སྨན་རྩིས་དྲ་བ། - ཕྱི་མ་རྒྱུད།

ལེའུ་ལྔ་པ། རིལ་བུའི་སྡེ་ཚན་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.02.2021
ཕྱི་མ་རྒྱུད། >>

 

ལེའུ་ལྔ་པ། རིལ་བུའི་སྡེ་ཚན་བསྟན་པ།

དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག

རིལ་བུའི་སྡེ་ཚན་ལ་ཚ་སེལ་དང་གྲང་སེལ་གཉིསལས །ཚ་སེལ་ཡང་དུག་སྨན་དང་དངུལ་ཆུའི་སྦྱོར་བ་མ་གཏོགས་པའི།

སྒོས་ཀྱི་ཚ་བ་སེལ་བའི་སྨན་རིལ་བུ་བཤད་པ་ནི་མེད་ན་ཡང༌། །སྨན་དང་ནད་གང་འཕྲོད་རིལ་བུར་དྲིལ་དུ་བཏུབཔ་ཡིན་ལ །གྲང་སེལ་རིལ་བུ་ཀཱ་ལ་བི་ཥ་བི་ཁ་ནག་པོ་ཞོ་ཕྱེད་དང༌། །གླ་རྩི་སུམ་ཆ་རུ་རྟ་ཞོ་གང་ཤུ་དག་ནག་པོ་ཞོ་དོ་ཨ་རུ་རཞོ་ཕྱེད་གསུམ བི་ཥ་སྙིང་ཀསྟུར་ཁྲག་རུ་རྟ་རུས་པ་ཧོ་ཏུཀ་རྒྱུས་པ་ཧཏྟ་ཤ་དང་ལྔ། ཁྱུང་ལྔ་རིལ་བུ་ལ་འདིར་ཚད་བཤད་པ་འདི་དང་མན་ངག་རྒྱུད་ཀྱི་ཀླུ་གདོན་གསོ་སྐབས་བཤད་པའི་ཚད་དང་། གཞན་མན་ངག་མང་པོར་ཚད་མི་འདྲ་བར་བཤད་པ་རྣམས་ནད་དམིགས་དང་བསྟུན་ལ་གང་འོས་སྦྱར་དགོས་པ་ཡིན། དེང་སང་ཁྱུང་ལྔ་སྦྱོར་ཚུལ་ཚད་གང་རུང་གཅིག་ལྟར་སྦྱར་ནས་དེས་སྤྱི་འཇོམས་ཡིན་ཟེར་བ་ནི་གསོ་རིག་བསྟན་པའི་ཆག་སྒོ་ཡིན་ནོ། །ཚད་དུ་སྦྱར་ཏེ་སྡོམ་བརྒྱད་དྲི་ཆུས་རིལ་བུ་དྲིལ། །བྱ་ཁྱུང་རྣམ་པ་ལྔ་ཡི་རིལ་བུ་འདི། །སྲོད་དུས་ནད་སྟོབས་ཆུང་ན་རིལ་བུ་ལྔ་དང་ནད་སྟོབས་འབྲིང་ན་བདུན་དང་ནད་སྟོབས་ཆེ་ན་དགུ་རྣམས་རིམ་པས་བཏང༌། །ཕོ་ལོག་སྲིན་ནད་གཉན་གཟེར་གག་ལྷོག་དང༌། །ཁྱད་པར་ཆུ་སེར་མཛེ་ནད་འཇོམས་པའི་མཆོག ཁྱུང་ལྔ་དེ་ལ་ཛཱ་ཏི་བསྡེབས་པས་སྙིང་རླུང་སེལ། ཁྱུང་ལྔར་ཁ་རུ་ཚྭ་བསྡེབས་ཕོ་བའི་མེ་ཉམས་གསོ། ཁྱུང་ལྔར་འགྲོན་བུའི་ཐལ་བ་བསྡེབས་པས་སྐྲན་རྣམས་བཤིག ཁྱུང་ལྔར་ད་ལིས་བསྡེབས་པས་སྐྱ་རྦབ་སྦོས་པ་འཇིལ། ཁྱུང་ལྔར་ཤ་རུའི་ཐལ་བ་བསྡེབས་པས་དམུ་རྫིང་སྐེམ། ཁྱུང་ལྔར་གུ་གུལ་ནག་པོ་བསྡེབས་པས་གག་ལྷོག་གཉན་གཟེར་ས་གདོན་འཇོམས། ཁྱུང་ལྔར་ཤིང་ཀུན་བསྡེབས་པས་གྲང་རླུང་མ་ལུས་འཇོམས། ཁྱུང་ལྔར་བྱི་ཏང་ག་དང་བསྡེབས་པས་འདི་ལ་འཆི་མེད་སྲིན་སེལ་ཟེར་བས་སྲིན་ནད་སེལཁྱུང་ལྔའི་སྦྱོར་སྡེ་དགུའོ།

