སྨན་རྩིས་དྲ་བ། - མན་ངག་ལྷན་ཐབས།

ལེའུ་སོ་གསུམ་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 10.11.2020
མན་ངག་ལྷན་ཐབས། >>

                                                    

ལེའུ་སོ་གསུམ་པ། གཉན་རིམས་ཕོ་གླང་བཅོས་པ།

གཉན་རིམས་ཕོ་བར་བབས་པར་ཕོ་གླང་ཞེས། །དེ་ལ་རྒྱུ་རྐྱེན་རྟགས་བཅོས་བཞི་ཡིས་བསྟན། །རྒྱུ་ནི་གཉན་ཚད་སྤྱི་དང་འདྲ་བ་ལ། །རྐྱེན་ནི་མ་ཞུ་རྔུལ་གྲང་གདོན་ལས་འབྱུང༌། །དེ་རྟགས་ཕོ་བར་ཟུག་ཆེ་གྲིས་དཀྲུགས་འདྲ། །ཕོ་བ་སྒྲིམ་ལ་ཉྭ་འབྲོས་བ་སྤུ་ལྡོག །རྩ་ཡི་ཤེད་དང་རྣ་བའི་མཁྲང་ཉམས་ཤིང༌། །མིག་གི་གཟེ་མ་ཐུར་དུ་ཞོམ་པར་བྱེད། །བཅོས་ཐབས་སྨན་དཔྱད་ཟས་སྤྱོད་བཞི་ཡིས་བསྟན། །སྨན་ནི་དང་པོ་གར་ནག་བྲག་ཞུན་དང༌། །ཕུར་མོང་དྲེས་མའི་གེ་སར་ཐང་བཏང་བས། །འདི་ཉིད་ཁོ་ནས་ལམ་ནས་བཟློག་ཀྱང་སྲིད། །ཡང་ན་བྱ་ཁྱུང་ལྔ་པ་ (མཉམ་སྦྱོར་) ཚད་ལྡན་སྟེང༌། །རྒྱམ་ཚྭ་པི་ལིང་གསང་སྨན་མ་རུ་ཙེ། །ཐང་ཕྲོམ་འབྲུ་དང་གར་ནག་བྱི་ཏང་ག །ཕུར་ནག་ཁཎྜ་བཅས་པའི་སྦྱོར་བའི་ཚད། །མཐོང་བ་བརྒྱུད་པའི་ངག་ལས་ཉན་བྱས་པས། །ཕོ་བའི་གཉན་གླང་ནད་ལས་གྲོལ་བར་ངེས། །ཡང་ན་ཐང་རྗེས་བྱ་ཁྱུང་ལྔ་པའི་སྟེང༌། །ཐང་ཕྲོམ་བསྣན་བཏང་གཉན་གྱི་མགོ་ཆོགས་ནས། །རུ་རྟ་དྲུག་སྟེང་ཐང་ཕྲོམ་རྩ་བ་དང༌། །བྱི་ཏང་ག་དང་ཨ་རུ་གི་ཝཾ་བསྣན། །བྱང་ལུགས་ (ལྷུན་) རུ་རྟ་བཅུ་ཞེས་ལྟག་སྤྲད་བྱ། །མ་ཐུབ་དྲག་པོ་བཅུ་གསུམ་བཤལ་གྱིས་སྦྱང༌། །ཟས་སྤྱོད་གཉན་ཚད་སྤྱི་དང་སྦྱོར་བ་ཤིས། །ཞེས་བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་ཡོན་ཏན་རྒྱུད་ཀྱི་ལྷན་ཐབས་ཟུག་རྔུའི་ཚ་གདུང་སེལ་བའི་ཀཏྤཱུ་ར་དུས་མིན་འཆི་ཞགས་བཅོས་པའི་རལ་གྲི་ཞེས་པ་ལས་གཉན་རིམས་ཕོ་གླང་བཅོས་པའི་ལེའུ་སྟེ་སོ་གསུམ་པའོ།།

 

 

མཐའ་མའི་འདོན་ཐེངས་།: 11.11.2020 ཉིན། 10:19 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།