆེན་པོའི་སྐབས་མི་དབང་སྡེ་སྲིད་སངས་རྒྱས་རྒྱ་མཚོ་མཆོག་གིས་ཕྱག་བཏབ་པའི་ལྕགས་རི་རིག་བྱེད་གླིང་གི་སྲོལ་རྒྱུན་དྲི་མ་མེད་པ་དེ་ཉིད་མི་ཉམས་རྒྱུན་འཛིན་དང་ཡར་རྒྱས་ཡོང་སླད་སྨན་རྩིས་འགྲོ་ཕན་གླིང་ཞེས་གསར་འཛུགས་གནང་ཡོད།  ཕྱི་ལོ་ ༡༩༥༩ ལོར་བོད་ས་ཡོངས་རྫོགས་རྒྱ་ནག་གི་དྲག་པོའི་དམག་གིས་བཙན་འཛུལ་བྱས་པར་བརྟེན་མཐར་བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་འཁྲིད་ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ྋརྒྱལ་བ་ཡིད་བཞིན་ནོར་བུ་སྐུ་ཡི་ཕྲེང་བ་བཅུ་བཞི་པ་ཆེན་པོ་མཆོག་གིས་གཙོས་པའི་དེ་སྔའི་བོད་གཞུང་དགའ་ལྡན་ཕོ་བྲང་དང་། བོད་མི་སྐྱབས་བཅོལ་བ་མང་དག་ཅིག་རྒྱ་གར་འཕགས་ཡུལ་དུ་རེ་ཞིག་སྐྱབས་བཅོལ་དུ་ཕེབས་དགོས་བྱུང་ཡང་རྒྱལ་བ་ཁོང་གིས་སྔར་གྱི་ཐུགས་བསྐྱེད་དང་ཚད་མེད་ཐུགས་རྗེའི་སྨོན་ལམ་གྱི་བཀའ་དྲིན་གྲིབ་བསིལ་འོག་སླར་ཡང་རང་གཞུང་དང་། སྐུ་ཚབ་དོན་གཅོད། དགོན་སྡེ། སློབ་གྲྭ། གཞིས་ཆགས། བཟོ་གྲྭ། གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སོགས་གསར་འཛུགས་གནང་བའི་འཁྲོད་བཞུགས་སྒར་རྡ་སར་བོད་གཞུང་སྨན་རྩིས་འདི་ཉིད་སླར་ཡང་ཕྱི་ལོ་ ༡༩༦༡ ལོར་གསར་འཛུགས་གནང་ཡོད།

མཛད་སྒོའི་ཐོག་དྷ་ས་དབུས་བོད་ཀྱི་སྨན་རྩིས་ཁང་གི་དབུ་འཛིན་ཕུ་རི་ཚེ་རིང་བཀྲ་ཤིས་མཆོག་གིས་གསུངས་པར། དུས་རབས་༨ པ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་སྐབས་བསམ་ཡས་གཙུག་ལག་ཁང་དུ་གསོ་བ་རིག་པའི་ཐོག་རྒྱལ་སྤྱིའི་རང་བཞིན་ལྡན་པའི་ཚོགས་ཆེན་ཐེངས་དང་པོ་འཚོགས་ཡོད་པ་དང་། དེའི་ནང་དུ་བོད་དང་། རྒྱ་གར། རྒྱ་ནག བལ་ཡུལ། སོག་ཡུལ། པར་ཤི་ཡ་སོགས་ཀྱི་སྨན་པ་གྲགས་ཅན་མཁས་པ་མང་པོ་གདན་འཛོམས་གནང་ཡོད་པའི་ཡི་ཆེས་བྱེད་ཀྱི་ཡོད། དེའི་རྗེས་སུ་གཡུ་ཐོག་ཡོན་ཏན་མགོན་པོས་བོད་ཀྱི་གསོ་རིག་གཞིར་བཞག་པའི་ཐོག་ལ་ལུགས་གཞན་གྱི་གསོ་བ་རིག་པའི་སྙིང་བཅུད་མཐའ་དག་ཕྱོགས་བསྒྲིགས་གནང་བ་མ་ཟད་དམ་པའི་ཆོས་ཀྱི་ལྟ་སྤྱོད་གཉིས་ཀྱང་ཡོངས་སུ་བླངས་ནས་དཔལ་ལྡན་རྒྱུད་བཞི་རྩོམ་སྒྲིག་མཛད་ཡོད་པ་དེ་ཉིད་དུས་དེང་སང་གི་བར་དུའང་སློབ་སྦྱོང་བྱེད་པའི་གཞུང་གཙོ་བོ་ཞིག་ཆགས་ཡོད།

