སྨན་རྩིས་དྲ་བ། - གསོ་དཔྱད་རྒྱལ་པོའི་དཀོར་མཛོད།

ལེའུ་སོ་བརྒྱད་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 18.07.2019
གསོ་དཔྱད་རྒྱལ་པོའི་དཀོར་མཛོད། >>

ལེའུ་སོ་བརྒྱད་པ། ཁྲག་ཆོད་ཆེན་པོའི་གདམས་ངག

ཨོཾ་སྭསྟི་སིདྡྷཾ། ཨོཾ་ཨཱཿཧཱུྃ། བཅོམ་ལྡན་འདས་སྨན་གྱི་བླ་ལ་ཕྱག་འཚལ་ལོ། །ཁྲག་ཆོད་ཆེན་པོའི་གདམས་པ་ལ། ཚེའི་རྩ་བ་དང་ལོ་མར་བཅས་པ་བརྡུངས་ལ་ཤམ་པ་ལ་བཙོ། ཁུ་བ་ལོགས་སུ་བཞུར་ཞིང་ཁཎྜར་བསྡུ། དེ་ལ་ཚོས་སྤར་གང་དང་། ཞུ་མཁན་སྤར་གང་ཞིབ་པར་བཏགས་ལ་བླུགས། སྐ་ལྡོག་སོང་བ་དང་། ངད་མ་ཡལ་བ་དོམ་མཁྲིས་དང་། ཤིང་ཚ་ཞིབ་པར་བཏགས་ལ། དེ་ནས་རི་ལུ་བྱས་སྟེ། བུ་རམ་ལ་རྟ་བྱས་ལ་གཏང་། གཅིག་གིས་མ་ཆོད་ན་གཉིས་ནས་གསུམ་གྱི་བར་དུ་གཏང་ངོ་། །དེ་ནས་རྨ་གང་དུ་བྱུང་ཡང་ཁྲག་ཆོད་དོ། །སྣ་ཁྲག་མི་ཟད་པ་ཡང་ཆོད་དོ། །ངེས་པའོ། །གློ་བུར་དུ་སྦྱོང་ན་ཚེའི་ཁཎྜ་ཁྱོར་གང་གི་སྨན་བཏབ་ལ་ཁོང་དུ་གཏང་བས་ཆོད་ངེས་སོ། །ཡང་སྣ་ཁྲག་གཅོད་པའི་ལུགས་གཅིག་ལ། དོམ་མཁྲིས། ཤིང་ཚ། ཧོང་ལེན། ཆགས་མ། བཙོད། གུར་གུམ། དེ་རྣམ་བུ་རམ་ལ་རྟ་བྱས་ལ་ཁོང་དུ་གཏང་བས་རྨའི་ཁྲག་དང་། སྣའི་ཁྲག་དང་། མངལ་ཁྲག་མི་ཟད་པ་དང་། རྩ་ཆེན་པོ་ཆད་པའི་ཁྲག་ཐམས་ཅད་འཆད་པར་ངེས་སོ། །རྡོ་འདོན་ན་ཡང་ཞར་ལ་སྨན་ཟ་རུ་བཅུག་པས་ཟན་ལ་བཟོ་བྱེད་པ་ལྟ་བུ་འབྱུང་ངོ་།། །།

 

མཐའ་མའི་འདོན་ཐེངས་།: 18.07.2019 ཉིན། 2:48 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།