སྨན་རྩིས་དྲ་བ། - མན་ངག་ལྷན་ཐབས།

ལེའུ་ཞེ་དྲུག་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 10.11.2020
མན་ངག་ལྷན་ཐབས། >>

                                               

 ལེའུ་ཞེ་དྲུག་པ། རྣ་ནད་ཕུས་འདེབས་བཅོས་པ།

གཉན་ནད་རྣ་རྩ་ཕུས་འདེབས་ཞེས་བྱ་བ། །ངོ་བོ་གཉན་རིམས་སྤྱི་དང་འདྲ་བ་ལས། །མེད་ཕྱིར་འདི་རུ་རྟགས་བཅོས་གཉིས་སུ་བསྡུས། །རྣ་སྦུགས་འཁྱུག་ལ་གཟེར་ཞིང་ཟ་འགྲམ་སྐྲངས། །རྩ་གྲིམས་ཆུ་དམར་དྲོད་ཆེ་རྩེ་ (ཕུས་འདེབས་ངོས་མ་ཟིན་ན་བར་རྟ་སྐྲངས་པ་སོགས་ནད་གཞན་དུ་འགྱུར་བས་ནན་ནས་བཅོས་སྒྲིམ་པའོ།) འདར་འབྱུང༌། །བཅོས་ཐབས་སྨན་སྔགས་དཔྱད་ཟས་སྤྱོད་ལམ་ལྔ། །སྨན་ནི་ཁོང་དུ་ཁྱུང་སྟེང་གུ་གུལ་དང༌། །སྟག་ཤ་དངུལ་ཆུ་མུ་ཟི་བསྣན་ལ་བཏང༌། །ཡང་ན་སྨན་ཆེན་བཞི་སྦྱོར་གང་འོས་ཤིས། །བྱུག་པ་ཟབ་ལག་ཅན་དང་བྲག་ཞུན་དང༌། །ཀྱི་ཧོང་སྟག་ཤ་དྲི་ཆུ་སྦྱར་ཏེ་བྱུག  །ཡང་ན་རང་བྱུང་གཉིས་དང་བོང་ང་ནག  །གུ་གུལ་སྟག་ཤ་ཤུ་དག་སྦྱར་བ་བྱུག །བཙན་དུག་སྲན་ཙམ་ཞིབ་བཏགས་ཆུར་སྦྱར་ལ། །ནན་ཏ་པ་ཡ་ཤ་ཕཊ་ཅེས་པའི། །སྔགས་ (ཉུང་མཐའ) སྟོང་བཏབ་པའི་ཐིགས་པ་རྣ་བར་བླུག །མ་ཕན་བྱ་ཁྱུང་ལྔ་པ་ཚད་ལྡན་སྟེང༌། །ཟ་འོག་བེར་གསོལ་རྩལ་ལྡན་རྒྱལ་པོ་ལ། །ནུ་ཞོ་འཛག་པའི་བཙུན་མོ་ཡིད་འོང་མ། །དུང་ཐོད་བཅིངས་པའི་བློན་པོས་ཁ་ལོ་བཅས། །དྲག་པོའི་ལམ་ནས་ཐུར་དུ་སྦྱང་བ་གཅེས། །ཟས་དང་སྤྱོད་ལམ་གཉན་ཚད་སྤྱི་བཞིན་ནོ། །ཞེས་བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་ཡོན་ཏན་རྒྱུད་ཀྱི་ལྷན་ཐབས་ཟུག་རྔུའི་ཚ་གདུང་སེལ་བའི་ཀཏྤཱུ་ར་དུས་མིན་འཆི་ཞགས་གཅོད་པའི་རལ་གྲི་ཞེས་པ་ལས་རྣ་ནད་ཕུས་འདེབས་བཅོས་པའི་ལེའུ་སྟེ་ཞེ་དྲུག་པའོ།།

 

མཐའ་མའི་འདོན་ཐེངས་།: 11.11.2020 ཉིན། 10:46 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།