སྨན་རྩིས་དྲ་བ། - མན་ངག་ལྷན་ཐབས།

ལེའུ་ཞེ་གཅིག་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 10.11.2020
མན་ངག་ལྷན་ཐབས། >>

       

ལེའུ་ཞེ་གཅིག་པ། གཉན་ནད་མཁྲིས་པ་རྩར་རྒྱུག་གམ། རྒྱ་ནད་མིག་སེར། ནག་པོ་གསུམ་འགྲིལ་སོགས་མིང་དུ་འབོད་པ་བཅོས་པ།

གཉན་རིམས་མཁྲིས་པ་རྩར་རྒྱུག་ཅེས་བྱ་འམ། །གཞན་དུ་རྒྱ་ནད་མིག་སེར་ཞེས་བྱ་བ། །ནག་པོ་གསུམ་འགྲིལ་ལ་སོགས་དོན་གཅིག་མིང༌། །ངོ་བོ་གཉན་ཚད་མཁྲིས་པར་བབས་པའི་རིམས། །འདི་རྒྱུ་གོང་དུ་བརྗོད་ལས་སྒེར་དུ་མེད། །འདི་རུ་རྐྱེན་རྟགས་སྲུང་བཅོས་བཞི་ཡིས་བསྟེན། །ནད་འདི་ཀླུ་བདུད་བྱང་སྨན་རྐྱེན་བྱས་པས། །མཁྲིས་ཚད་ཕྱི་རོལ་རྔུལ་གྱི་སྒོར་ཞུགས་ཏེ། །ནང་དུ་མཆིན་མཁྲིས་དོན་སྣོད་གཉིས་ལ་བབས། །རང་སར་མི་གནས་རྩ་མིག་ཀུན་ཏུ་རྒྱུག །ཡར་ལ་མགོ་དང་ཀླད་པར་བད་ཡུལ་འཕྲོག །མར་ལ་མཁལ་མ་རྒྱུངས་པར་ཆུ་ཡུལ་འཕྲོག །དོན་ལ་གློ་དང་སྙིང་ལ་རླུང་ཡུལ་འཕྲོག །ཕོ་ལོང་རྒྱུ་མ་སྣོད་དུ་མཁྲིས་ཡུལ་འཕྲོག །ཤ་ལྤགས་ཕྱིར་ཤོར་སྟོབས་དང་ཁ་དོག་འཕྲོག །མཇུག་ཏུ་མཁྲིས་གནས་རླུང་གིས་སྤྱད་བྱས་ནས། །རང་གནས་སྲོག་རྩར་འཆོར་བས་འཚོ་བ་ཉུང༌། །དེ་རྟགས་གྲང་ཤུམ་བྱེད་ཅིང་རྒྱུ་བ་ཞན། །རྩ་ནི་སྟོང་ལ་མྱུར་ཞིང་ཁོང་ན་འདར། །ཆུ་མདོག་དམར་སེར་ཉོག་ཅིང་ཁོང་ནས་ལོག །མགོ་དང་ཚིགས་གཞི་ན་ཞིང་ཟ་ཟི་འོང༌། །བར་དུ་ནད་རྒྱས་ཆུ་ནི་མར་ནག་འདྲ། །མིག་སྤྲིན་ལྕེ་འོག་མུར་གོང་ཤ་མདངས་སེར། །ཁ་ཁ་ལུས་ཚ་གཉིད་ཆུང་དང་ག་འགག །སེན་མོ་རྙིལ་དང་ལྕེ་མཆུ་དཀར་སེར་འོང༌། །མགོ་གཟེར་ལྕེ་མཆུ་འགས་ཤིང་སོ་དྲེག་ཆགས། །མཆིན་མཁྲིས་སྟེང་དུ་འདྲིལ་བ་མནན་མི་བཟོད། །ནད་ཀྱི་དྲི་དུགས་སྟོབས་དང་གཟི་མདངས་འཆོར། །སྨིན་པའི་ལོང་མེད་བདུན་དགུའི་དུས་ན་འཆི། །བླུན་པོ་འགའ་ཞིག་སྨིན་བྱེད་དུས་ལ་སྡོད། །རྩ་སྤུན་ཤེས་པ་ཡང་ལ་ལུས་སྟོབས་ཤོར། །ཕྱི་ཡི་དྲོད་ཆུང་ལྤགས་མདོག་གསེར་ལྟར་སེར། །དུས་འདས་རང་གནས་སླེབས་པས་བཟློག་ཐབས་མེད། །དེ་ཕྱིར་མ་སྨིན་དུས་ན་བྱ་ར་སྒྲིམས། །ཁྱད་པར་མགོ་བྲོས་ཀླད་གཟེར་སྣ་ཁྲག་འཛག །གློར་བབས་རོ་སྟོད་གཟེར་ལ་ལུད་པ་སེར། །མཁལ་བབས་མཁལ་རྐེད་ན་ཞིང་དྲི་ཆུ་སྡོམ། །ཕོ་བར་བབས་ན་ཁ་ཁ་མཁྲིས་པ་སྐྱུག །རྒྱུ་མར་བབས་ན་ཟུག་ཆེ་ཚན་ཆེན་འཁྲུ། །དེ་དག་མི་འགྱུར་འཁྲུལ་མེད་ནད་རྟགས་ཡིན། །སྲུང་བྱེད་སྲོག་དང་བསྲུང་བའི་སྔགས་འདི་བགྲང༌། །ཨཱོཾ་

