སྨན་རྩིས་དྲ་བ། - མདུན་ངོས།

ཏོག་དབྱིབས་གཉན་རིམས་རྣམ་པ་གསར་པར་གཟབ་ནན་བཀོད་ཁྱབ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 22.12.2023
མདུན་ངོས། >>


ཏོག་དབྱིབས་གཉན་རིམས་རྣམ་པ་གསར་པར་གཟབ་ནན་བཀོད་ཁྱབ།

ཕྱི་ལོ་ ༢༠༢༣ ཟླ་ ༡༢ ཚེས་ ༢༡ འཁོད་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ནས་དམིགས་བསལ་ལྷོ་སྤྱི་གཙོས་ས་གནས་འགོ་འཛིན་དང་། སྨན་ཁང་ཁག་གི་འགན་འཛིན་རྣམ་པར་དེང་སྐབས་རྒྱ་གར་ལྷོ་ཕྱོགས་ཀེརལ་དང་ཀར་ན་ཊ་ཀའི་ནང་དུ་ཁྱབ་གདལ་འགྲོ་བཞིན་པའི་ཏོག་དབྱིབས་གཉན་རིམས་༡༩ ཡི་རྣམ་པ་གསར་པ་ JN.1 ཞེས་པའི་ཐད་གཟབ་ནན་ཐུགས་སྣང་དགོས་པའི་ལམ་སྟོན་བཀོད་ཁྱབ་ཅིག་ཕེབས་ཡོད།

འཕྲོད་བསྟེན་ལས་ཁུངས་ནས་ལམ་སྟོན་བཀོད་མངགས་འདི་ལྟར་ཕེབས་ཡོད་དེ།

༡། ལྷོ་ཕྱོགས་ཁུལ་གནས་རང་རེའི་གཞིས་སྒར་ཁག་དང་། ལྷག་པར་དུ་དེ་གའི་ཁྱབ་ཁོངས་དགོན་སྡེ་གྲྭ་ཚང་ཁག་ནང་དགེ་འདུན་པ་འདུ་ཚོགས་ སྐབས་དང་། སློབ་གྲྭའི་ནང་སློབ་ཕྲུག་ཚོགས་འཛོམས། མང་ཚོགས་འདུ་འཛོམས་ལ་སོགས་པའི་སྐབས་སུ་ནད་འབུ་ཁྱབ་གདལ་མི་འགྲོ་བའི་དམིགས་བསལ་ཐུགས་སྣང་ཡོང་བ་དགོས་རྒྱུ།

༢། ཁྲོམ་ལ་སོགས་པའི་ཕྱི་ཁག་ཏུ་མི་ཚོགས་འཛོམས་སར་བསྐྱོད་སྐབས་སྔོན་ཚུད་ནས་ཁ་རས་གྱོན་རྒྱུས་མཚོན་པའི་འཕྲོད་བསྟེན་གྱི་སྔོན་འགོག་གོ་རྟོགས་གནང་དགོས།

༣། ནད་རྟགས་ཡོད་པའི་དོགས་གཞི་འབྱུང་ཚེ་ལམ་འཕྲལ་སྨན་ཁང་བསྟེན་གཏུགས་ཀྱིས་བརྟག་དཔྱད་དགོས་པ་ལས་སྣང་མེད་དུ་མ་ཤོར་བ་སྔོན་ཚུད་ནས་ཐུགས་གཟབ་དགོས།

༤། ས་གནས་ཀྱི་འཕྲོད་བསྟེན་སྨན་ཁང་ལ་དོགས་གཞི་ཅན་གྱི་ནད་པ་འབྱུང་ཚེ་ལམ་འཕྲལ་ཟུར་འཇོག་དགོས་པ་ལས་ནད་པ་བྱིངས་མཉམ་ཟོམ་འཇོག་མ་བཞག་པར་ད་ལྟ་ནས་འོག་གྲབས་དགོས།

༥། དེ་སྔ་ལྟར་ས་གནས་མངའ་སྡེ་གཞུང་དང་རྫོངས་སྨན་ཁང་གི་འགོ་ལས་དང་ལྷན་འབྲེལ་ལམ་གྱིས་ལམ་སྟོན་ཕེབས་ཁག་ལ་དམ་འཛིན་དགོས་རྒྱུ།

བཅས་བཀོད་ཁྱབ་ལམ་སྟོན་ཕེབས་ཡོད་པ་བཞིན་མང་ཚོགས་ནས་ཀྱང་དེ་དེ་བཞིན་གྱིས་ཉེ་བའི་ཉམས་མྱོང་ལ་དཔག་སྟེ་རང་གི་འཕྲོད་བསྟེན་ལ་རང་གཅེས་རང་སྲུང་དགོས་རྒྱུ་གལ་ཆེ་དོན་ཆེན་དུ་བཟུང་དགོས་པ་དང་། གཞན་གྱིས་དཀྲོག་གཏམ་ལ་དབུ་མ་འཁོར་བར་འབྲེལ་ཡོད་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་དང་མངའ་སྡེ་གཞུང་། བོད་ཀྱི་གསོ་རིག་སྨན་པ་དང་འཕྲོད་བསྟེན་སྨན་ཁང་གི་སྨན་པ། འགན་འཁུར་མི་སྣའི་ལམ་སྟོན་བཀོད་མངགས་རྣམས་ཇི་བཞིན་ལག་བསྟར་དགོས་གལ་ཆེ།།





མཐའ་མའི་འདོན་ཐེངས་།: 22.12.2023 ཉིན། 12:06 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།