མུ་འཐུད་ཁོང་གིས་གསུངས་དོན། སྨན་རྩིས་ཁང་གི་སྡེ་ཚན་གང་ཡོད་པ་རྣམས་ཀྱི་ད་བར་ལས་དོན་སྨིན་འབྲས་བྱུང་བ་རྣམས་འདིར་བརྗོད་འདོད་མ་མཆིས་ཀྱང་སྨན་རྩིས་ཁང་གི་དགེ་རྩའི་ལས་གཞི་སྐོར་ཞུ་འདོད་བྱུང་། བོད་མིའི་སྒྲིག་འཛུགས་ཀྱི་མཛད་འཆར་ཐད་ལོ་རེར་ཧིན་སྒོར་ས་ཡ་ ༣ ནས་ ༦ བར་འབུལ་བཞིན་ཡོད། དེ་བཞིན་དགེ་རྩའི་ལས་རིམ་གཞན་ལ། བོད་མི་ཉམ་ཐག་དང་། ན་ཚོད་རེ་ལྔ་བརྒལ་ཟིན་པའི་རྒན་གྲས། སློབ་ཕྲུག  གྲྭ་བཙུན། གཞུང་ཞབས་ལས་བྱེད། གསར་འབྱོར་བ་རྣམས་ལ་སྨན་སྦྱིན་དང་ཕྱེད་བཅག་བཏང་དང་གཏོང་བཞིན་ཡོད། ལོ་འདིའི་རྩིས་ཁྲ་གཞིར་བཟུང་བྱས་ན་དགེ་རྩའི་ལས་འཆར་ཐོག་ལ་ཧིན་སྒོར་ས་ཡ་ ༢༢ ལྷག་ཙམ་བཏང་ཡོད། འདིའི་ནང་ྋགོང་ས་སྐྱབས་མགོན་ཆེན་པོས་གསུང་ཆོས་བཀའ་དྲིན་སྩལ་བའི་སྐབས་དད་ལྡན་ཆོས་ཞུ་བ་སྐྱ་སེར་དང་མི་རིགས་དབྱེར་མེད་རྣམས་ལ་ཕན་རླབས་སྒྲུབ་སླད་བོད་སྨན་ཐོག་ནས་རིན་མེད་བརྟག་དཔྱད་སྨན་བཅོས་ཞུ་བ་དང་། འདས་ལོ་ཀརྣྰཊཀ ལེཧ། སྰརནྰཐ་བཅས་སུ་རིན་མེད་བརྟག་དཔྱད་སྨན་བཅོས་ཞུས་ཡོད།  ང་ཚོའི་ཡན་ལག་སྨན་ཁང་གྲངས་ང་ལྔ་ཡོད་པ་རྣམས་ལས་ཕལ་ཆེ་བས་ཟླ་རེ་ཐེངས་གཉིས་ཙམ་སྐོར་བསྐྱོད་དུ་འགྲོ་བཞིན་ཡོད། རྒྱ་བལ་གཉིས་ཀྱི་བོད་མིའི་གཞི་ཆགས་པ་གང་གིས་ཀྱང་བོད་སྨན་བསྟེན་འདོད་ཡོད་ན་ཡན་ལག་སྨན་ཁང་གི་མཐུན་རྐྱེན་སྦྱར་ཡོད།