ཚལ་དུཚལ་དུསདྷབྷཧནཤཡན་ (སྲོག་སྔགས་) བ་ཡ། ཏྲིམཛཏྲིམཛཿ  བྷནདྷཡ (བསྲུང་སྔགས་) རྦད་ཕཊསྭཱཧཱཿ  འདི་བྲིས་ནག་པོའི་ (ངག) ཁྲག་གསུམ་བཙན་དུག་འབྱུག །རབ་གནས་སྤྱི་བཞིན་བཏགས་ཀྱང་ཐུབ་པ་ཡིན། །བཅོས་པའི་ཐབས་ལ་སྨན་དཔྱད་ཟས་སྤྱོད་བཞི། །སྨན་ནི་དང་པོ་རྩ་ཡི་འབྲོས་འཕྲང་བསྡམ། །མི་ (འདི་ལ་མཁྲིས་སྣ་བརྒྱད་པ་ཟེར་) དོམ་མཁྲིས་པ་གླ་རྩི་བོང་ང་དཀར། །རྒུ་དྲུས་ཆོས་སྨན་བྲག་ཞུན་ཡུང་བ་རྣམས། །ལོ་བརྒྱད་ཆུ་ལ་སྦྱངས་ལ་ཁོང་དུ་བཏང༌། །སླེ་ཏྲེས་ཆིག་ཐང་བཞི་ཐང་ལྟག་པ་སྤྲད། །དེ་ཡང་མོད་ལ་བསྟུད་ནས་ཐེངས་འགའ་བཏང༌། །སྡུད་སྒོ་མཚོགས་མ་དྲུག་པ་བཅུ་གསུམ་པ། །ནང་ལོང་འཕར་རྩ་སྤྲ་བས་བསྲེག་པར་བྱ། །དེ་ནས་གཉན་གྱི་རི་བོ་བསྙིལ་བ་ནི། །འཛིན་པ་ཨ་རུ་གསེར་མདོག་མིང་ཅན་ནག །གི་ཝཾ་གླ་རྩི་གྲི་ཤ་དྲི་ཆུས་འཕུལ། །སྨན་ནད་ཐོན་པ་གསུམ་ཡར་བསྟུད་བཏང་ངམ། །གོང་གི་འཆི་བདག་གཡུལ་རྒྱལ་ཉེར་དགུ་བཏང༌། །ཡང་ན་སྨན་རྒྱལ་ག་པུར་ (འདི་རྣམས་ངག་) དཀར་པོ་ཡིས། །རྒྱས་པའི་ཚད་པ་མ་ལུས་འཇོམས་པར་བྱེད། །ག་བུར་ནག་པོས་སྙིང་སྲོག་ཚད་པ་འཇོམས། །ག་བུར་སྔོན་པོས་སྣོད་ཀྱི་མཁྲིས་པ་སེལ། །ག་བུར་སྨུག་པོས་མཁལ་མཆིན་ཚད་པ་འཇོམས། །ཨ་གར་སྙིང་སྲོག་བསིལ་གསུམ་གློ་མཆིན་དང༌། །བོང་དཀར་རྒྱུ་ལོང་འབྲུག་གི་རུས་པ་ཡིས། །ཚད་པ་སྤྱི་འཇོམས་མི་ཐོད་མགོ་ནད་སེལ། །བ་ཤ་སྤང་རྩི་ཧོང་ལེན་ཁྲག་འཁྲུགས་འཇོམས། །ཨ་བྱག་ཚེར་སྔོན་གཟེར་དང་ཆུ་སེར་སེལ། །བོང་ནག་གུ་གུལ་གཉན་རིམས་འཛིན་པ་ཡིས། །ཁྲག་གཟེར་གཉན་དང་ཏིག་ཏས