སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་སོ་བཞི་བ། སྙིང་ནད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 26.08.2011
མན་ངག་རྒྱུད། >> ལེའུ་སོ་བཞི་པ། སྙིང་ནད་གསོ་བ།

 ལེའུ་སོ་བཞི་པ་སྙིང་ནད་གསོ་བ་ལ་གཉིས། གཞུང་དོན་བཤད་པ་དང༌། ལེའུའི་མཚན་བསྟན་པའོ། །དང་པོ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། ཐོག་མར་ཞེས་རྐང་པ་གཉིས་ཀྱིས་བསྟན་པ་ལ་བཞི་སྟེ། དེ་ཡང་སྙིང་ཚེ་སྲོག་སེམས་ཀྱི་རྟེན་ཡིན་པས་རྒྱལ་པོ། གློ་བ་དེའི་དྲུང་དུ་གནས་པས་བློན་པོ། མཆིན་པ་དོན་ལྔ་སོགས་གསོ་སྐྱེད་བྱེད་པས་བཙུན་མོ། དེའི་རིག་པས་མཆེར་མཁལ་རྗེའུ་དང་དམངས་སུ་ལྟའོ། །དེ་ཡང་སྙིང་ནད་ཀྱི་རྒྱུ་བཤད་པ་དང༌། དབྱེ་བ་དང༌། རྟགས་དང༌། བཅོས་ཐབས་དང་བཞི་ལས།

        དང་པོ་ནི། རྒྱུ་ནི་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་དབྱེ་བ་བཤད་པ་ནི། དབྱེ་བ་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། དེ་ཡང་སྙིང་འཕྱོས་དང༌། སྙིང་གཟེར་དང༌། སྙིང་ཚད་དང༌། སྙིང་ཆུ་དང༌། སྙིང་འཐིབས་དང༌། སྙིང་སྲིན་དང༌། སྙིང་ནད་ཁ་ལེ་ནག་པོ་དང་བདུན་ནོ། །གསུམ་པ་རྟགས་བཤད་པ་ནི། དེ་རྟགས་ཞེས་རྐང་པ་ཉེར་དྲུག་གིས་བསྟན་ཏེ། དེ་ཡང་སྙིང་ཆུའི་སྙིང་བརྡུང་པ་ནི་སྙིང་འཕར་ཞིང་སྦྲུག་པའོ། །གཡལ་སྟོང་གཡོ་བ་ནི་གཡལ་སྟོང་མང་དུ་བསྡུད་ནས་ཡོང་བ་ཡིན་ཟེར། ཁ་ལེ་ནག་པོའི་འབྲུ་ཚུགས་ལྟ་བ་ནི་མིག་འབྲས་ཟུར་གྱིས་ལྟ་མི་ཤེས་པར་འབུར་ཚུགས་སུ་ལྟ་བའོ།།

        བཞི་པ་བཅོས་ཐབས་བཤད་པ་ནི། བཅོས་ཐབས་ཞེས་རྐང་པ་བཞི་བཅུ་རྩ་གཉིས་དང་འབྲུ་གསུམ་གྱིས་བསྟན་ཏེ། དེ་ཡང༌། སྙིང་རླུང་བཅོས་པའི་སྙིང་འཕྱོས་གྱིས། རུས་ཆེན་ལོ་མར་འབྲས་བུའི་སྨན་མར་ལ། ཞེས་པ། གསེར་མཆན་དུ། སྐྱེས་པ་དར་མའི་རྐང་མར་དང་ཞུན་མར་འབྲས་བུ་གསུམ་སྒའི་མར་ལ་བཟང་པོ་གསུམ་ཁ་རུ་ཚྭ། སླེ་ཏྲེས་བུར་རྙིང་བཏབ་ལ་ཞེས་པ་འབྱུང༌། གཞན་རྣམས་ནི་ཕྱི་རྒྱུད་དུ་གསལ་ལ། །གཉིས་པ་ལེའུའི་མཚན་ནི། བདུད་རྩི་ཞེས་པ་ནས་སུམ་ཅུ་རྩ་བཞི་པའོ་ཞེས་པས་བསྟན་པའོ།།

 


མཐའ་མའི་འདོན་ཐེངས་།: 29.09.2011 ཉིན། 2:13 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།