རིན་མེད་ཐོག་ནས་སྨན་སྦྱིན་གཏོང་དགོས་པའི་ས་གནས་མང་པོ་ཡོད་པའི་དབང་གིས་ས་གནས་དེ་དག་ཏུ་དབུས་སྨན་རྩིས་ཁང་འཛིན་སྐྱོང་ནས་ཟླ་བ་འཆར་ཅན་དངུལ་གཏོང་བཞིན་ཡོད། སྨན་སྦྱིན་གཏོང་དགོས་པའི་ཉམ་ཐག་ནད་པ་ཇི་སྲིད་བར་གནས་པ་དེ་སྲིད་དུ་སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་བྱེ་བྲག་པ་དེ་ཚོ་ལ་དངུལ་གྱི་གྱོང་གུད་ཡོད་ཀྱང་རྒྱུ་མཚན་དེ་ལ་བསྙད་ནས་སྨན་ཁང་རྩ་བ་ཉིད་ནས་སྒོ་རྒྱག་རྒྱུ་མིན། དེ་ནི་སྤྱི་ཚོགས་ཞབས་ཞུའི་དམིགས་ཡུལ་གཞི་རྩར་བཟུང་ནས་ཐག་གཅོད་བྱས་པ་ཞིག་ཡིན། སྤྱིར་བཏང་ཆ་ནས་ཧིན་སྒོར་ས་ཡ་གཅིག་དང་ཕྱེད་ལྷག་ཡན་ལག་སྨན་ཁང་དེ་དག་ལ་གཏོང་བཞིན་ཡོད་ཀྱང་གྱོང་གུད་ཡིན་པའི་ཚོར་སྣང་འཆར་ཀྱི་མེད་པ་དེ་ནི་ང་ཚོས་ལྷག་བསམ་དག་པས་སྤྱི་ཚོགས་ཞབས་ཞུ་གཡོ་མེད་སྒྲུབ་འདོད་ཡོད་པའི་དབང་གིས་ཡིན། ཡན་ལག་སྨན་ཁང་དེ་དག་ནི། ཇས་པ། ཏ་པོ། ཊུ་ཊིན། ཏི་ཛུ། མིའོ། མེནཔཌ་དང་། བྷན་ཌྰ་ར་ཡན་ལག་སྨན་ཁང་བཅས་ཡིན།

འབྱུང་འགྱུར་ལོར་རྒྱ་གར་གྱི་མངའ་སྡེ་རྰཇསྠྰན་གྱི་ཇཡཔུར་དང་། བིཧྰར་གྱི་པཊནྰ། ཅཾཌྰིགཌྷ། གུབྰཧྰཊི་སོགས་སུ་ཡན་ལག་སྨན་ཁང་གསར་འཛུགས་གནང་རྒྱུ་རེད། དེ་བཞིན་ཉེ་ལམ་གསར་དུ་རང་བཙན་ཐོབ་པའི་རྒྱལ་ཁབ་ཁག་ཏུ་སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་འགའ་ཞིག་གསར་འཛུགས་བྱ་རྒྱུའི་འཆར་གཞི་ཡོད། གཞན་ཡང་ཡར་ཐོན་ཅན་གྱི་རྒྱལ་ཁབ་ཁག་ཏུ་ལས་གཞི་རྒྱ་བསྐྱེད་གཏང་རྒྱུ་ཡིན།

འགན་འཛིན་མཆོག་གིས་དེ་བཞིན་སྨན་རྩིས་ཁང་དང་འབྲེལ་ཡོད་རྣམས་ལ་ད་ལྟ་ནས་གནས་དོན་མང་པོ་ཞིག་ལ་དོ་སྣང་དང་དོགས་ཟོན་བྱེད་དགོས་པས་བསྐུལ་མ་འདི་ལྟར་གནང་ཡོད། ཇི་ལྟར་ྋགོང་ས་སྐྱབས་མགོན་ཆེན་པོས་བླ་ན་མེད་པའི་ལམ་སྟོན་དང་བཀའ་ཕེབས་པ་བཞིན་སྨན་རྩིས་ཁང་ནས་བཀའ་གསུང་ཅི་སྒྲུབ་ཞུ་མུས་སུ་ཡོད་ཀྱང་ང་ཚོས་ཤེས་དགོས་པ་ཞིག་ལ་ཕྱིའི་ནུས་ཤུགས་ཁག་ཅིག་གིས་སྔར་ལས་ལྷག་པའི་སྒོ་ནས་སྨན་རྩིས་ཁང་ལ་གནོད་པའི་བྱ་གཞག་སྤེལ་བཞིན་ཡོད། གང་ཟག་སྤྱོད་ཚུལ་མ་རབས་ཐ་ཤལ་བ་འགའ་ཞིག་གིས་ཚུལ་མིན་ཁྲིམས་འགལ་ཐོག་ནས་སྨན་རྩིས་ཁང་གི་མཚན་བེད་སྤྱོད་བྱེད་བཞིན་ཡོད་པ་རྣམས་གསལ་སྟོན་བྱས་ནས་ཁྲིམས་ཐོག་གི་ལས་འགུལ་སྤེལ་དགོས་པ་ཡིན། འདིའི་ལས་འགན་གཙོ་བོ་ཕྲན་ལ་ཡོད་ལ་ཁོ་བོའི་དུས་ཡུན་མང་པོ་ཞིག་སྨན་རྩིས་ཁང་གི་མཚན་མཐོང་སྲུང་སྐྱོབ་ལ་གཏོང་དགོས་འདུག །