་མཁྲིས་ཚད་འཇོམས། །སེ་འབྲུས་ཕོ་བ་སུག་སྨེལ་དོན་སྣོད་སྤྱིའི། ཁ་འཛིན་ཨ་རུ་གསེར་མདོག་འདུ་བ་སྙོམས། །ཀ་ར་དཀར་པོ་བཞི་འགྱུར་རྟ་ལ་བསྐྱོན། །ག་པུར་དྲག་པོའི་སྦྱོར་བ་ཉེར་གསུམ་འདིས། །ནག་པོ་གསུམ་འགྲིལ་ལ་སོགས་གཉན་ཚད་རླུང༌། །འཐབ་པའི་རིགས་ཀུན་རྣ་འོན་གཉིད་འཐིབས་སོགས། །སྟོད་སྨད་བར་ཀྱི་ནད་རིགས་ཀུན་ལ་བསྔགས། །རྟ་ཡང་གངས་ཆུ་ཆང་སོགས་ཡ་འུད་མེད། །སྨན་ལོག་ཉེས་པ་མེད་པ་གོང་སྨན་སོགས། །སྟོད་སྨན་མཁས་པའི་ཕྱག་བཞེས་ཉམས་མྱོང་ཅན། །བཏང་ངམ་མ་ཐུབ་དྲག་པོས་སྦྱང་བ་ནི། །སྨན་ཆེན་བཞི་འགྱུར་ཅུ་གུར་གླ་གི་མཉམ། །གྲི་ཤ་གུལ་ནག་ཉིས་འགྱུར་ཤུ་དག་དང༌། །དུར་བྱིད་གསུམ་འགྱུར་རེ་ལྕག་ཆུ་རྩ་ཐར། །གཙོ་བོ་ལྔ་འགྱུར་རི་གཟར་རྦབ་དང་མཚུངས། །ལེགས་འཁྲུ་མདོག་སེར་དྲི་ཆུ་རོ་ཐོན་ཏེ། །འབྱོངས་རྟགས་མིག་སྤྲིན་འཕྲལ་ལ་དཀར་པོར་འགྲོ  །དེ་ནས་ཚད་པའི་མེ་དབལ་བསད་པ་ལ། །གོང་བཤད་སྤང་རྩི་བཅུ་གཉིས་བཏང་བ་འམ། །གཙོ་བརྒྱད་དེ་བ་ལྔ་པ་བསྣན་ལ་བཏང༌། །དེ་རྗེས་གི་ཝཾ་གུར་ཀུམ་དུག་མོ་ཉུང༌། །ཧོང་ལེན་ཏིག་ཏ་སྐྱེར་ཤུན་བོང་ང་དཀར། །ཀྱི་ལྕེ་བྲག་ཞུན་ལྕུམ་རྩ་སེ་བའི་མེ། །ཞིབ་བཏགས་དུས་བཞིར་བཏང་བས་ཚད་ལྷག་འཇོམས། །གཏར་དང་ག་པུར་དཀར་མངར་སྤང་ (གོང་བཤད་ག་པུར་ཉེར་གསུམ་མ་གཏོགས་གཉན་ཚད་མ་ཆོགས་པར་) བར་བྱ། །ཟས་དང་སྤྱོད་ལམ་གཉན་ཚད་སྤྱི་བཞིན་འཛེམ། །མགོར་བབས་གཟེར་ལ་མགོ་ཐང་གསུམ་པའི་སྟེང༌། (འདིའི་མགོ་ཕོ་བ་རྒྱུ་མ་གསུམ་མ་གཞི་རང་རང་ལེའུ་ཡོད་པ་དང་ཕྱོགས་མཚུངས་ཀྱང་དེ་དག་ཐོག་མ་ནས