སྨན་རྩིས་དྲ་བ། - མན་ངག་ལྷན་ཐབས།

ལེའུ་ཞེ་བཞི་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 10.11.2020
མན་ངག་ལྷན་ཐབས། >>

                                                  

  ལེའུ་ཞེ་བཞི་པ། གཉན་ནད་འཁྱམ་པོ་བཅོས་པ།

གཉན་ནད་འཁྱམ་པོ་ཉག་གཅིག་ཅེས་བྱ་བ། །ངོ་བོ་གཉན་ཚད་སྤྱི་དང་འདྲ་བ་ལ། །རྟགས་བཅོས་གཉིས་ལས་དང་པོ་དེ་རྟགས་ནི། །སྐེ་དང་ལྐོག་མ་མཇིང་པའི་ལྡེབས་སོགས་ལ། །སྒོ་ང་འདྲ་བའི་སྐྲངས་འབྱུང་རྐྱེན་ཕྲད་ན། །ཟུག་གཟེར་ཆེ་ལ་སྲོག་ལ་རྒོལ་བ་འབྱུང༌། །མ་ཕྲད་ཟླ་བ་འགོར་ནས་འབྲས་སུ་འགྱུར། །སྨན་པ་ཕལ་ཆེར་རྩ་ཕྲེང་ཁྲག་ཕྲེང་དང༌། སེ་ར་རུས་སོགས་མིང་འདོགས་དུ་མ་བྱེད། །བཅོས་པའི་ཐབས་ལ་སྨན་དཔྱད་ཟས་སྤྱོད་བཞི། །སྨན་ནི་ཁྱུང་ལྔའི་སྟེང་དུ་གུ་གུལ་བསྣན། །ཆེར་ཆེ་མཁས་པའི་ཁྱུང་དྲུག་འདི་རང་གཅེས། །ཕྱིར་འབྱུག་སེར་པོ་ཟབ་ལག་གཙོར་སྨོས་ལ། །ནུ་ཞོ་འཛག་པའི་བཙུན་མོ་མཛེས་མ་ལ། །ཆུ་རླུང་འཐབ་པའི་དཔའ་བོ་བསྐྱོན་བྱས་ལ། །བ་འོར་སྐྱོ་མ་ཙམ་བསྐོལ་ལུམས་སུ་གཞུག །ནད་རླངས་ཕྱིར་ཐོན་འབར་འབུར་བྱུང་ན་འཚོ། །མ་ཐུབ་དྲག་པོ་བཅུ་གསུམ་བཤལ་གྱིས་སྦྱང༌། །ཟས་སྤྱོད་ཕྱི་རྗེས་གཉན་ཚད་སྤྱི་དང་མཐུན། །ཞེས་བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་ཡོན་ཏན་རྒྱུད་ཀྱི་ལྷན་ཐབས་ཟུག་རྔུའི་ཚ་གདུང་སེལ་བའི་ཀཏྤཱུ་ར་དུས་མིན་འཆི་ཞགས་གཅོད་པའི་རལ་གྲི་ཞེས་པ་ལས་གཉན་ནད་འཁྱམ་པོ་བཅོས་པ་ལེའུ་སྟེ་ཞེ་བཞི་པའོ།།

 

མཐའ་མའི་འདོན་ཐེངས་།: 11.11.2020 ཉིན། 10:40 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།