སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་རེ་བདུན་པ། རྨེན་བུ་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.02.2021
མན་ངག་རྒྱུད། >>

 ལེའུ་རེ་བདུན་པ། རྨེན་བུ་བཅོས་པ།

དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག རྨེན་བུའི་ནད་ལ་རྒྱུ་རྐྱེན་དབྱེ་བ་དང༌། །རྟགས་དང་བཅོས་ཐབས་རྣམ་པ་བཞི་ཡིས་བསྟན།།

སྤྱི་དོན་དང་པོ་རྒྱུ་རྐྱེན་དྲག་ཤུལ་རྐྱེན་གྱིས་འགྲམས་པའམ། །རླུང་ཁྲག་འཁྲུགས་པ་རྨེན་བུ་ཡན་ལག་བརྒྱད་པར། ནང་གིི་བད་ཀན་ཤས་ཆེ་བ། །ཁྲག་དང་ཤ་དང་ཚིལ་ལ་བསྟེན། །ཟླུམ་ཤིང་མཐོ་ལ་སྲ་བ་སྟེ། །མདུད་པ་འདྲ་བས་རྨེན་བུར་བཤད། །ཅེས་གསུངས་སོ་ལ་བརྟེན་སྐྲངས། །ཕལ་ཆེར་སྐེ་མཇིང་མིག་ཟུར་སྣེ་ས་བཞིར་མང༌།།

སྤྱི་དོན་གཉིས་པ་དབྱེ་བ་རླུང་མཁྲིས་ཁྲག་དང་བད་ཀན་དང༌། །ཤ་ཚིལ་རྩ་དང་འབྲས་དང་བརྒྱད་དུ་བཤད།།

སྤྱི་དོན་གསུམ་པ་དེ་རྟགས་དང་པོ་རླུང་གྱུར་རྒྱ་ཆེ་རྐྱལ་བ་བུས་པ་འདྲར་གཡོ། །གཉིས་པ་མཁྲིས་གྱུར་དམར་སེར་དྲོད་ཆེ་ཚ་ལ་རྣག །གསུམ་པ་ཁྲག་གྱུར་དྲོད་ཆེ་ཚ་དམར་རྩ་ཐོག་འབྱུང༌། །བཞི་བ་བད་ཀན་ཟུག་ཆུང་སྐྲངས་སྲ་ལ་བསིལ་བས་རྣག་དཀའ་སྐྱ་བ་ཡིན། །ལྔ་བ་ཤ་རྨེན་སྲ་ལ་རྒྱ་ཆེ་འཇམ་ཞིང་སྣུམ། །དྲུག་པ་ཚིལ་རྨེན་མདོག་དཀར་བསིལ་ཞིང་འཕེལ་འབྲི་ཆེ་ཤ་སྙོམ་སོང་ན་རྨེན་བུ་ཆེ་ན་རྨེན་བུ་ཆུང་། །བདུན་པ་རྩ་རྨེན་རྩ་སྟེང་སྙི་ལ་རྩ་གྲུམ་ལ་མནན་ན་འགུལ་བ་སྲིའོ། །བརྒྱད་པ་འབྲས་རྨེན་མཁྲང་སྲ་འདྲིལ་གཏིང་ཟུག་འཕེལ་འབྲི་ཆུང༌། །རྨེན་བུ་ཁ་ཅིག་རང་བཞིན་ཞི་འམ་འཕེལ་རྒྱས་བྱེད། །ཁ་ཅིག་ཟུག་མེད་ཁ་ཅིག་ཟུག་གཟེར་ཆེ། །ལ་ལ་སྨིན་དཀའ་ལ་ལ་མྱུར་དུ་རྣག །སྲ་ལ་སྨིན་དཀའ་ཉུང་གཤེར་འཁྱགས་འདྲ་དང༌། །རྩ་ལ་འབྲོས་ཤིང་འཕེལ་སྐྱེན་པས་པགས་པ་འགས་པ་སྤང་བར་བྱ།།

