སྨན་རྩིས་དྲ་བ། - མདུན་ངོས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 19.01.2024
མདུན་ངོས། >>


བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འཛམ་གླིང་ཞི་བདེ་དེད་དཔོན་ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་འཕགས་མཆོག་ྋསྤྱན་རས་གཟིགས་མིའི་རྣམ་པར་རོལ་བ་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་རྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་འདི་ལོ་རབ་གནས་ཤིང་འབྲུག་བོད་ཟླ་ ༥ ཚེས་ ༥ སྟེ་དེ་ཉིན་ཕྱི་ཟླ་ 6 ཚེས་ 11 འཁེལ་བའི་ཉིན་བོད་ལུགས་ལྟར་སྐུའི་དགུང་གྲངས་དགུ་བཅུར་ཕེབས་པའི་རྟེན་འབྲེལ་བཟང་པོར་ངེད་ཅག་འགྲོ་ཕན་སྨན་རྩིས་ཁང་དང་། བོད་མིའི་སྒྲིག་འཛུགས་ཀྱི་གཞུང་ཞབས་ཟུར་པ། སྐུ་སྲུང་ཟུར་པའི་མཐུན་ཚོགས་གསུམ་ནས་ཞབས་བརྟན་གསོལ་འདེབས་རྒྱས་པ་ཞིག་བསྐྱང་རྒྱུ་རེད་ལ། ལྷག་པར་སྔ་ལོ་ཟླ་ ༡༠ ཚེས་ ༢༧ ཉིན་བཞུགས་སྒར་གནས་ཆུང་གྲྭ་ཚང་དུ། གཞུང་བསྟེན་དགྲ་ལྷའི་གཙོ་བོ་གནས་ཆུང་ཆོས་རྒྱལ་ཆེན་པོར་སྐུ་གསོལ་ཞུས་སྐབས་བཀའ་ལུང་དུ། བརྟན་བཞུགས་ཀྱི་སྔོན་འགྲོའི་རིམ་གྲོར། འཕགས་མཆོག་ཐུགས་རྗེ་ཆེན་པོའི་བསྟོད་པ་དང་འབྲེལ་གཟུངས་སྔགས་ཡི་གེ་དྲུག་མ་དུང་ཕྱུར། རྒྱལ་བའི་མཚན་སྔགས། རྟེན་མཆོག་རྣམས་ལ་མཆོད་སྤྲིན་སྟོང་ཚར། ཉམ་ཐག་དབུལ་ཕོངས་ལ་སྦྱིན་གཏོང་རྒྱ་གང་ཆེ། སྲོག་ཆགས་སྲོག་བསླུ། བཅས་སྒྲུབ་དགོས་ཕེབས་པ་བཞིན། སྔོན་འགྲོའི་ཆོ་ག་གཞན་རྣམས་བསྒྲུབས་དང་སྒྲུབ་མུས་སོང་ད་ཐེངས་སྲོག་ཆགས་སྲོག་བསླུའི་ཐད་མཐུན་ཚོགས་གསུམ་ནས་དུས་མིན་འཆི་བ་ངེས་པའི་ཉུང་མཐར་ལུག་ལྔ་བཅུ་རེ་སྲོག་བསླུ་ཞུ་རྒྱའི་ཞལ་མཐུན་འབྱུང་བར་བརྟེན། བོད་ཟླ་ ༡༡ ཚེས་ ༨ དགེ་བའི་ཉིན་ལ་དྭགས་བྱང་ཐང་ཁུལ་དུ་འགྲོ་ཕན་སྨན་རྩིས་ཁང་དང་སྐུ་སྲུང་ཟུར་པའི་མཐུན་ཚོགས་ནས་ལུག་ ༡༢༥ ཚེ་ཐར་བཏང་ཡོད། དེ་དུས་རང་རེ་འགྲོ་ཕན་སྨན་རྩིས་ཁང་ངོས་ནས་ལ་དྭགས་ཡན་ལག་སྨན་ཁང་གི་ལས་བྱེད་རྣམས་ཕེབས་ཏེ་ངོ་ཚབ་གནང་བ་དང་། དེ་ནས་མི་འཇིགས་པ་སྦྱིན་པ་ཡོངས་སུ་ཐོབ་པའི་ལུག་ཁྱུ་རྣམས་བདེ་བླག་ཏུ་ངོས་འཛིན་ཐུབ་ཕྱིར་མཚོན་རྟགས་བརྒྱབ་གནང་ཡོད། མ་ཟད་ཡིད་དུ་འོང་བའི་སྲོག་ཆགས་དེ་ཚོ་ལྟ་རྟོག་བྱེད་མཁན་ཆོས་ལྡན་གྱི་ཁྱིམ་བདག་རྣམས་ཀྱིས་དེ་ཚོ་ཇི་སྲིད་འཚོ་བའི་བར་ལྟ་རྟོག་ཡག་པོ་བྱེད་རྒྱུའི་ཞལ་བཞེས་དམ་བཅའ་བརྟན་པོ་གནང་ཡོད།

མཐར་བསྔོ་སྨོན་དུ། དཔལ་ལྡན་བླ་མའི་སྐུ་ཚེ་བརྟན་པ་དང་།། མཁའ་མཉམ་ཡོངས་ལ་བདེ་སྐྱིད་འབྱུང་བ་དང་།། བདག་གཞན་མ་ལུས་ཚོགས་བསགས་སྒྲིབ་སྦྱངས་ནས།། མྱུར་དུ་སངས་རྒྱས་གོ་འཕང་ཐོབ་པར་ཤོག །










མཐའ་མའི་འདོན་ཐེངས་།: 19.01.2024 ཉིན། 12:10 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།