སྨན་རྩིས་དྲ་བ། - མན་ངག་ལྷན་ཐབས།

ལེའུ་སོ་དྲུག་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 10.11.2020
མན་ངག་ལྷན་ཐབས། >>

                                                   

ལེའུ་སོ་དྲུག་པ། གཉན་རིམས་རྨེན་བུ་བཅོས་པ།

གཉན་རིམས་ཚིགས་ལ་བབས་པ་རྨེན་བུའི་ནད། །རྒྱུ་རྐྱེན་གནས་ས་བཅོས་ཐབས་བཞི་ཡིས་བསྟན། །རྒྱུ་ནི་གཉན་ཚད་སྤྱི་དང་འདྲ་བ་ལ། །རྐྱེན་ནི་དྲག་ཤུལ་སོགས་ཀྱིས་རླུང་ཁྲག་འཁྲུགས། །དེ་དག་ཚིགས་སུ་འབབ་པར་བཤད་ནའང༌། །ཕལ་ཆེར་སྐེ་མཇིང་མིག་ཟུར་སྣེ་ས་རུ། །སྐྲངས་པའི་མདོག་དང་ཆེ་ཆུང་སྲ་སྙི་དྲོད། །ཟུག་གཟེར་སྨིན་པ་དཀའ་སླ་འཕེལ་འབྲི་སོགས། །སྣ་ཚོགས་འབྱུང་བས་རིགས་བརྒྱད་གསུངས་མོད་ཀྱང༌། གནས་དེར་ལྦ་བའམ་ཉུང་གཤེར་འཁྱགས་འདྲ་ཞིང༌། །ཡུན་གནས་འབབ་སའི་དབང་གིས་ངོ་ལེན་སླ། །འོན་ཀྱང་ལ་ལར་སེར་བ་རུས་ཞེས་པའི། །སྐྲངས་པོ་དེ་དང་འཁྲུལ་བས་བརྟག་པ་གཅེས། །བཅོས་ཐབས་སྨན་དཔྱད་ཟས་སྤྱོད་རྣམ་བཞི་སྟེ།  །སྨན་ནི་ཁོང་དུ་བྱ་ཁྱུང་ལྔ་པའི་སྟེང༌། །དངུལ་ཆུ་སྟག་ཤ་གུ་གུལ་སེང་ལྡེང་སྦྱར། །སིངས་པོས་འཕུལ་བཏང་ཕྱི་ནས་ཀླད་རུས་དག །ཚྭ་དང་སྟག་ཤ་འཛིན་པ་སྦྱར་ལ་བྱུག །མ་ཞི་སྟེང་དུ་མེ་ཡིས་ཚོས་པར་བསྲེག །འབམ་པོ་བྱ་བྲ་སྦང་མས་རྣག་ཏུ་འགུགས། །རྙིངས་ཤིང་རྒྱས་ནས་སྣུམ་འཆོས་དུགས་བྱ་གཅེས། །ཟས་སྤྱོད་གཉན་ཚད་སྤྱི་དང་མཐུན་པར་བཅོས། །མ་ཞི་གང་ཉེའི་རྩ་ལ་གཏར་བའམ། །ཟུག་མེད་འཕྱང་བ་བཅད་དམ་བཏོན་རྗེས་བསྲེག །ཅེས་བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་ཡོན་ཏན་རྒྱུད་ཀྱི་ལྷན་ཐབས་ཟུག་རྔུའི་ཚ་གདུངས་སེལ་བའི་ཀཏྤཱུ་ར་དུས་མིན་འཆི་ཞགས་གཅོད་པའི་རལ་གྲི་ཞེས་པ་ལས་གཉན་རིམས་རྨེན་བུ་བཅོས་པའི་ལེའུ་སྟེ་སོ་དྲུག་པའོ།།

 

མཐའ་མའི་འདོན་ཐེངས་།: 11.11.2020 ཉིན། 10:27 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།