སྤྱི་དོན་བཞི་བ་བཅོས་ཐབས་གསུམ་ལས་དང་པོ་གསར་དུས་ནད་སྟོབས་ཆུང་བ་ལ། །སྤྲ་ཚིལ་སྦྲང་རྩིའི་སྙིགས་མ་ཤོག་བུ་ལ་བསྐུས་བསྲོས་པ་གླན། །རྒྱམ་ཚྭ་བཅའ་སྒ་གཉིས་ཀྱི་ཚན་དོས་བདུག་ཅིང་མཉེ། །མ་ཞི་སྟེང་དུ་མེ་ཡིས་འཚོས་པར་བསྲེག །གཉིས་པ་ནད་སྟོབས་ཟླ་བ་གསུམ་ལོན་འབྲིང་ལ་བྲག་ཞུན་དྲི་ཆུ་བྱུག །ཡང་ན་ཀླད་རུལ་ཚྭ་དང་སྦྱར་བ་བྱུག །ཨ་རུ་གུ་གུལ་སྐྱེར་པ་བ་ཆུ་བཏུང༌། །མ་ཞི་འབམ་པོ་བྱ་བྲས་ཕུག་རོན་བྲུན་རྣག་ཏུ་དགུག །གསུམ་པ་ཟླ་བ་བཞི་ལྔ་ནས་རྙིངས་ཤིང་རྒྱས་ནས་རླུང་སྨན་ལྟར་སྣུམ་འཆོས་དུགས་བྱས་ལ། །ཕྱི་རྒྱུད་ལྟར་དན་ད་དུར་བྱིད་ཀྱི་ལྕེ་བུ་རམ་ལྟོ་དང་རྩས་སྦྱང་གང་ཉེའི་རྩ་ལ་གཏར། །ཆུ་མ་རྩི་མཁའ་མཁྲོ་ལ་དང་སྒོང་ཐོག་བྲག་ཞུན་དང་། །བུལ་ཏོག་དྲི་ཆུ་སྦྱར་བས་བྱུག་པར་བྱ། །མ་ཐུབ་བསྲེགས་སྟེང་ཁྲ་བོའི་ལུམས་ཀྱིས་གདུལ། །གཞུང་འདིའི་ཡན་ལག་གི་རྨ་གསོ་བར། དེས་ཀྱང་མ་ཐུབ་པ་ཁྲ་བོའི་ཆས་ཀྱི་གདུལ། །ཡུང་སྐྱེར་ཆུ་རྩ་བཙོད་ཞུམ་ཕབས་ཚོས་རམས། །སོ་ཐོག་ཝ་སྤྱང་གོང་མོ་སྦྲེ་སྤྲེལ་བྲུན། །རི་བོང་རིལ་མ་ཞུན་བསྣན་གང་འཕྲོད་སྦྱར་པ་དེའོ། རྣག་ཏུ་ཁུགས་ནས་འབྲས་ལྟར་བཅོས་པར་བྱ། །ཟུག་ཆུང་རབ་འཕྱང་རྩ་བར་བཅད་ལ་བསྲེག །བད་རླུང་སྟག་ཚེར་ཀཎྚ་ཀ་རི་དཀར་སྨུག་གཉིས་ཡིན་སེང་ཚེར་ཙི་ཏྲ་ཀ །པི་པི་ལིང་གི་སྨན་མར་སྣུམ་ཟ་བྱུག་རྗེས་དན་ད་དུར་བྱིད་ཀྱི་ལྕེ་བུ་རམ་གྱིས་སྦྱང༌། །རྒྱམ་ཚྭ་སྒ་མར་བྱུགས་སྟེང་ཨ་སས་བདུག །ཁྲག་མཁྲིས་ཨ་རུ་རྒྱ་སྐྱེགས་ཙན་དན་དང༌། །ཧོང་ལེན་ཤུ་དག་སྦྲང་དང་སྦྱར་ལ་བཏང༌། །ཀྱི་ལྕེ་བྲག་ཞུན་ཧོང་ལེན་དྲི་ཆུ་བྱུག །ཤ་རྨེན་གཅན་གཟན་ཤ་སྣ་བཙོས་ལ་བདུག །ཚིལ་གྱུར་གུ་གུལ་བྲག་ཞུན་སྤང་སྤོས་སྐྱེར་ཁཎྚ་རྒྱ་སྤོས་སྦྲང་རྣམས་བཟའ་ཞིང་བྱེ་རུག་བདུག །སྔོ་སྨན་འཁྲུངས་དཔེར། བྱེ་རུག་པ་ཡི་མཚན་ཉིད་ནི། །ལོ་མ་མཐིལ་ཤུན་རྔ་ཡབ་འདྲ། །འབྲས་བུ་མུ་མེད་མཆོད་རྟེན་འདྲ། །རོ་ནི་བསྐ་ལ་ཡིད་ཙམ་ཚ། །བོད་ཀྱི་ཞིང་གི་མུ་ལ་སྐྱེ། །ཞེས་པ་སྟེ་ནུ་མ་ཐོག་པའོ།  །རྩ་རྨེན་གོང་འོག་བསྲེག་ཅིང་གང་ཉེ་གཏར། །འབྲས་མཁྲང་ལུམས་ཀྱིས་འབྲས་འདུལ་མི་ཡི་རྐང་མགོ་ཉ་ཡི་ཤ། །སྤྲུ་རྩ་རེ་ལྕག་ཆང་བཙོས་ལུམས་སུ་གཞུག། །ཅེས་པ་དེའོ། །བཏུལ་ལ་དེ་རྗེས་བསྲེག །ཅེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་རྨེན་བུ་བཅོས་པའི་ལེའུ་སྟེ་དྲུག་ཅུ་རྩ་བདུན་པའོ།།  །།

མཐའ་མའི་འདོན་ཐེངས་།: 23.02.2021 ཉིན། 2:37 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།