སྨན་རྩིས་དྲ་བ། - མདུན་ངོས།

གསར་འགོད་གསལ་བསྒྲགས།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 13.06.2017
མདུན་ངོས། >>

 

 

གསར་འགོད་གསལ་བསྒྲགས།
 
 

༄༅། ། ༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་མ་འོངས་སྔོན་གཟིགས་ཐུགས་རྗེ་གཟིགས་སྐྱོང་འོག་སྨན་རྩིས་ཁང་ཐོག་མར་དབུ་བརྙེས་པ་ནས་ད་ཆ་ཡན་ལག་དང་བཅས་གཞི་རྒྱ་ཇེ་ཆེར་སོང་སྟེ།  བོད་མི་ཙམ་མ་ཟད་གནས་ཡུལ་རྒྱ་གར་སོགས་འཛམ་གླིང་ཡུལ་གྲུ་གང་སར་མི་སྣ་ཁྱོན་ཆེའི་ལུས་སེམས་ཀྱི་བདེ་ཐང་ལ་ཕན་རླབས་ཡོང་དང་ཡོང་བཞིན་པ་ལྟར།  ད་དུང་བོད་ཀྱི་གསོ་བ་རིག་པ་དང་སྐར་རྩིས་རིག་པ་གཉིས་ཀྱི་འཛིན་སྐྱོང་སྤེལ་གསུམ་གྱི་ལས་དོན་རྒྱ་བསྐྱེད་དང་ཚད་མཐོར་གཏོང་ཐབས་སུ་རྒྱ་གར་ལྷོ་ཕྱོགས་ཀར་ཎ་ཊ་ཀ་མངའ་སྡེའི་ནང་སྦེང་ལོར་ཏཱ་ལའི་བླ་མའི་མཐོ་སློབ་ཀྱི་ཉེ་འགྲམ་དུ་ས་ཆ་རྒྱ་ཁྱོན་ཨེ་ཀར་གསུམ་(ཕི་ཀྲི་གྲུ་བཞི་མ་ ༤༣,༥༦༠)ཡོད་པའི་ཐོག་སྨན་རྩིས་ཁང་གི་མཐོ་སློབ་ཞིག་ཀྱང་གསར་དུ་འཛུགས་བསྐྲུན་བྱེད་ཕྱིར་མཐོ་སློབ་ཀྱི་རྨང་གཞིའི་རྡོ་ཆེན་ ༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ནས་བྱིན་འབེབས་ཐུགས་སྨོན་མཚམས་སྦྱོར་དང་བཅས་ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༡༤ རེས་གཟའ་ལྷག་པ་དགེ་བའི་ཉིན་འཛུགས་འཇོག་བཀྲིན་བསྐྱངས།  ད་ལམ་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་མཐོ་སློབ་དེ་དང་སྨན་སྦྱོར་སོགས་སྨན་རྩིས་ཁང་གི་གང་ཅིའི་ལས་གཞིའི་ཆེད་ཧིན་སྒོར་འབུམ་ཉི་བརྒྱ་ཐམ་པ་ (༢༠༠,༠༠,༠༠༠) གསོལ་སྩལ་བསྐྱངས་གནང་མཛད་པ་དང་།  དེའི་ཐོག་རྒྱ་གར་དབུས་གཞུང་ AYUSH དང་།  ཀར་ཎ་ཊ་ཀ་མངའ་སྡེ་གཞུང་ Karnataka State Government གཉིས་ནས་སྦེང་ལོར་སྨན་རྩིས་ཁང་གི་མཐོ་སློབ་གསར་སྐྲུན་གྱི་ལས་གཞིའི་ཐོག་སྨན་རྩིས་ཁང་ལ་ལོ་གསུམ་རིང་ལོ་ལྟར་ཧིན་སྒོར་འབུམ་ ༣༣༣་༣༣ གསོལ་སྩལ་བཀའ་དྲིན་ཆེ་རྒྱུའི་ཞལ་བཞེས་ཡིག་ཐོག་འཐོབ་བྱུང་།  གོང་གསལ་རྒྱ་གར་དབུས་སའི་གཞུང་གཉིས་ཀྱི་རོགས་རམ་ཁོངས་ནས་བརྒྱ་ཆ་ ༦༠ ཐམ་པ་རྒྱ་གར་དབུས་གཞུང་དང་།  བརྒྱ་ཆ་ ༤༠ ཐམ་པ་ཀར་ཎ་ཊ་ཀ་མངའ་སྡེ་གཞུང་ནས་གནང་རྒྱུ་བཅས་ཡིན་པས་ད་ལམ་འདི་ཐོག་ནས་ཀྱང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་དང་རྒྱ་གར་དབུས་སའི་གཞུང་གཉིས་ལ་ཐུགས་རྗེ་བཀའ་དྲིན་བླ་མེད་དུ་ཆེ་ཞེས་ཞུ་རྒྱུ།
 

གསོལ་རས་དང་རོགས་རམ་བཀའ་དྲིན་ཆེ་སྩལ་ལྟར།  ༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་དང་།  རྒྱ་གར་དབུས་སའི་གཞུང་གི་ལམ་སྟོན་ལྟར་ལས་གཞི་ཚགས་ཚུད་དང་།  ལས་བསྡོམས་དུས་ཐོག་སོ་སོར་འབུལ་རྒྱུས་མཚོན་ཞུ་སྒོ་རྣམས་ལ་གཟབ་ནན་ཞུ་རྒྱུ་ཡིན་པ་བཅས།  སྨན་རྩིས་ཁང་ནས།  ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༡༢ ཉིན།


 

མཐའ་མའི་འདོན་ཐེངས་།: 29.06.2017 ཉིན། 9:25 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

མཇུག་དོན།

སྨན་པ་མཁས་ཆེན་དབྱངས་ཅན་ལྷ་མོ།

མཁས་དབང་ངག་དབང་ཆོས་གྲགས།

ལྕགས་པོ་རིའི་དགེ་རྒན་སྐལ་བཟང་ལེགས་བཤད།

ཐུགས་སྲས་ཐུབ་བསྟན་ལྷུན་གྲུབ།

མཁས་དབང་མཁྱེན་རབ་ནོར་བུ།

བཀྲས་ཁང་བྱམས་པ་ཐུབ་དབང་།

འཚོ་བྱེད་རྡོ་རྗེ་རྒྱལ་མཚན།

ཀརྨ་འཇིགས་མེད་ཆོས་ཀྱི་སེངྒེ།

བླ་སྨན་བྱ་སྦུག་པ་དམ་ཆོས་དཔལ་ལྡན།

སློབ་ཐོན་པ་རྣམས་ལ་སྩལ་བའི་བཀའ་སློབ།

སྨན་རྩིས་སློབ་མ་གསར་བསྡུའི་གསལ་བསྒྲགས།

ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ།

བླ་སྨན་ཨུ་རྒྱན་བསྟན་འཛིན་རྒྱ་མཚོ།

མགོ་ལོག་སྨན་པ་སྟག་བླ་ནོར་བུ།