ཉེ་ལམ་ཨ་རིར་ྋགོང་ས་སྐྱབས་མགོན་ཆེན་པོའི་གསུང་བཤད་གྲུབ་རྗེས་བུད་མེད་ཅིག་གིས་ཞུ་གསོལ། ྋགོང་ས་མཆོག་དེ་རིང་ཁྱེད་ཀྱི་མཛད་སྒོའི་ཐུགས་བྲེལ་ཧ་ཅང་ཆེན་པོ་ཡོད་ཀྱང་སྔ་དྲོ་བཞིན་དུ་ཉིན་རྒྱབ་ཀྱི་བཞིན་མདངས་ཀྱང་དྭངས་གསལ་གནས་ཐུབ་པའི་གསང་བ་གང་ལགས་ཞེས་ཞུས་པའི་ལན་དུ་མགོན་པོ་མཆོག་གིས་ཉིད་ཀྱི་ཞལ་མལ་བཟུང་གནང་ནས་བོད་སྨན་གྱི་བཀའ་དྲིན་རེད་ཅེས་ཐུགས་དགྱེས་ཚོར་དང་བཅས་ལན་འདེབས་གནང་ཡོད།

ཉིན་དེ་རང་ལ་བོད་ཀྱི་དུས་བབ་ཀྱི་དྲ་རྒྱ་ནང་དུ་དེ་འབྲེལ་གནས་ཚུལ་ཐོན་ཡོད་པ་ནི། འགན་འཛིན་ཚེ་རིང་བཀྲ་ཤིས་ལཊ་ཀྱིས་མུ་མཐུད་དུ། བར་ལམ་ནས་མང་པོ་ཞིག་ལ་བོད་སྨན་རྒྱ་གར་གཞུང་གིས་ངོས་ལེན་བྱས་འདུག་ཟེར་ནས་དགའ་སྤྲོ་ཆེན་པོ་སྐྱེས་ཡོད་རུང་། དོན་དངོས་ཐོག་རྒྱ་གར་གཞུང་གིས་ཁྲིམས་ཐོག་ཏུ་རྒྱ་གར་གནའ་རབས་གསོ་བ་རིག་པ་ཞེས་པ་ལས་བོད་སྨན་གྱི་ངོ་བོའི་སྟེང་མིང་བཏཊ་མེད་ཅིང་། མིང་དེ་ལྟར་བཏགས་པ་དེའི་ཐོག་ནས་ལ་དྭཊ་དང་ འབྲས་ལྗོངས། གར་ཤཱ། སྦེལ་ཏི་སོཊ་བོད་དང་རིག་གཞུང་གཅིག་པའི་རྒྱ་གར་མི་སེར་ཚོར་ཕན་ཐོཊ་ཆེན་པོ་བྱུང་ཡོད་ལ། མ་གཞི་བྱེད་ལས་ཐོག་གསོ་བ་རིག་པ་དེ་བོད་སྨན་ཡིན་པ་ཁས་བླངས་ཚེ། ཐ་སྙད་ཐོག་བོད་དང་བོད་སྨན་གྱི་མིང་མ་བཏཊ་ཀྱང་དགོས་པ་དང་ཉེན་ཁ་ཆེར་མེད་མོད། རྒྱ་གར་གཞུང་གིས་བོད་སྨན་སྡེབ་སྦྱོར་དང་སྨན་རྩ་བསྡུ་རུབ་སོཊ་སྨན་རྩིས་ཁང་གི་ཁྱབ་ཁོིངས་ནས་ཡིན་པར་ངོས་ལེན་གནང་དཀའ་བ་དང་། ལྡི་ལིའི་རྒྱ་གར་འབྲེལ་ཡོད་མགོ་ཁྲིད་ཁག་ཅིག་གིས་གསོ་བ་རིག་པ་དང་བོད་སྨན་ལ་ཁྱད་པར་ཡོད་པའི་ངོས་འཛིན། ཧི་མ་ལ་ཡའི་རི་རྒྱུད་མི་རིཊ་ཚོ་ཡང་གོང་ས་མཆོག་ལ་དད་པ་ཡོད་ཀྱང་། སོ་སོ་རྒྱ་གར་མི་སེར་ཡིན་པའི་ཐོག་ནས་བོད་སྨན་དེ་རྒྱ་གར་གནའ་རབས་གསོ་བ་རིག་པར་ཁྲིམས་མཐུན་ངོས་ལེན་གནང་བཅུག་པ་དེས། གསོ་བ་རིག་པའི་མིང་ཐོག་ནས་ཧི་མ་ལ་ཡའི་མི་རིགས་ཚོར་རོཊ་དངུལ་མང་པོ་རག་སྲིད་ཀྱང་། བོད་སྨན་རང་སྟེང་ནས་ངོ་བོ་སྲུང་སྐྱོབ་དང་དར་སྤེལ་བྱ་རྒྱུར་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་ཚུལ་སོགས་བརྗོད་བྱུང་། 

ཡང་ཁོང་གིས་འདས་པའི་མི་ལོ་ ༥༢ རིང་སྨན་རྩིས་ཁང་གིས་ཧི་མ་ལ་ཡའི་རི་རྒྱུད་མི་རིཊ་ཚོར་སློབ་སྦྱོང་སྤྲོད་རྒྱུ་དང་དགེ་རྒན་གཏོང་བ་སོཊ་རོཊ་རམ་གང་ཐུབ་བྱས་ཀྱང་། དེ་ལས་ལྡོག་སྟེ་ཁོང་ཚོས་རྒྱ་གར་གཞུང་དང་རྒྱལ་སྤྱིའི་ཐོག་འབྲེལ་བ་བྱས་སྐབས་གསོ་བ་རིག་པ་བོད་སྨན་མིན་སྐོར་ཅི་ཐུབ་ཀྱིས་སྒྲུབ་བཞིན་ཡོད་པ་དང་། བྱེད་སྟངས་དེ་ནི་གོ་སྐབས་ཤིག་ཡིན་པ་མ་ཟད་ཉེན་ཁ་ཞིག་ཀྱང་ཆཊ་ཡོད་པ། གོ་སྐབས་ནི་དེ་སྔ་བོད་སྨན་ལ་ཁྲིམས་ཐོག་ནས་ངོས་ལེན་མེད་ཀྱང་། མི་མང་པོ་ཞིག་གིས་ཧ་ཅང་དགའ་མོས་བྱེད་བཞིན་པའི་ཁར་རྒྱ་གར་གཞུང་གིས་ཀྱང་དམིཊ་བསལ་དགག་བྱ་གནང་མེད་ཅིང་། དེང་སྐབས་གསོ་བ་རིག་པ་དང་བོད་སྨན་གཉིས་མ་འདྲ་བའི་སྟེང་ནས་བོད་སྨན་ལ་ཁྲིམས་ཐོག་ཏུ་དམ་དྲག་བྱས་ན། སྨན་རྩིས་ཁང་གི་ལས་དོན་བྱེད་ཕྱོཊ་ལ་དོ་ཕོག་ཕྱིན་ཏེ་འཛིན་སྐྱོང་དཀའ་ངལ་འཕྲད་སྲིད་པ་དང་། གནས་སྟངས་དེའི་འོག་ནས་སྨན་རྩིས་ཁང་ཁྲིམས་ཐོག་ཏུ་འགྲོ་དགོས་སྲིད་པར་མ་ཟད། དཀའ་ངལ་དེ་ཆབ་སྲིད་དཀའ་རྙོག་ཅིག་ཏུ་མི་འགྱུར་བའི་ངེས་པ་མེད་པ། ཉེ་སྔོན་ཁོང་གཞུང་དོན་ཆེད་ལྡི་ལིའི་རྒྱ་གར་དབུས་ལས་ཁུངས་ཤིག་ཏུ་བསྐྱོིད་སྐབས། རྒྱ་གར་དཔོན་རིཊ་ཞིག་གིས་ལས་ཀ་དེའི་རིཊ་སྨན་རྩིས་ཁང་དང་ཐད་ཀར་འབྲེལ་བ་བྱས་ན་ཏག་ཏག་བསྡད་མེད་པར། ལྡི་ལིའི་སྐུ་ཚབ་དོན་གཅོད་བརྒྱུད་དགོས་པའི་བཀའ་མོལ་གསུངས་བ་བཅས་ཀྱིས་དཀའ་ངལ་འཕྲད་མགོ་བཙུཊ་ཡོད་པ། གསོ་བ་རིག་པ་དང་བོད་སྨན་གཉིས་དོན་གཅིག་མིང་གི་རྣམ་གྲངས་དང་། གསོ་བ་རིག་པ་ནི་བོད་ཀྱི་སྲོལ་རྒྱུན་རིག་གཞུང་གལ་ཆེན་ཞིག་ཆཊ་ཡོད་སྟབས། རྒྱ་གར་གྱི་རོཊ་དངུལ་གང་ཡང་མ་རག་ཀྱང་གསོ་བ་རིག་པ་རྒྱ་གར་གསོ་རིག་ཆ་ཤས་སུ་གྱུར་ན་མི་འགྲིག་པར། བོད་སྨན་རང་གི་ངོ་བོའི་ཐོག་བསྲེས་ལྷད་མེད་པར་སྲུང་སྐྱོབ་བྱས་ཐོག གཞིས་བྱེས་ལྷན་འཛོམས་བྱུང་སྐབས་གཞིས་ལུས་མི་དམངས་ཚོར་རྩིས་སྤྲོད་ཐུབ་རྒྱུ་ཧ་ཅང་གལ་ཆེན་ཡིན་སྐོར་སོགས་བརྗོད་བྱུང་། 