ཐུན་གསུམ་རིལ་བུ་ནི་རྒྱ་ཚྭ་རྒྱམ་ཚྭ་ལྕེ་མྱང་ཁ་རུ་ཚྭ། །ཙབས་རུ་ཚྭ་དང་རྭ་ཚྭ་ཤིང་ཚ་དང༌། །མཛེ་ཚྭ་མ་རྙེད་ན་ལན་ཚའི་ནག་གི་གྲ་ཤེལ་གྱིས་ཚབ་ཏུ་རུང་ཐལ་ཚྭ་ཡ་བཀྵ་ར་དང༌། ཚ་བ་སྒ་པི་ཕོ་གསུམ་དང་འབྲས་བུ་ཨ་བར་སྐྱུར་གསུམ་པོ་རྣམས། །ཐུན་གསུམ་ཚ་སྣ་རྣམས་ཆ་གཅིག་དང་ཚ་བ་གསུམ་ཆ་གཅིག་འབྲས་བུ་གསུམ་ཆ་གཅིག་སྟེ་ཆ་གསུམ་བསྙམས་པས་ཆ་མཉམ་བུ་རམ་རིལ་བུར་དྲིལ། །ལྷེན་སྐྲན་མངལ་སྐྲན་ཁྲག་སྐྲན་ཐལ་བར་རློག །ཚ་བ་སྒ་པི་ཕོ་གསུམ་དང་སུག་སྨེལ་ཨ་རུ་ར། །འུ་སུ་གཡེར་མ་ཟི་ར་ནག་པོ་ཁ་རུ་ཚྭ། །མཚོ་ཚ་བྱང་ཚྭ་ལྷད་མེད་ཤིང་ཚ་ཏིག་ཏ་གང་རུང་གོ་སྙོད་རྣམས། །བུ་རམ་རིལ་བུས་མ་ཞུ་ལྷེན་སྐྲན་འཇོམས། །གོ་བོ་བྱ་རྒོད་སོ་བྱ་གྲུམ་པ་སོགསཀྱི །གྲེ་བ་མཐའ་དག་དང་འབྲོང་གཡག་བྱ་རྒོད་རྐྱང་གི་ཤ །བཟང་དྲུག་ཅུ་གུར་ལི་ཛཱ་སུག་ཀ་ཚ་བ་སྒ་པི་ཕོ་གསུམ་དང་ཚྭ་སྣ་རྒྱ་རྒྱམ་ཁ་གསུམ། །གོ་སྙོད་ལ་ལ་ཕུད་དང་ཟི་ར་ནག །བུ་རམ་དྲིལ་བའི་ཟ་བྱེད་གྲེ་བ་ཡོད་པའི་ཐ་སྙད་ཙམ་རིལ་བུ་སྟེ། །སྐྲན་ནད་ཚ་གྲང་མེད་པར་ཐལ་བར་རློག །འཇམ་འབྲས་ཞོ་གང་སྲ་འབྲས་ཞོ་གང་བསིལ་ཅུ་ཁ་ལི་གསུམ་ཞོ་རེ་རེ་ཨ་རུ་རཞོ་གང་ །ཛཱ་ཏི་ཞོ་གང་ལ་ལ་ཕུད་ཞོ་གང་དང་པི་པི་ལིང༌ཞོ་གང་ །བཅའ་སྒ་ཞོ་གང་ཨུཏྤལ་སྔོན་པོ་ཞོ་གང་བཙོད་ཞོ་གང་དང་ཙི་ཏྲ་ཀཞོ་གང་། ཀུ་བ་དང་བིལ་བ་སོགས་རིགས་འདྲ་ཀ་པེད་ཞོ་གང་མོན་ཆ་ར་ཞོ་དོ་དང་ད་ཏྲིག་ཞོ་དོ་དང༌། །སེ་འབྲུ་ཞོ་བཞིི་ཚད་ལྡན་བུ་རམ་རིལ་བུ་བྱསབྲང་ཏིའི་བཞེད་པ་ནི་འཇམ་འབྲས་ཞོ་གང་དང་། ད་ཏྲིག་སྲང་ཕྱེད། བཙོད་སེར་ཙམ་བརྔོས་པ་ཞོ་དོ། སེ་འབྲུ་སྲང་གསུམ་གཞན་རྣམས་ཆ་མཉམ་ཞོ་རེ་བྱེད་པའོ། དེའི་མིང་ལ་གུ་ལིང་འབྲས་ཀྱི་རིལ་བུཞེས་པས་བད་རླུང་རྒྱས། །སྟོད་ཚ་སྨད་གྲང་འཁྲུ་བ་གསར་རྙིང་གཅོད། །ད་ལིས་དབྱི་མོང་དཀར་པོ་དང་ནྔྷ་སུ་པཱ་རི་འམ་གོ་ཡུ་པ་ཏྲ་དཀར་པོ་༼དྲི་ཁྱིམ་སྟེ་རྒྱ་བལ་མོན་རྣམས་ཀྱིས་འཁྲུད་བྱེད་ཅིང་བཞེས་སམ་གུ་ཡུ་ཞེས་པ་ཡིན༽དང༌། །ནཱ་ག་པུཥྤེ་གེ་སར་དང་རྩ་ག་པུར་པུ་ཤེལ་རྩེ། ཤིང་ཚ་མཐུག་པོ་དྭ་ཚ་ཡ་བཀྵ་ར་བཟང་པོ་ཛཱ་སུག་ཀ་གསུམ། །མར་ཆང་སྨན་ཆང་གི་སྐབས་ལྟར་བྱས་པ་བུ་རམ་སྲང་ལྔ་ལ་སྨན་བཏབ་པས་ཏིང་ཁྲོལ་ཞེས་གྲགས་རིལ་བུ་དྲིལ། དེའི་མིང་ལ་ད་ལིས་འཇུ་བྱེད་རིལ་བུཞེས་པས་སྐྱ་རྦབ་འཇོམས། །གུར་ཀུམ་མ་ནུ་པཏྲ་ཀ་པེད་བྱི་ཏང་ག གོ་ཡུ་པ་ཏྲ་སྦྲང་སྦྱར་རིལ་བུས་སྐྱ་རྦབ་དང༌། །ཤ་སེར་མཆིན་ནད་རླན་གྲང་སྦོས་པ་འཇོམས། །ད་ལིས་དབྱི་མོང་ཕོ་བ་རིས་དང་བཅའ་སྒ། །བྱི་ཚེར་པུ་ཙེ་ཤེལ་དང་དྲི་བཟང་བཞིཡན་ལག་བརྒྱད་པའི་མདོར་གནས་ཀྱི་ལེའུར་དྲག་པར། །ཤིང་ཚ་སུག་སྨེལ་པ་ཏྲ་གསུམ། །གེ་སར་དང་བཅས་དྲི་བཟང་བཞི། །ཞེས་གསུངས་པའི་པཏྲ་ནི་གོ་ཡུ་ཡིན་ནོ། །བུ་རམ་རིལ་བུས་མཆིན་སྐྲན་དབུགས་མི་བདེ། །ལུད་པ་གཞང་འབྲུམ་རྟུག་སྐམས་འཇོམས་པར་བྱེད། །ཚ་བ་སྒ་པི་ཕོ་དབྱི་ཙི་ལྔ་དང་བུ་རམ་རིལ་བུ་ཡིས། །རྩིབ་ལོགས་གཟེར་དང་སྙིང་འདར་ཡིད་འཆུས་སེལ། །སུག་སྨེལ་ཤིང་མངར་རྒྱམ་ཚྭ་ཙི་ཏྲ་ཀ །ཚ་བ་སྒ་པི་ཕོ་གསུམ་དང་ལྕེ་མྱང་ཁ་རུ་ཚྭ། །བུ་རམ་རིལ་བུས་གྲང་སེལ་སྐྲན་རྣམས་འཇོམས། །སེ་འབྲུ་པི་པི་ལིང་དང་བུ་རམ་སྦྱར། །རིལ་བུས་མ་ཞུ་སྐྱུག་པ་སེལ་བར་བྱེད། །དུར་ཐོད་མི་རུས་རྙིང་པ་ཤ་རུ་སྤེན་མའི་ཐལ་བ་རྣམས་དུ་བ་མ་ཤོར་བར་བསྲེགས་པ་གསུམ། །ཙ་བྱ་དབྱི་མོང་དཀར་པོ་ཨ་རུའི་རིལ་བུས་དམུ་རྫིང་སྐེམ། །དབྱི་མོང་དཀར་པོ་སུག་སྨེལ་སྡིག་པ་ཚ་བ་སྒ་པི་ཕོ་གསུམ། །རྒྱ་ཚྭ་སྦྲང་རྩིའི་རིལ་བུས་ཆུ་སོར་ན་ཟུགཡོད་པ་དང་། །མེ་ཉམས་མཁལ་རྐེད་དཔྱི་མིག་གཟེར་བ་སེལ། །ཟི་ར་ནག་པོ་བཅའ་སྒ་ཤིང་ཀུན་བྱི་ཏང་ག །རྒྱ་ཚྭ་སྦྲང་སྦྱར་རིལ་བུ་སོ་གང་ན་བ་དེའི་སྟེང་དུ་བཞག །སྲིན་འཇོམས་ཡུན་རིང་པོར་བསྟེན་ན་སོ་ཡི་བཅུད་ལེན་དུ་ཡང་འགྱུར