་བབས་ས་དང་འདིར་རྗེས་ཁྱོག་གི་ཁྱད་དོ་) ། གཡའ་ཀྱི་ཨ་བྱག་འཛིན་པ་སྔོ་སྒ་སྦྱར། །དོམ་མཁྲིས་བོང་དཀར་གངས་ཐིགས་གསེར་མེ་ཁུན། །རྡོ་དྲེག་གླ་གུལ་སྦྱར་བས་ཁྲག་མཁྲིས་ཀྱི། །མགོ་དང་ཀླད་པ་ཡ་མའི་རིགས་ཀུན་སེལ། །མཚོགས་མ་སྲིན་ཁུང་ལྟག་པའི་སྡུད་སྒོ་བསྲེག  །ཕོ་བར་བབས་ན་གོང་བཤད་བྲག་ཁྱུང་ངམ། །ག་པུར་ནག་པོའི་ཐལ་སྦྱོར་ཕག་རིལ་དང༌། །སྲད་དཀར་ཧོང་ལེན་དེ་བ་ཤིང་སྔོན་བཞི། །ཁྱོར་བ་རེ་རེ་སོ་སོར་བསྲེགས་ཐལ་བ། །དམར་ཟལ་བ་ཆུས་འདམ་བཏགས་བྱས་པའི་ཕྱེ། །ཆུ་སྐོལ་འཕུལ་བ་རིམས་ཚད་ཀུན་ལ་བསྔགས། །ཁྱད་པར་འདུས་རིམས་རིམས་སྨྱོན་ཏྲེ་ཏྲེ་ཧོས། །གཉན་རིམས་ཕོ་བར་བབས་པའི་བདུད་རྩི་ཡིན། །རྒྱུ་བབས་འཛིན་པ་མཚལ་དང་དུག་མོ་ཉུང༌། །ཐོག་རུས་རྒུ་དྲུས་གླ་རྩི་བོང་ང་དཀར། །དོམ་མཁྲིས་བྲག་སྐྱ་སྦྱར་བ་བསྐོལ་གྲངས་དབུལ། །གཉན་རིམས་རྒྱུ་མར་བབས་པའི་ཕ་ལམ་ཡིན། །མ་ཞི་སྣོད་ཡུལ་གོང་བཤད་སྦྱང་བ་གཅེས། །ཐ་མ་རླུང་ལ་བརྔན་པ་རི་ཐང་མཚམས། །སྤྱི་དང་འདྲ་བས་ཟས་སྤྱོད་ཆ་ཡིས་གློད། །ཅེས་བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་ཡོན་ཏན་རྒྱུད་ཀྱི་ལྷན་ཐབས་ཟུག་རྔུའི་ཚ་གདུང་སེལ་བའི་ཀཏྤཱུ་ར་དུས་མིན་འཆི་ཞགས་གཅོད་པའི་རལ་གྲི་ཞེས་པ་ལས་གཉན་ནད་མཁྲིས་པ་རྩར་རྒྱུག་གམ། རྒྱ་ནད་མིག་སེར། ནག་པོ་གསུམ་འགྲིལ་སོགས་མིང་དུ་འབོད་པ་བཅོས་པའི་ལེའུ་སྟེ་ཞེ་གཅིག་པའོ།།

 

མཐའ་མའི་འདོན་ཐེངས་།: 11.11.2020 ཉིན། 10:35 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།