དེ་བཞིན་ཁོང་གིས་དེང་སྐབས་བལ་ཡུལ་དང་ལྷ་ས། ཧོང་ཀོང་སོགས་སུ་ངྷ་རམ་ས་ལའི་སྨན་རྩིས་ཁང་གི་རིན་ཆེན་རིལ་བུ་ཡིན་མདོག་གིས་རིན་ཆེན་རིལ་བུ་རྫུན་མ་ཚོང་འགྲེམས་བྱེད་མཁན་ཡོད་པའི་དོགས་པ་ཡོད་སྐོར་ཡང་ནན་བརྗོད་གནང་ཡོད། 

 

མཇུག་ཏུ་སྐུ་མགྲོན་གཙོ་བོ་ཨེས་ཀེ་ཤརྨྰ་མཆོག་གིས་གསུངས་དོན། ལོ་གཉིས་སྔོན་ལ་རྒྱ་གར་གཞུང་ནས་གསོ་བ་རིག་པ་འདི་གཞུང་འབྲེལ་སྨན་གྱི་ལམ་ལུགས་ཤིག་ཏུ་ངོས་ལེན་ཞུས་ཡོད། ངའི་བསམ་པར་གསོ་བ་རིག་པ་དང་བོད་ཀྱི་གསོ་བ་རིག་པ་གཉིས་གཅིག་ཡིན་ཀྱང་ཕལ་ཆེར་ཆབ་སྲིད་ཀྱི་གནད་དོན་དབང་གིས་མིང་དེ་གསོ་བ་རིག་པ་ཞེས་བཏགས་གནང་ཡོད། དེ་འདྲ་ཡིན་དུས་ཕྱག་ཁྱེར་འདི་གལ་ཆེན་པོ་ཆགས་ཡོད། ཕྱག་ཁྱེར་འདི་ལ་བརྟེན་ནས་རྒྱ་གར་གྱི་ས་གནས་གང་དུའང་གསོ་རིག་སྨན་གྱི་ལག་ལེན་བྱེད་ཆོག་ལ་གཞན་དུ་རྒྱ་གར་གཞུང་གི་ལས་ཀའང་ཐོབ་ཐུབ་ཀྱི་རེད།   ཁྱེད་རང་ཚོས་སྨན་རྩིས་ཟུང་འབྲེལ་ཡིན་པའི་ངོ་བོ་མ་བརླག་པར་ཉར་ཚགས་བྱེད་ཡོད་པ་འདི་ལ་ངས་འཚམས་འདྲི་ཞུ་རྒྱུ་ཡིན། ང་ཚོ་ཚེའི་རིག་བྱེད་ནང་དུ་སྨན་རྩིས་གཉིས་ཟུང་འབྲེལ་བྱེད་དགོས་པ་ཡིག་ཐོག་ཏུ་འཁོད་ཡོད་ཀྱང་ལག་ལེན་དངོས་ནང་བརླག་ཟིན་པ་རེད། དེ་བཞིན་ཁོང་གིས་ཚེའི་རིག་བྱེད་ཀྱི་སྨན་གཞུང་སུཤྲུཏ་ནང་དུ་གསོ་མི་རུང་བའི་ནད་པ། བརྟག་ཐབས། གསོ་ཚུལ་དང་། སྨན་པའི་ཀུན་སྤྱོད་སོགས་ཀྱི་སྐོར་གསུངས་གནང་སོང་།

