སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་སོ་བདུན་པ། མཆེར་ནད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 20.02.2021
མན་ངག་རྒྱུད། >>

 ལེའུ་སོ་བདུན་པ། མཆེར་ནད་གསོ་བ།

དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག །མཆེར་པའི་ནད་ལ་རྒྱུ་རྐྱེན་དབྱེ་བ་དང༌། །རྟགས་དང་བཅོས་ཐབས་རྣམ་པ་བཞི་རུ་བཤད།།

སྤྱི་དོན་དང་པོ་རྒྱུ་ནི་མ་ཞུ་རླན་གྲང་དྲག་ཤུལ་སྐྱེད། །སྤྱི་དོན་གཉིས་པ་དབྱེ་བ་མཆེར་ནད་ཚ་བ་ཁྲག་སྦོས་དང༌། །མཆེར་རླུང་མཆེར་པའི་བད་ཀན་རླུགས་པ་ལྔ།།

སྤྱི་དོན་གསུམ་པ་མཆེར་ནད་དང་པོ་ཚ་བ་ཆང་འཐུངས་དྲོས་ཚེ་སྦོ། །ལྕེ་སྔོ་ནག་འདི་ཁྲ་དབུགས་རྒོད་མཆུ་དང་གདོང་པ་སྨུག །རྐང་ལག་སྦྲིད་ཅིང་གཡོན་གྱི་རྩིབ་ཐུང་གཟེར། །གཉིས་པ་ཁྲག་སྦོས་དེ་འདྲ་བཞིན་མདོག་སྔོའམ་སེར། །ཁོང་ལྕི་སྦོ་འཁྲོག་བྱེད་ཅིང་མ་མཆུ་ཐུར་དུ་འཕྱང༌། །གསུམ་པམཆེར་རླུང་ལུས་སྐྲངས་སྦོ་འཁྲོག་འཇུ་སྟོབས་ཆུང༌། །སྒྲེག་པའམ་འོག་རླུང་དོན་ཐོན་ན་བདེ་སྙམ་བྱེད། །བཞི་བ་མཆེར་པའི་བད་ཀན་མཆུ་ལ་བད་ཀན་ཆགས། །གྲང་དང་དགོང་དུས་སྦོ་ལ་གཡོན་ངོས་གཟེར། །ལྔ་བ་རླུགས་པ་སྦོ་འཁྲོག་ཕྱི་ས་དྲི་མ་མི་ཐུབ་འཆོར།།

སྤྱི་དོན་བཞི་བ་བཅོས་ཐབས་དང་པོ་མཆེར་ཚད་ལི་ཤི་ཀ་ཀོ་ལ། །སུག་སྨེལ་གུར་ཀུམ་ཏིག་ཏ་གསེར་མེ་ཏོག །སླེ་ཏྲེས་ཀ་ར་སྦྱར་བའི་ཕྱེ་མ་བཏང༌། །ཀ་ཀོ་ལ་དང་གུར་ཀུམ་ཨ་རུ་ར། །ཀ་ར་སྦྱར་བཏང་མཆེར་པའི་སྲིན་ལག་རྒྱབ་དང་ངར་གདོང་རྟ་མཐུར་རྩ་ལ་གཏར། །གཉིས་པ་ཁྲག་སྦོས་ནད་ལ་མ་ནུ་པི་པི་ལིང༌། །སུག་སྨེལ་ཤུ་དག་དོང་གྲ་སྒ་དམར་ན་ལེ་ཤམ། །ཁ་རུ་ཚྭ་དང་ཤིང་ཚ་རྒྱམ་ཚྭ་དང༌། །བུ་རམ་སྦྱར་བཏང་ངར་གདོང་མཆེར་རྩ་རྟ་མཐུར་གཏར། །གསུམ་པ་མཆེར་པའི་རླུང་དང་བཞི་བ་བད་ཀན་གཉིས་ཀ་ལ། །ཤིང་ཀུན་ཁ་རུ་ཚྭ་ཡི་བསྡུས་ཁུ་བཏང༌། །ད་ལིས་སུག་སྨེལ་ཤིང་ཚ་ཁ་རུ་ཚྭ། །ཟི་ར་ཚ་བ་སྒ་པི་ཕོ་གསུམ་དང་བུ་རམ་སྦྱར། །མཆེར་པའི་སྟེང་དང་བཅུ་གཅིག་པའི་དབུ་མ་དང་གཡས་གཡོན་དུ་མཚོན་རེ་རེ་སྟེ་ཁ་གསུམ་བསྲེག །ལྔ་བ་རླུགས་པའི་ནད་ལ་ཨ་ཤོ་གནྡྷ་དང༌། །རྒྱམ་ཚྭ་ཁ་རུ་ཚྭ་ཡི་ཕྱེ་མ་བཏང༌། །བསྲེག་པ་མཆེར་པའི་སྟེང་དང་བཅུ་གཅིག་ཁ་གསུམ་གོང་བཞིན་མཛོ་དང་རྟོལ་ཤ་བྱིན། །དབང་པོ་ལག་པ་གེ་སར་ནཱ་པད་པུ་རྣམ་པ་གསུམ། །བུ་རམ་སྦྱར་བས་མཆེར་པའི་ནད་ཀུན་སེལ། །ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་མཆེར་ནད་གསོ་བའི་ལེའུ་སྟེ་སོ་བདུན་པའོ།། །།

 

མཐའ་མའི་འདོན་ཐེངས་།: 20.02.2021 ཉིན། 12:22 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།