སྨན་རྩིས་དྲ་བ། - མན་ངག་ལྷན་ཐབས།

ལེའུ་ཞེ་ལྔ་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 10.11.2020
མན་ངག་ལྷན་ཐབས། >>

                                                        

ལེའུ་ཞེ་ལྔ་པ། གཉན་རིམས་འབར་འབུར་བཅོས་པ།

གཉན་རིམས་འབར་འབུར་ཞེས་སུ་གྲགས་པ་ནི། །ངོ་བོ་གཉན་རིམས་སྤྱི་དང་འདྲ་བ་ལས། །སྒེར་མེད་འདི་རུ་རྟགས་བཅོས་གཉིས་ཀྱིས་བསྟན། །རྟགས་ནི་ལུས་ཀྱི་སྟོད་སྨད་ངེས་མེད་དུ། །སྐྲངས་པོ་འབར་འབུར་འོང་ཞིང་ཟུག་གཟེར་ཆེ། །རེས་འགའ་གྲང་ཤུམ་བྱེད་ཅིང་རྩ་ཆུ་ཚ། །བཅོས་ཐབས་སྨན་དཔྱད་ཟས་སྤྱོད་རྣམ་བཞི་ལས། །སྨན་ནི་བྱུག་པ་མཐིང་ནག་ཁྲོས་པ་དང༌། །འབྲུག་ལྕེ་ལྕགས་ཀྱི་སྤྱང་ཀི་སྟག་ལག་ཅན། །གདོན་གཤེད་ཁྲོ་བོ་གྱི་ལིང་བདུད་རྩི་དང༌། །སེང་གེ་ལྕགས་རལ་ཅན་དང་ལྟེ་བའི་དྲི། །མཚན་མོའི་འོད་ཅན་འདོད་འཇོའི་བ་སྨུག་པོ། །དུག་གི་མེ་ཏོག་གཉན་འཇོམས་དཔའ་བོའི་ཀླད། །རྒྱལ་པོའི་སྙིང་ཁྲག་བཙུན་མོའི་མཆི་མ་རྣམས། །ཞིབ་བཏགས་ཨེ་ཀྲོས་རྟ་བྱས་ཁྱབ་པར་བྱུག  །ཡང་ན་ལྷོག་པའི་སྐབས་བཤད་བྱུག་སྨན་བསྟེན། །ཁོང་སྨན་བྱ་ཁྱུང་ལྔ་པ་ཚད་ལྡན་སྟེང༌། །དངུལ་ཆུ་མུ་ཟིའི་རྭ་དང་གུ་གུལ་གྱི། །མཆུ་དང་ཆུ་སེར་སྨན་གྱི་སྡེར་མོའི་ཚུལ། །བཟང་དྲུག་གཤོག་བཏགས་ལོ་བརྒྱད་དྲི་ཆུས་དབུལ། །འདི་ཡིས་འཇོམས་ཞེས་གོང་སྨན་པ་ཡི་ལུགས། །ཡང་ན་རྣག་ཏུ་བཀུག་ལ་སྨིན་ནས་བརྟོལ། །མ་ཐུབ་དྲག་པོ་བཅུ་གསུམ་བཤལ་གྱིས་སྦྱང༌། །ཟས་སྤྱོད་རྗེས་སྐྱོང་གཉན་ཚད་སྤྱི་བཞིན་དང༌། །མཇུག་ཏུ་འཁྱོགས་ན་དེ་ཡི་གཉེན་པོས་བཅོས། །ཞེས་བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་ཡོན་ཏན་རྒྱུད་ཀྱི་ལྷན་ཐབས་ཟུག་རྔུའི་ཚ་གདུང་སེལ་བའི་ཀཏྤཱུ་ར་དུས་མིན་འཆི་ཞགས་གཅོད་པའི་རལ་གྲི་ཞེས་པ་ལས་གཉན་རིམས་འབར་འབུར་བཅོས་པའི་ལེའུ་སྟེ་ཞེ་ལྔ་པའོ།།

 

མཐའ་མའི་འདོན་ཐེངས་།: 11.11.2020 ཉིན། 10:45 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།