དེ་སོགས་རིལ་བུ་གང་སྦྱོར་ཡང་སྨན་རྣམས་སོ་སོར་ཞིབ་པར་བཏགས་ལ། །རྟ་མེད་ཐམས་ཅད་ཆུ་ལ་སོགས་པ་རླན་གྱིས་བྲན་གར་སླ་ཞོ་ཙམ་འདམ་བཏགས་བྱ། །ཞིབ་ནས་འདམ་འཐག་སླ་དུས་སྔོ་གར་དུས་སེར་བ་ཞིབ་པའི་རྟགས་ཡིན་པས་དེ་མེད་པར་གར་སླ་གང་གིའི་དུས་ཀྱང་ནག་པོ་དེ་རིལ་བུ་སྲན་མ་ཕོས་པ་ཙམ་དུ་དྲིལ། །དུག་གིས་གཙོ་བྱས་པ་རྣམས་སྲན་མ་ཆུང་ཤོས་ཙམ། ཀར་བུར་སྦྲང་སོགས་རྟ་དང་སྦྱར་ན་མ་སླས་པར་དྲིལ་བཏུབ་ཙམ་ལ་རིལ་བུ་བྱས་ལ། །རིལ་བུ་ཆེ་ཆུག་ནི་ཆེ་བ་ལུག་རིལ་ཙམ་དང་ཤིན་ཏུ་ཆེབ་སེར་བ་རུས་ཙམ་དུ་དྲིལ། རིལ་བུ་ཤིན་ཏུ་ཆུང་བ་རྣམས་མིད་ལ་ཆེ་བ་མུར་བར་བྱ། །ཞེས་གསུངས་སོ།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་རིལ་བུའི་སྡེ་ཚན་བསྟན་པའི་ལེའུ་སྟེ་ལྔ་པའོ 

 

མཐའ་མའི་འདོན་ཐེངས་།: 23.02.2021 ཉིན། 3:53 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།