དེ་བཞིན་མ་འོངས་པར་སྨན་རྩིས་མཐོ་སློབ་འདི་ནས་ཐོན་པའི་སློབ་གཉེར་བ་རྣམས་ཀྱི་ལག་ཁྱེར་རྒྱ་གར་རྒྱལ་ཡོངས་སུ་ཁྲིམས་མཐུན་ངོས་ལེན་བྱེད་ཐུབ་པར་བཟོ་དགོས་རྒྱུའི་ལམ་སྟོན་དང་། དེབ་སྐྱེལ་བྱེད་དགོས་པ་སོགས་ཀྱི་སྐོར་ལ་གསུང་བཤད་གནང་སོང་།

ཉིན་དེར་མཛད་སྒོའི་སྟེང་སྐུ་མགྲོན་གཙོ་བོ་མཆོག་གིས་སྨན་རྩིས་ཁང་གི་ལས་བྱེད་རྒན་གྲས་ཁག་ཅིག་ལ་ཞབས་ལོ་ ༢༠ དང་ ༣༠ འཁོར་བའི་ཆེ་བསྟོད་ཕྱག་ཁྱེར་དང་། སྨན་སློབ་སྐབས་བཅོ་ལྔ་པ་རྣམས་བསླབ་པ་མཐར་སོན་ནས་སྨན་པ་བཀའ་བཅུ་པའི་ཕྱག་ཁྱེར་དང་། དེ་བཞིན་སྨན་པ་སྐབས་བཅུ་གཅིག་པ་རྣམས་ལ་སྨན་རམས་པའི་ཕྱག་ཁྱེར་བསྩལ་ཡོད། དབུས་སྨན་རྩིས་ཁང་གི་དཔེ་དེབ་ཞིབ་འཇུག་དང་པར་སྐྲུན་སྡེ་ཚན་གྱིས་རྩ་ཆུའི་བརྟག་ཐབས་ཊྰིཀ་ཕྱོགས་བསྡུས་ཞེས་པའི་དཔེ་དེབ་གསར་པ་དབུ་འབྱེད་གནང་ཡོད།  མཐར་སྨན་རྩིས་མཁན་པོ་བླ་སྨན་མཁྱེན་རབ་ནོར་བུ་མཆོག་གིས་ལྗགས་རྩོམ་གནང་བའི་སྨན་རྩིས་བསྟན་རྒྱས་སྨོན་ལམ་དབྱངས་རྟ་སྙན་པོ་དང་བཅས་མཛད་སྒོ་ཡོངས་སུ་ལེགས་པར་གྲུབ་ཡོད་པ་རེད།།

མཐའ་མའི་འདོན་ཐེངས་།: 22.03.2014 ཉིན། 2:37 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།